ཟླ་2ཚེས་6ཉིན། སྔོ་ཚལ་དང་ཤིང་འབྲས་ཏུན་300ལྷག་ཙམ་བླུགས་པའི་རླངས་འཁོར་17སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་ཕུའུ་ཅང་རྫོང་ཧྲོའུ་ཨན་གྲོང་རྡལ་ནས་ཝུའུ་ཧན་ཕྱོགས་སུ་ཐོན་ཞིང་། ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་ཕན་རྩ་འཛུགས་ཀྱིས་གྲོས་འགོ་བཏོན་པའི་སྔོ་ཚལ་དང་ཤིང་འབྲས་ཞལ་འདེབས་ཀྱི་བྱེད་སྒོར་ཁྲེང་ཏུའི་ཞིང་ལས་མཉམ་ལས་ཁང་དང་། ཁྱིམ་ཚང་ཞིང་ར། གཅེས་སེམས་ཚོགས་པ། ཁེ་ལས་བཅས་20ལྷག་ཙམ་ཞུགས་ཡོད་པ་རེད། འདི་ནི་དང་བླངས་པས་སྔོ་ཚལ་དང་ཤིང་འབྲས་རླངས་འཁོར་ནང་བླུག་བཞིན་པ།