དབུ་ཤོག>གསར་འགྱུར།
  • ​ཕ་ཁི་སི་ཐན་གྱིས་ཀྲུང་གོ་ཕྱོགས་ཀྱིས་རིམས་ནད་ལ་འགོག་རྒོལ་བྱེད་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2020-02-10

    ཉེ་ཆར་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་ཀྲུང་གོ་ཕྱོགས་ཀྱིས་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་འགོག་རྒོལ་བྱེད་པར་ཕ་ཁི་སི་ཐན་གྱིས་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་པར་ཀྲུང་གོ་ཕྱོགས་ཀྱིས་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ་སེམས་འགུལ་ཡང་ཐེབས་བྱུང་། ཀྲུང་གོ་ཕྱོགས་ཀྱིས་རིམས་ནད་འགོག་རྒོལ་བྱེད་པར་རྒྱལ་ཁབ་མང་པོ་ཞིག་གིས་ཀྱང་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོར་ཡོད་པའི་རྒྱལ་ཁབ་དེ་དག་གི་སྤྱི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་འགན་ལེན་ཡག་པོ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།

    དེ་ཉིན་འཚོགས་པའི་ཕྱི་འབྲེལ་པུའི་དྲ་ཐོག་གི་གསར་འགོད་པའི་འཆར་ཅན་ཚོགས་འདུ་ཐོག་མའི་ཐོག ཚེས་2ཉིན་གསར་འགོད་པས་ཕ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་ཧུའུ་པེ་ནས་རང་རྒྱལ་གྱི་སྤྱི་དམངས་ཕྱིར་འཐེན་བྱེད་ཀྱི་མིན་ཞེས་བརྗོད་པ་དང་ཆབས་ཅིག ཀྲུང་གོར་རིམས་ནད་ལ་ཁ་གཏད་གཅོག་པའི་སྨན་བཅོས་སྒྲིག་ཆས་སྔར་བས་ལྷག་པ་ཡོད་ཅེས་བརྗོད་འདུག བཀའ་འདྲི་ཞུ་རྒྱུར་རྒྱལ་ཁབ་གཞན་དག་གིས་ཕྱི་འབྲེལ་གྱི་ཐབས་ལམ་བརྒྱུད་ཕ་ཁི་སི་ཐན་དང་འདྲ་བའི་ལྟ་བ་བརྗོད་མཁན་འདུག་གམ་ཞེས་དྲིས་པ་རེད།

    ཧྭ་ཁྲུན་ཡིང་གིས་ཕ་ཁི་སི་ཐན་གྱི་ཙུང་ལི་དང་ཕྱི་འབྲེལ་པུའུ་ཀྲང་རྣམ་གཉིས་ཀྱིས་ཀྲུང་གོས་རིམས་ནད་འགོག་རྒོལ་ཐད་འབད་བརྩོན་བྱེད་པར་ཚད་མཐོའི་བསྔགས་བརྗོད་གནང་བ་དང་ཆབས་ཅིག་རྒྱབ་སྐྱོར་ཡང་མཐའ་གཅིག་ཏུ་གནང་བ་དང་། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོར་ཡོད་པའི་ཕ་ཁི་སི་ཐན་གྱི་སྤྱི་དམངས་ལ་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ལམ་ལུགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་རིམས་ནད་ལས་རྣམ་པར་རྒྱལ་ཐུབ་པའི་ཡིད་ཆེས་ཡོད། ཕ་ཁི་སི་ཐན་མི་དམངས་ཀྱིས་སྤུན་ཟླ་ལྟར་གྱི་ཀྲུང་གོ་མི་དམངས་དང་མཉམ་དུ་མཐའ་གཅིག་ཏུ་ལངས་རྒྱུ་ཡིན་ཞེས་གསུང་ཡོད་ཅེས་བརྗོད་པ་རེད།

    ཕ་ཁི་སི་ཐན་གྱིས་ཟླ་1ཚེས་29ཉིན་དེ་གོང་གནས་སྐབས་སྤྱད་པའི་ཀྲུང་ཕའི་དབར་དུས་གཏན་གནམ་གྲུ་འགྲོ་འོང་ཐད་ཚོད་འཛིན་བྱེད་པའི་བྱ་ཐབས་མེད་པ་བཟོས་པ་དང་ཝུའུ་ལུའུ་མུའུ་ཆི་ནས་དབྱི་སི་ལམ་པོ་བར་གྱི་དུས་གཏན་གནམ་གྲུ་སླར་གསོ་བྱེད་ཉེར་ཡོད་པར་དམིགས་ཏེ། ཧྭ་ཁྲུན་ཡིང་གིས“གྲོགས་པོ་བློས་ཐུབ་ཡིན་པའི་ཀྲུང་ཕའི་དབར་ཕན་ཚུན་རོགས་རེས་ཀྱི་སྲོལ་རྒྱུན་བཟང་པོ་ཡོད། ད་ཐེངས་ཕ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་རིམས་ནད་འགོག་རྒོལ་བྱེད་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ཏེ་མཁའ་ལམ་མུ་མཐུད་ཤར་གཏོང་བྱས་པ་དང་སྦྲགས། རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནས་རིམས་ནད་འགོག་རྒོལ་གྱི་སྨན་བཅོས་དངོས་རྫས་བསྡུ་རུབ་བྱས་ཏེ་ཀྲུང་གོར་རོགས་སྐྱོར་བྱས་ཡོད། ཡིད་ཆེས་དེ་འདྲ་བྱས་པར་ཀྲུང་གོ་ཕྱོགས་ཀྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། སེམས་འགུལ་ཡང་ཐེབས་བྱུང”ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།