
ཁྲུང་ཆིང་གྲོང་ཁྱེར་ཧྲ་ཕིང་པ་ཆུས་ཚེ་ཆི་ཁེའུ་ཁྲོམ་གཞུང་ཚེ་ཅན་གྲོང་ཚོའི་སྡེ་ཁུལ་དུ་འོན་ལྐུགས་ཁྱིམ་ཚང་144ཡོད་པ་ལས། འོན་ལྐུགས་རྒན་རྒོན་མང་ཆེ་བས་ཡི་གེ་ཤེས་ཀྱི་མེད། དེར་བརྟེན་སྡེ་ཁུལ་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲེང་ཀྲུའུ་ལིན་གྱིས་སྡེ་ཁུལ་གྱི་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་མཁན་དང་ལོ་67ལ་སླེབས་པའི་ལག་བརྡ་ཤེས་མཁན་ཏང་ཡོན་ཁྲེན་ཤིས་ལུན་ལས་གྲུབ་པའི་དམིགས་བསལ་ཚོགས་ཆུང་བཙུགས་ཏེ་མཉམ་དུ་སྡེ་ཁུལ་གྱི་འོན་ལྐུགས་ཁྱིམ་ཚང་གི་སྒོ་རྩར་བསྐྱོད་དེ་དུད་ཚང་གི་མི་གཅིག་ཀྱང་མ་ལུས་པར་དྲིལ་བསྒྲགས་བྱས་ཡོད། འདི་ནི་ཚེ་ཅན་གྲོང་ཚོའི་སྡེ་ཁུལ་གྱི་ཀུའོ་ཧྲེང་སན་ཆན་གྲོང་གི་གྲོང་མིའི་ཁུལ་དུ་ནང་སྡེ་ཁུལ་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲེང་ཀྲུའུ་ལིན(གཡས་ཀྱི་དང་པོ)དང་། དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་མཁན་ཀྲེང་དབྱིས(གཡོན་གྱི་གཉིས་པ) ཏང་ཡོན་ཁྲེན་ཤིས་ལུན(གཡས་ཀྱི་གཉིས་པ)བཅས་ཀྱིས་ཁུལ་ཆུང་གི་ལྡུམ་རའི་ནང་འཆམ་འཆམ་དུ་འགྲོ་བའི་འོན་ལྐུགས་རྒན་རྒོན་ལ་གང་ཐུབ་ཅི་ཐུབ་ཀྱིས་ཕྱིར་ཉུང་ཙམ་སྐྱོད་དགོས་པའི་དྲན་སྐུལ་བྱེད་བཞིན་པ།