དབུ་ཤོག>གསར་འགྱུར།
  • “སྒྲ་དུང་ཆུང་ཆུང”ལ་བརྟེན་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱ་སྒྲོག་འགྲེལ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-02-11

    རིམས་ནད་འགོག་རྒོལ་གྱི་དྲིལ་བསྒྲགས་སློབ་གསོའི་གཞི་རྟེན་སྔར་བས་ཕུན་སུམ་ཚོགས་སུ་བཏང་ནས། ཞིང་འབྲོག་མང་ཚོགས་ཀྱིས་ཚན་རིག་དང་མཐུན་པའི་སྒོ་ནས་ཁ་གཏད་གཅོག་རྒྱུ་དང་རིམས་ནད་སྔོན་འགོག་བྱ་རྒྱུ་ཁྲིད་སྟོན་བྱ་ཆེད། ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་གིས་སྐོར་སྐྱོད“སྒྲ་དུང་ཆུང་ཆུང”གི་རྒྱང་བསྒྲགས་རུ་ཁག་བཙུགས་པ་རེད། “སྒྲ་དུང་ཆུང་ཆུང”རྒྱང་བསྒྲགས་རུ་ཁག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་སྐོར་གྱི་རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་བཅས་ཀྱི་བོད་སྐད་འཕྲིན་ལམ་གྱི་འབྲེལ་ཡོད་དཔྱད་གཞི་བསྡུ་ལེན་དང་རྩོམ་སྒྲིག་བྱས་ཁར། “སྒྲ་དུང་ཆུང་ཆུང”ནས་ཞིང་དུད་དང་སྲང་ལམ་དུ་རིམས་ནད་སྔོན་འགོག་ཤེས་བྱ་ཡང་ཡང་བཏང་བས་མང་ཚོགས་ཀྱི་བསྔགས་བརྗོད་ཐོབ་པ་རེད། མིག་སྔའི་བར། “སྒྲ་དུང་ཆུང་ཆུང”སྐོར་སྐྱོད་རྒྱང་བསྒྲགས་རུ་ཁག་གིས་ལྷ་ཡུལ་ཤང་གི་སྲིད་འཛིན་གྲོང་ཚོ་5དང་རང་བྱུང་གྲོང་ཚོ་19ལ་བསྐྱོད་པ་དང་། ཉིན་ལྟར་ཐེངས་2བཏང་བ། གཏོང་གྲངས་ཁྱོན་ཐེངས་190ལྷག་ཙམ་ཟིན་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།