དབུ་ཤོག>གསར་འགྱུར།
  • འཛམ་གླིང་དངུལ་ཁང་གིས་ཀྲུང་གོ་སྲིད་གཞུང་ལ་རིམས་ནད་ལ་ཁ་གཏད་གཅོག་པའི་སྲིད་ཇུས་ཀྱི་བར་མཐོངས་ཡོད་ཅེས་བརྗོད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2020-02-10

    704492_yis_1580877033205_s.jpg

    འདི་ནི་ཨ་རིའི་གྲོང་ཁྱེར་ཝ་ཧྲིང་ཐོན་ནས་པར་བླངས་པའི་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས(IMF)ཀྱི་སྤྱི་ཁྱབ་ཀོ་ཨོར་ཅི་ཡེ་ཝ་ཡིན་པ།

    ཉིན་ཤས་གོང་། འཛམ་གླིང་དངུལ་ཁང་གིས་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་སྐོར་ལ་གསལ་བསྒྲགས་ཤིག་སྤེལ་ཏེ། ཀྲུང་གོ་སྲིད་གཞུང་གི་ཁ་གཏད་གཅོག་ཐབས་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བརྗོད་པ་དང་འབྲེལ་ཀྲུང་གོ་སྲིད་གཞུང་ལ་རིམས་ནད་ལ་ཁ་གཏད་གཅོག་པའི་སྲིད་ཇུས་ཀྱི་བར་མཐོངས་ཡོད་པའི་ངོས་འཛིན་ཡང་བྱས་པ་རེད།

    གསལ་བསྒྲགས་ནང“དཔལ་འབྱོར་གྱི་མཉེན་ཆ་རྒྱུན་འཁྱོངས་བྱ་ཐབས་ཚུད་པའི་རིམས་ནད་ལ་ཁ་གཏད་ཧུར་ཐག་གཅོག་པའི་ཀྲུང་གོའི་བྱ་སྤྱོད་ལ་ང་ཚོས་རྒྱབ་སྐྱོར་བྱ་རྒྱུ་ཡིན”ཞེས་དང་ཀྲུང་གོ་སྲིད་གཞུང་ལ་རིམས་ནད་ལ་ཁ་གཏད་གཅོག་པའི་སྲིད་ཇུས་ཀྱི་བར་མཐོངས་ལྡན་པ་མ་ཟད། གཞི་ཁྱོན་ངེས་ཅན་གྱི་བཞུར་འགྲོའི་རང་བཞིན་བསྣན་རྒྱུའི་ཁྱབ་བསྒྲགས་ཀྱང་བྱས་ཡོད་ཅེས་འཁོད་ཡོད་པ་རེད།

    ཉིན་ཤས་གོང་། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས(IMF)ཀྱི་སྤྱི་ཁྱབ་ཀོ་ཨོར་ཅི་ཡེ་ཝ་ཡིས་ཀྱང་IMFཡིས་ཏོག་དབྱིབས་ནད་དུག་གསར་པས་བསླབས་པའི་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ཐད་ཀྲུང་གོ་སྲིད་གཞུང་གིས་སྤྱད་པའི་བྱེད་ཐབས་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀྲུང་གོའི་དཔལ་འབྱོར་གྱི་མཉེན་ཆའི་རང་བཞིན་ལ“ཡིད་ཆེས་ཆེན་པོ”ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།