དབུ་ཤོག>གསར་འགྱུར།
  • རིམས་ནད་ལ་ཁ་གཏད་གཅོག་སྐབས་དཔོན་དམག་དང་ནང་མིའི་སེམས་ཁམས་ཀྱི་ཞབས་འདེགས་ཡག་པོ་ཞུས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-02-12

    ཉེ་ཆར། བོད་སྡོད་རྟེན་གཞི་ཞིག་གིས་སེམས་ཁམས་བློ་འདྲི་ཁང་དང་། སེམས་ཁམས་ཚད་ལེན་ཚོད་ལྟ་ཁང་། སེམས་ཁམས་ཟུར་ཁྲིད་ཁང་། སེམས་ཁམས་ཀྱི་གནོན་ཤུགས་ཆུང་གཏོང་ཁང་སོགས་ཀྱི་སྒྲིག་ཆས་འཐུས་སྒོ་ཚང་དུ་བཏང་སྟེ་རྒྱང་ཁྲིད་ནད་དཔྱད་དང“གཅིག་གཏད་གཅིག”གི་ཞབས་འདེགས་ཞུས་ནས་དཔོན་དམག་དང་ནང་མིའི་སེམས་ཁམས་ཀྱི་ཞབས་འདེགས་ལས་དོན་ཡག་པོ་ཞུས་ཡོད།

    ད་རེས་ཀྱི་རིམས་ནད་ཐོན་རིང་། དཔོན་དམག་དང་ནང་མིའི་སེམས་ཁམས་ཐད་ཚད་མི་འདྲ་བའི་གནད་ཚུལ་ཐོན་པར་དམིགས་ནས། རྟེན་གཞི་དེས་རྒྱུན་གཏན་གྱི་ལྟ་ཞིབ་དང་། ཁ་པར་བློ་འདྲི། རང་འགུལ་སྙན་སེང་། སེམས་ཁམས་ཚད་ལེན་ཚོད་ལྟ་བཅས་ཀྱི་མ་ལག་ལ་བརྟེན་ནས་དཔོན་དམག་དང་དཔུང་ཁག་ཏུ་སླེབས་པའི་ནང་མིའི་སེམས་ཁམས་འཁྱེར་སོར་ཞིབ་དཔྱད་བྱས་ཏེ། སེམས་ཁམས་ཀྱི་གནད་དོན་སྤྱིར་བཏང་དང་། སེམས་ཁམས་ཀྱི་གནད་དོན་ཚབས་ཆེན། སེམས་ཁམས་ཀྱི་འགོག་རྐྱེན་ཚབས་ཆེན་བཅས་སུ་དབྱེ་ནས་སོ་སོར་སེམས་ཁམས་ཞབས་ཞུའི་ཡིག་ཚགས་བཟོས་ཡོད། འགན་འཁྲི་ཁག་བགོས་ཞིབ་ཕྲ་བྱས་ཏེ་རྒྱུན་གཏན་གྱི་སེམས་ཁམས་ཞབས་འདེགས་རིམ་པ་ཁག་གི་སེམས་ཁམས་ཞབས་ཞུའི་བློ་འདྲི་ཁང་འགན་ཞིབ་ཕྲ་འཁུར་དུ་བཅུག་པ་དང་། སྤྱིར་བཏང་གི་སེམས་ཁམས་ནད་འཕྲོད་བསྟེན་ཁང་དུ་སྨན་བཅོས་བྱེད་པ། སེམས་ཁམས་ཚབས་ཆེ་རིགས་ཀྱི་གནད་དོན་དུས་ཐོག་ཏུ་སྨན་ཁང་ལ་སྐྱེལ་བ་བཅས་བྱས་པ་རེད། སེམས་ཁམས་སྦྱོང་བརྡར་གྱི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་ནས་ཁོངས་གཏོགས་ཀྱི་ལན་ཤོག་རིམ་པ་ཡན་གྱི་ཚན་པར་སེམས་སྡུག་རྗོད་ཁང་བཙུགས་པ་དང་འབྲེལ་རྒྱུག་ཤར་གློད་སའི་འཕྲུལ་ཆས་དང་། ལུས་སྦྱོང་རྐང་འཁོར། ཡོ་གའི་སྤོ་ལོ་སོགས་སྦྱོང་བརྡར་ཡོ་བྱད་སྒྲིག་སྦྱོར་བྱས་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔའི་བར། རྟེན་གཞི་དེས་དཔོན་དམག་དང་དེའི་ནང་མིར་སེམས་ཁམས་ཞབས་འདེགས་ཐེངས་1200ཞུས་པ་དང་། ཐེམ་ཁུངས་ཧུའུ་པེ་ནས་ཡིན་པའི་འཁོར་ཞག་སྡོད་བཞིན་པའི་དཔོན་དམག་40ལྷག་ཙམ་དང་ཁོ་ཚོའི་ནང་མིར་རྒྱང་ཁྲིད་སེམས་ཁམས་ཞབས་འདེགས་ཞུས་པ། རིམས་ནད་ཐོན་རྗེས་དཔུང་སྡེར་ལོག་པའི་ལས་བྱེད་པ་10ལྷག་ཙམ་ལ“གཅིག་གཏད་གཅིག”གི་སེམས་ཁམས་ཞབས་འདེགས་ཞུས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་རིང་གི་བདེ་འཇགས་བརྟན་ལྷིང་འགན་ལེན་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།