དབུ་ཤོག>གསར་འགྱུར།
  • གཏམ་བཟང་། བོད་ལྗོངས་ཀྱི་ནད་དཔེ་ཐོག་མ་དེ་དྲག་སྟེ་སྨན་ཁང་ནས་དོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-02-12

    1.jpg

    ཀྲང་ཆེ་གེ་མོ་སྨན་དོན་མི་སྣ་དང་མཉམ་དུ་སྨན་ཁང་ནས་དོན་ཡོང་བ།

        ཟླ་2ཚེས་12ཉིན། རང་སྐྱོང་ལྗོངས་རིམ་པའི་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞི་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པའི་སྨན་དོན་མི་སྣས་ཉིན་18ཡི་རིང་སྨན་བཅོས་དང་ནད་གཡོག་ཞིབ་ཚགས་བྱས་མཐར། རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་དཔྱད་དཔོག་བྱས་པ་བརྒྱུད། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཏོག་གསར་གློ་ཚད་གཏན་འཁེལ་བའི་ནད་དཔེ་ལོགས་སུ་འཇོག་མཚམས་གཞོག་པ་དང་སྨན་ཁང་ནས་དོན་པའི་ཚད་གཞི་གསར་ཤོས་དང་མཐུན་པའི་ངོས་འཛིན་བྱས་པས། བོད་ཀྱི་ཏོག་གསར་གློ་ཚད་ཕོག་པའི་ནད་དཔེ་ཐོག་མ་དེ་སེང་དྲག་བྱུང་སྟེ་དེ་རིང་སྨན་ཁང་ནས་དོན་པ་རེད། འདི་ནི་ད་བར་བོད་དུ་ནད་གཞི་གཏན་འཁེལ་བྱུང་བའི་ཏོག་གསར་གློ་ཚད་ཕོག་མཁན་གཅིག་པུ་དེ་རེད།

    2.jpg

    བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པའི་སྨན་དོན་མི་སྣས་རུ་སྒྲིག་ནས་ཀྲང་ཆེ་གེ་མོ་སྨན་ཁང་ནས་དོན་པར་དགའ་སྐྱེལ་ཞུས་པ།

       ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་སེང་དྲག་བྱུང་སྟེ་སྨན་ཁང་ནས་དོན་པའི་བོད་ལྗོངས་ཀྱི་ཏོག་གསར་གློ་ཚད་ཕོག་མཁན་དང་པོ་ཀྲང་ཆེ་གེ་མོ་ཟླ་1ཚེས་22ཉིན་ཝུའུ་ཧན་ཝུའུ་ཁྲང་ནས་མེ་འཁོར་ལ་བསྡད་དེ་ཚེས་24ཉིན་ལྷ་སར་འབྱོར་བ་རེད། ཟླ་1ཚེས་25ཉིན་གྱི་ཆུ་ཚོད་21དང་སྐར་མ་53ལ་བོད་ལྗོངས་ཏོག་གསར་གློ་ཚད་གནས་གཏན་འཁེལ་གྱི་སྨན་བཅོས་སྨན་ཁང་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པར་ཉར་སྡོད་བྱས་པ་རེད། ཟླ་1ཚེས་30ཉིན་ནད་དཔེ་གཏན་འཁེལ་བྱུང་རྗེས། ཐོག་མཐའ་བར་གསུམ་དུ་རླུང་གནོན་དམའ་བའི་ནད་ཁང་དུ་ལོགས་སུ་བཞག་ནས་སྨན་བཅོས་བྱས་ཤིང་། སྨན་བཅོས་ལ་ཞུགས་མཁན་སྨན་དོན་མི་སྣར་རིམ་གསུམ་འགོག་སྲུང་བྱས་པ་དང་ནད་པའི་འཚོ་བཅུད་བཟའ་བཅའ་ཚང་མ་སྨན་ཁང་གིས་རིམ་གསུམ་འགོག་སྲུང་ལ་ནན་པོར་གཞིགས་ནས་སྤྲད་པ་རེད།

