དབུ་ཤོག>གསར་འགྱུར།
  • བོད་ལྗོངས་སུ་སྒྲིག་ཚུད་གྲོང་ཚོ་669ལ་སྣུམ་ནག་གཞུང་ལམ་ཤར་གཏོང་ཐུབ་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2020-02-11

    གསར་འགོད་པར་བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2019ལོར་བོད་ཀྱིས་གྲོང་གསེབ་གཞུང་ལམ་སྤྱི་ལེ་4700གསར་སྐྲུན་དང་རྒྱས་སྐྲུན་བྱས་ཏེ་ལོ་འཁོར་དུ་ཤང་དང་གྲོང་རྡལ་22དང་སྒྲིག་ཚུད་གྲོང་ཚོ་669ལ་སྣུམ་ནག་གཞུང་ལམ་ཤར་གཏོང་ཐུབ་ཡོད།

    དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་དང་ཞིང་འབྲོག་མང་ཚོགས་ཀྱི་སྣེ་འཁྲིད་དེ་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་འགྲིམ་འགྲུལ་གྱི་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱ་ཆེད། བོད་ཀྱིས“ཡག་པོ་བཞིའི་གྲོང་གསེབ་གཞུང་ལམ”བསྐྲུན་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ཡོད། 2019ལོར་བོད་རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་ཁྱོན་བསྡོམས་ཁ་གསབ་གྲོན་དངུལ་སྒོར་དུང་ཕྱུར་2.21བཀོད་སྒྲིག་བྱས་པ་དེ་དག་གྲོང་གསེབ་གཞུང་ལམ་བདག་སྐྱོང་དང་སྤྱི་ལེ་14478ཡོད་པའི་གྲོང་གསེབ་གཞུང་ལམ་བདེ་འཇགས་ཚེ་སྲོག་གི་འགོག་སྲུང་ལས་གྲྭ་བཅོས་སྒྲིག་བྱ་རྒྱུར་སྤྱད་པས་ཞིང་འབྲོག་པ་བདེ་འཇགས་ངང་འགྲོ་སྐྱོད་བྱེད་པའི་ཆ་རྐྱེན་མངོན་གསལ་དོད་པོས་ཡག་ཏུ་སོང་ཡོད།

    གཞན་ཡང་། 2019ལོར་བོད་ཡོངས་སུ་གྲོང་གསེབ་ཀྱི་འགྲུལ་སྐྱེལ་ལམ་ཐིག་20ཤར་གཏོང་དང་། དུས་གཏན་རླངས་འཁོར་411གཉེར་སྐྱོང་། རིམ་མཚུངས་འགྲུལ་སྐྱེལ་ས་ཚིགས་89བསྐྲུན་པ་བཅས་བྱས་པས་ཆ་རྐྱེན་འཛོམས་པའི་ཤང་དང་གྲོང་རྡལ་དང་སྒྲིག་ཚུད་གྲོང་ཚོར་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཚད་70%དང་47%སོ་སོར་ཟིན་ནས་ཞིང་འབྲོག་མང་ཚོགས་ཚོའི་ཕྱིར་སྐྱོད་དཀའ་བའི་གནས་ཚུལ་རིམ་བཞིན་ཐག་གཅོད་ཐུབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།