དབུ་ཤོག>གསར་འགྱུར།
  • “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”ཕན་འབྲས་ལ་བརྟེན་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-02-13

    ཉིན་ཤས་གོང་། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཆེད། ནག་ཆུ་གྲོང་ཁྱེར་གྱིས་རང་སྐྱོང་ལྗོངས་ཀྱི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བྱེད་སྒོ་གཞུང་ལས་ཁང་གི་བླང་བྱ་གཞིར་བཟུང“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”རྩ་འཛུགས་མ་ལག་དང་སྒྲོག་འགྲེལ་མ་ལག་གི་ནུས་པ་འདོན་སྤེལ་ཧུར་ཐག་དང་སྐུལ་སློང་རྒྱ་ཁྱབ་བྱས་ཏེ་ཏོག་གསར་གློ་ཚད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཏན་ཏིག་སྤེལ་བར་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་ཁས་ལེན་དང་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ་རེད།

    ནག་ཆུ་གྲོང་ཁྱེར་གྱི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བྱེད་སྒོ་གཞུང་ལས་ཁང་གིས་རང་སྐྱོང་ལྗོངས་ཀྱི་བརྡ་ཐོའི་བླང་བྱར་ནན་པོར་གཞིགས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་དེ་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་དང་འཕྲོད་བསྟེན་བདེ་ཐང་ཁྱབ་ཁོངས་ཀྱི་དོན་ཆེན་ཨང་དང་པོར་བརྩིས་ནས་ལག་བསྟར་དོན་འཁྱོལ་ནན་ཏན་དང་། རིམ་ཁག་རྩ་འཛུགས་ཀྱི་སྟོབས་ཤུགས་དང་སྒྲོག་འགྲེལ་གྱི་སྟོབས་ཤུགས་སྐོང་འཐེན། ལྷག་པར་དུ་ཞིང་འབྲོག་པའི་སྒྲོག་འགྲེལ་པའི་ནུས་པ་འདོན་སྤེལ་ཧུར་ཐག རིམས་ནད་སྔོན་འགོག་ཚོད་འཛིན་རིང་གི་ཞིང་འབྲོག་པའི་སྒྲོག་འགྲེལ་པའི་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་ཧུར་ཐག སྒྲོག་འགྲེལ་པས་སྐད་འཕྲིན་ཚོགས་པ་དང་། QQཚོགས་པ། གྲོང་ཚོ་ཨུ་ལྷན་གྱི་རྒྱང་བསྒྲགས། སྒུལ་བདེའི་དྲིལ་བསྒྲགས་རླངས་འཁོར་སོགས་སྤྱད་ནས་རྒྱུན་མཐུད་སྒྲོག་འགྲེལ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་རྒྱ་ཆེའི་འབྲོག་པ་མང་ཚོགས་ལ་ཏོག་གསར་གློ་ཚད་སྔོན་འགོག་ཚོད་འཛིན་གྱི་སྔོན་འགོག་བྱེད་ཐབས་དང་དོ་སྣང་བྱེད་དགོས་པའི་དོན་ཚན་ཁྱབ་གདལ་བཏང་བ་རེད། རྒྱང་བསྒྲགས་ས་ཚིགས177དང་། སྒུལ་བདེའི་དྲིལ་བསྒྲགས་རླངས་འཁོར། དྲིལ་བསྒྲགས་སྦྱར་ཡིག་སོགས་ཀྱི་ཐབས་ལམ་སྤྱད་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འབྲེལ་ཡོད་ཤེས་བྱ་རྒྱུན་མཐུད་དྲིལ་བསྒྲགས་བྱས་ནས་མང་ཚོགས་ཀྱི་འགོག་སྲུང་འདུ་ཤེས་ཟབ་ཏུ་དང་འགོག་སྲུང་ནུས་པ་ཆེ་རུ་འགྲོ་བར་ཁྲིད་སྟོན་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།