    3.jpg

    ཀྲང་ཆེ་གེ་མོས་སྨན་དོན་མི་སྣར་བྲིས་པའི་ཐུགས་རྗེའི་ཞུ་ཡིག

        རང་སྐྱོང་ལྗོངས་རིམ་པའི་ཏོག་གསར་གློ་ཚད་སྨན་བཅོས་ཀྱི་གནས་གཏན་འཁེལ་གྱི་སྨན་ཁང་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པས་སྔ་རྗེས་སུ་པེ་ཅིང་དང་། ཧྲང་ཧའེ། རང་སྐྱོང་ལྗོངས་བཅས་ཀྱི་སྨན་བཅོས་རིགས་གཅིག་མཁས་ཅན་གདན་འདྲེན་ཐེངས་4ཞུས་ནས། ལྷན་འཛོམས་ནད་དཔྱད་དང་དམིགས་སའི་རང་བཞིན་གྱི་སྨན་བཅོས་ཇུས་གཞི་བཟོས་ཏེ། ནད་དཔེ་ཐོག་མ་དེར་ཉིན་18རིང་ནུས་ཤུགས་ཡོད་རྒུས་སྨན་བཅོས་བྱས་མཐར་སེང་དྲག་བྱུང་ནས་སྨན་ཁང་ནས་དོན་པ་རེད། 

    4.jpg

    ཀྲང་ཆེ་གེ་མོར་སྨན་བཅོས་བྱེད་མཁན་གྱི་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པའི་སྨན་དོན་མི་སྣ།

    གཞན་ཡང་། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་བསྡོམས་རྩིས་ལ་གཞིགས་ན། ཟླ་2ཚེས་11ཉིན་གྱི་ཆུ་ཚོད་0—24བར་ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)31དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱི་སྙན་ཞུའི་ནང་། གཏན་འཁེལ་བའི་ནད་དཔེ་2015(ཧུའུ་པེར་ནད་དཔེ་1638)མང་དུ་ཕྱིན་པ་དང་།  ནད་གཞི་ལྕི་བའི་ནད་དཔེ་871(ཧུའུ་པེར་ནད་དཔེ་897)མང་དུ་ཕྱིན་པ། གྲོངས་པའི་ནད་དཔེ་97(ཧུའུ་པེར་ནད་དཔེ་94དང་། ཧོ་ནན། ཧུའུ་ནན། ཁྲུང་ཆིང་བཅས་སོ་སོར་ནད་དཔེ་1)མང་དུ་ཕྱིན་པ། དོགས་ཡོད་ནད་དཔེ་3342(ཧུའུ་པེར་ནད་དཔེ་1685)མང་དུ་ཕྱིན་ཡོད།

        ཉིན་དེར་དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་དོན་པའི་ནད་དཔེ་744(ཧུའུ་པེར་ནད་དཔེ་417)མང་དུ་ཕྱིན་པ་དང་། འབྲེལ་ཐུག་དམ་ཟབ་བྱེད་མྱོང་ཡོད་པའི་མི་30068ལ་གསོ་རིག་གི་ལྟ་ཞིབ་བྱེད་མཚམས་བཞག་ཡོད།

    ཟླ་2ཚེས་11ཉིན་གྱི་ཆུ་ཚོད་24བར། ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)31དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱི་སྙན་ཞུའི་ནང་།   ད་ལྟ་གཏན་འཁེལ་བྱུང་བའི་ནད་དཔེ་38800(ནད་གཞི་ལྕི་བའི་ནད་དཔེ་8204ཚུད)ཡོད།རིམ་རྩིས་ལྟར་ན།  ནད་དཔེ་4740དྲག་སྐྱེད་བྱུང་ནས་སྨན་ཁང་ནས་དོན་པ། གྲོངས་པའི་ནད་དཔེ་1113ཡོད་པ།  གཏན་འཁེལ་བའི་ནད་དཔེ་44653ཡོད་པ།དོགས་ཡོད་ནད་དཔེ་16067ཡོད་པ། འབྲེལ་ཐུག་དམ་ཟབ་བྱེད་མྱོང་ཡོད་པའི་མི་451462རྩད་ཆོད་པ་དང་། འབྲེལ་ཐུག་དམ་ཟབ་བྱེད་མྱོང་ཡོད་པའི་མི་185037ལ་གསོ་རིག་གི་ལྟ་ཞིབ་བྱེད་བཞིན་ཡོད།

        རིམ་རྩིས་བྱས་ན།ཤང་ཀང་དང་། ཨའོ་མོན། ཐེ་དབན་བཅས་ས་ཁུལ་གྱི་བརྡ་ཁྱབ་ནང་། ནད་གཞི་གཏན་འཁེལ་བའི་ནད་དཔེ་77ཡོད་པ་ལས། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དུ་ནད་དཔེ་49(གྲོངས་པའི་ནད་དཔེ་1)དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་དུ་ནད་དཔེ་10(དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་དོན་པའི་ནད་དཔེ་1) ཐེ་དབན་ས་ཁུལ་དུ་ནད་དཔེ་18(དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་དོན་པའི་ནད་དཔེ་1)ཡོད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།