ཀྲུང་གོ་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་ཉིན་ཤས་གོང་ཡོངས་བསྒྲགས་བྱས་དོན།
སྤྱིར་བཏང་གི་གནས་ཚུལ་འོག མྱུར་སྐྱེལ་བསྐུར་མ་སྐྱེལ་འདྲེན་བྱེད་རིང་ཏོག་གསར་གློ་ཚད་འགོ་ཉེན་ཆུང་ཙམ་ཡོད། མིག་སྔར་མྱུར་སྐྱེལ་བསྐུར་མ་བླངས་ནས་ཏོག་གསར་གློ་ཚད་འགོས་པའི་གནས་ཚུལ་ཐོན་མེད།
གསར་དུ་ཡོངས་བསྒྲགས་བྱས་པའི《ཏོག་གསར་གློ་ཚད་རིམས་ནད་སྨན་བཅོས་ཇུས་གཞི(ཚོད་ལྟའི་ལག་བསྟར་པར་གཞི་ལྔ་པ)》ལས་མངོན་དོན།
ཏོག་གསར་གློ་ཚད་འགོ་ལམ་གཙོ་བོ་ནི་དབུགས་ལམ་གྱི་མཆིལ་མའི་ཟེགས་མ་དང་འབྲེལ་འདྲིས་དབང་གིས་འགོ་ཡི་ཡོད།
ཀྲུང་གོ་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་གྲོས་འགོ་བཏོན་དོན།
བསྐུར་མ་ལེན་མཁན་གྱིས་ཁྱིམ་དུ་མྱུར་སྐྱེལ་བསྐུར་མ་ལེན་པའམ་ཡང་ན་སྡེ་ཁུལ་གྱི་སྒོ་འགྲམ་ནས་བསྐུར་མ་ལེན་སྐབས། ཡག་ཤོས་བྱུང་ན་ཁ་རས་རྒྱག་པ་དང་ལག་ཤུབས་གྱོན་དགོས། བསྐུར་མ་ཁ་ཕྱེ་ནས་ཅ་དངོས་བཏོན་རྗེས།
དུས་ཐོག་ཏུ་ལག་ཤུབས་འབུད་པ་དང་འབྲེལ་ཆུ་ཀ་ལའི་འོག་ལག་པ་འཁྲུད་པའམ་ཡང་ན་དུག་སེལ་སྨན་ཆུས་ལག་པ་འཁྲུད་དགོས།
མི་སྣ་རུབ་འཛོམས་བྱ་རྒྱུ་མེད། ཆ་རྐྱེན་ཡོད་སར་མྱུར་སྐྱེལ་བར་བསྐུར་མ་མྱུར་སྐྱེལ་སྒམ་དུ་བླུག་དགོས་པའི་རེ་བ་འདོན་དགོས།