དབུ་ཤོག>གསར་འགྱུར།
  • ཀྲུང་གོ་ཞིང་ལས་འཕེལ་རྒྱས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་རོགས་སྐྱོར་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-02-14

    ཟླ་2ཚེས་7ཉིན། ཀྲུང་གོ་ཞིང་ལས་འཕེལ་རྒྱས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་གིས་ཡིད་རྟོན་དངུལ་བུན་ལས་སྒོའི“འཕྲལ་མཁོའི་ཐབས་ལམ”བརྒྱུད། བོད་ལྗོངས་སྐུ་ལྷ་དར་གདོང་ཚོང་དོན་ཚད་ཡོད་ཀུང་སིར་འཕྲལ་མཁོའི་དངུལ་བུན་སྒོར་ཁྲི་400བཏང་ནས་འབྲེལ་ཡོད་ཁེ་ལས་ཀྱིས་འབྲས་དོ་པོ་6400དང་། གྲོ་ཞིབ་དོ་པོ་3500 ཟ་སྣུམ་འགྱིག་དམ་3600སོགས་གཅིག་སྡུད་ཉོ་སྒྲུབ་བྱེད་པར་རྒྱབ་སྐྱོར་བྱས་ཤིང་། ཤེས་རྟོགས་བྱུང་བར་གཞིགས་ན། དངུལ་བུན་དེ་ནི་རང་ལྗོངས་ཀྱི་དམངས་འཚོའི་དངོས་ཟོག་མཁོ་སྤྲོད་འགན་ལེན་གྱི་འཕྲལ་མཁོའི་དངུལ་བུན་ཐོག་མ་དེ་ཡིན་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གོ་ཞིང་ལས་འཕེལ་རྒྱས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་ལྗོངས་ཡོངས་ཀྱི་འབྲེལ་ཡོད་ཁེ་ལས་30ལྷག་ཙམ་དང་གཅིག་མཇུག་གཉིས་མཐུད་ངང་འབྲེལ་མཐུད་བྱས་ཡོད་པ་དང་། མིག་སྔར་དངུལ་བུན་གཞན་དག་ཁག་གཅིག་ཡིད་རྟོན་དངུལ་བུན་ལྗང་མདོག་ཐབས་ལམ་བརྒྱུད་ཞིབ་མཆན་དང་དངུལ་བུན་གཏོང་བའི་ལས་དོན་སྤེལ་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།