དབུ་ཤོག>གསར་འགྱུར།
  • དངོས་ཟོག་སྐྱེལ་འདྲེན་དང་འགྲུལ་པ་འགྲོ་སྐྱོད་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-02-13

    ཉིན་ཤས་བསྟུད་མར། དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་དང་། ལྗོངས་ནང་ཁུལ་གྱི་གནམ་ཐང་ཁག མཁའ་འགྲུལ་ཀུང་སི་ཁག་སོགས་སྡེ་ཚན་དང་ཁེ་ལས་ཀྱིས་རིམས་ནད་མཆེད་པའི་ཁྱད་ཆོས་ལ་དམ་པོར་དམིགས་པ་དང་རང་ངོས་ཀྱི་ལས་ཀའི་དོན་དངོས་ལ་གཞིགས་ཏེ། དམག་འཐབ་དྲག་པོ་རྒྱག་པའི་སྤྱོད་ཚུལ་དར་སྤེལ་གཏོང་བ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས་རིམས་ནད་ཐོན་རིང་གི་ལས་དོན་ཁག་རྒྱུན་གཏན་ལྟར་སྤེལ་རྒྱུའི་འགན་ལེན་བྱས་ཡོད།

    འགྲུལ་པ་ཚོར་དགོས་ངེས་ཀྱི་བདེ་འཇགས་ཕྱིར་སྐྱོད་ཀྱི་འགན་ལེན་མཁོ་འདོན་བྱེད་པ་དང་ཆབས་ཅིག དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་ཀྱིས་སྨན་བཅོས་དངོས་རྫས་དང་འཚོ་བའི་མཁོ་ཆས་སྔོན་ལ་འགན་ལེན་བྱས་ཡོད། ཟླ་1ཚེས་24ཉིན་ནས་ཟླ་2ཚེས་6ཉིན་བར། ལྷ་ས་གོང་དཀར་གནམ་ཐང་གིས་ཁ་རས་དང་། ཚ་བ་འཇལ་ཆས། འགོག་སྲུང་མིག་རས་སོགས་སྤྱི་རྒྱ་20607ཡོད་པའི་འཕྲོད་བསྟེན་རིམས་ནད་སྔོན་འགོག་དངོས་རྫས་1958དང་། སྤྱི་རྒྱ་93237ཡོད་པའི་སྔོ་ཚལ་དང་ཤིང་ཏོག་སྒམ་5583དབོར་འདྲེན་འགན་ལེན་བྱས་ཡོད།

    ཏོག་གསར་གློ་ཚད་ཐོན་ཚུན། ཉིང་ཁྲི་གནམ་ཐང་གིས་འབྲེལ་ཡོད་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་ཐབས་ཇུས་བཀོད་སྒྲིག་ཁག་གི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཤིང་། ཉིང་ཁྲི་གནམ་ཐང་གི་ཀྲན་ཀྲང་གཞོན་པ་ཀུང་ཅེ་ཁྲང་གིས“མིག་སྔར། ཉིང་ཁྲི་གནམ་ཐང་གིས་ཉིང་ཁྲི་གྲོང་ཨུད་དང་སྨན་གླིང་རྫོང་རིམས་ནད་ཚོད་འཛིན་ལྟེ་གནས་དབར་ལས་ཀའི་ལམ་སྲོལ་བཟང་པོ་བཙུགས་ཏེ་སྨན་གླིང་རྫོང་རིམས་ནད་ཚོད་འཛིན་ལྟེ་གནས་ཀྱིས་ཉིན་ལྟར་སྨན་དོན་མི་སྣ་10ནས་12བར་གནམ་ཐང་དུ་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་གཞོགས་འདེགས་བྱེད་པར་མངགས་པ་དང་། གནམ་ཐང་ནས་འགྲོ་སྐྱོད་བྱེད་མཁན་འགྲུལ་པར་ཚ་བ་ལྟ་བའི་ལས་དོན་སྤེལ་བ། གནམ་ཐང་དུ་རིམས་ནད་སྔོན་འགོག་གི་དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ། གནམ་ཐང་དུ་དུག་སེལ་བྱེད་པའི་ལས་དོན་དང་གནམ་ཐང་གི་སྨན་རྫས་རོ་ཏོ་ཐག་གཅོད་བྱེད་པའི་ལས་དོན་ལ་མཛུབ་ཁྲིད་བྱས་པ་མ་ཟད། གནམ་ཐང་གི་ཁོར་ཡུག་གཙང་སྦྲ་བར་གནམ་གྲུའི་གད་སྙིགས་གཙང་སེལ་དང་། དེ་བཞིན་མི་སྒེར་གྱི་འགོག་སྲུང་ལས་དོན་སྤེལ་བ། ཚ་རྒྱས་ནད་པ་ལྟ་ཞིབ་ཁང་དུ་ཚ་བ་ཡང་བསྐྱར་ལྟ་བའི་ལས་དོན་སོགས་གསོ་སྦྱོང་བྱས་ཡོད”ཅེས་བརྗོད།

    ཏོག་གསར་གློ་ཚད་ཐོན་ཚུན། མཁའ་འགྲུལ་སྨན་དོན་མི་སྣས་རིམས་ནད་སྔོན་འགོག་ཚོད་འཛིན་ཚོགས་ཆུང་མྱུར་དུ་བཙུགས་ཏེ་དུས་གཏན་གནམ་གྲུ་འགན་ལེན་དང་། མི་སྣ་དོ་དམ་ཚོད་འཛིན། རིམས་ནད་སྙན་ཞུ་སོགས་ལ་ཤུགས་སྣོན་རྒྱག་པའི་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ་ཕྱོགས་ཁག་ནས་ཐོན་ཁུངས་སྐོང་འཐེན་དང་། དངོས་ཟོག་གྲབས་གསོག“རིམས་ནད་སྔོན་འགོག”གི་འཐབ་ས་དང་པོར་ཞུགས་པ་བཅས་ཀྱིས་ནུས་ཤུགས་ཡོད་རྒུས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་བསྒྲུབས་པ་རེད། ཟླ་2ཚེས་6ཉིན་བར་བོད་ལྗོངས་མཁའ་འགྲུལ་སྨན་བཅོས་འཕྲོད་བསྟེན་ལྟེ་གནས་ཀྱིས་མི་ཐེངས་5388ལ་ཚ་བ་བལྟས་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་རིམས་ནད་སྔོན་འགོག་གི་རྣམ་པ་བཟང་པོ་ཞིག་བཏོད་དེ་ཐབས་ལམ་སྣ་མང་སྤྱད་དེ་ཏོག་གསར་གློ་ཚད་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱ་ཐེངས་53དྲིལ་བསྒྲགས་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།