དབུ་ཤོག
  • 【སྒྲ】ཁ་རས་སོགས་རྫུས་མ་དང་སྤུས་ཞན་བཙོངས་ན་ཁྲིམས་ཆད་གང་ཕོག་གམ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2020-02-04

    དྲི་བ། ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་ཕོག་མཁན་ནས་བཙན་ཤེད་ཀྱིས་ལོགས་སུ་འཇོག་པ་དང་ལེན་མ་བྱས་ན་ཐག་གཅོད་ཇི་ལྟར་བྱེད་དགོས་སམ། 

    ལན། ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་ཕོག་ཡོད་བཞིན་དུ་རྐང་བཙུགས་ནས་ཕྱི་ལ་ཕྱིན་ནས། སྤྱི་པའི་བདེ་འཇགས་ལ་གནོད་འཚེ་བཏང་རིགས་ལ《ཉེས་ཁྲིམས》ཀྱི་དོན་ཚན་114པ་དང་115པའི་ནང་གསེས་དང་པོའི་གཏན་འབེབས་གཞིར་བཟུང་། ཉེན་ཁ་ཡོད་པའི་བྱེད་སྟངས་ཀྱིས་སྤྱི་པའི་བདེ་འཇགས་ལ་གནོད་འཚེ་བཏང་བའི་ཉེས་པར་བརྩིས་ནས་ཆད་པ་གཅོད་དགོས། 

    ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་ཕོག་མཁན་གྱིས་རིམས་ནད་ཞིབ་བཤེར་དང་། བཙན་ཤེད་ཀྱིས་ལོགས་སུ་འཇོག་པ། དེ་བཞིན་སྨན་བཅོས་བཅས་དང་ལེན་མ་བྱས་པའི་དབང་གིས་ཏོག་དབྱིབས་ནད་དུག་གསར་པ་མཆེད་པ་མ་ཟད། གནས་ཚུལ་ཚབས་ལྕི་བ་དང་སྤྱི་པའི་བདེ་འཇགས་ལ་གནོད་འཚེ་བཏང་རིགས་ལ། 《ཉེས་ཁྲིམས》ཀྱི་དོན་ཚན་115པའི་ནང་གསེས་གཉིས་པའི་གཏན་འབེབས་གཞིར་བཟུང་། ལས་འཛོལ་བཟོ་ཉེན་ཡོད་པའི་བྱེད་སྟངས་ཀྱིས་སྤྱི་པའི་བདེ་འཇགས་ལ་གནོད་འཚེ་བཏང་བའི་ཉེས་པར་བརྩིས་ནས་ཆད་པ་གཅོད་དགོས། 

    དྲི་བ། ཁ་རས་དང་འགོག་སྲུང་གྱོན་གོས་རྫུས་མ་དང་སྤུས་ཞན་བཙོངས་ན་ཁྲིམས་ཆད་གང་ཕོག་གམ། 

    ལན། 《ཉེས་ཁྲིམས》ཀྱི་དོན་ཚན་145པའི་གཏན་འབེབས་གཞིར་བཟུང་། ཚད་གཞི་དང་མི་མཐུན་པའི་སྨན་སྤྱོད་ཡོ་ཆས་བཟོས་པ་དང་བཙོངས་པའི་ཉེས་པར་གཏན་འཁེལ་བྱས་ནས། ཁྲིམས་ལྟར་ཁྲིམས་ཆད་ལྕི་པོ་གཅོད་དགོས། 

    དྲི་བ། ཁ་རས་གོང་ཚད་མཐོ་པོས་འཚོང་བའི་བྱེད་སྤྱོད་ཉེས་ཁྲིམས་ལས་འགལ་བ་ཡིན་ནམ། 

    ལན། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལས་འགལ་ནས། ཟོག་གོང་ལུགས་དང་མ་མཐུན་པར་སྤར་ཏེ་ཁེ་བཟང་ཧམ་ལེན་དང་། ཁྲོམ་རའི་སྒྲིག་སྲོལ་ཟང་ཟིང་ཚབས་ཆེན་བཟོ་བ། ཁྲིམས་ལས་འགལ་བའི་དངུལ་འབོར་མང་བའམ་ཡང་ན་ཚབས་ཆེ་བའི་གནས་ཚུལ་གཞན་དག་ཡོད་ན། 《ཉེས་ཁྲིམས》ཀྱི་དོན་ཚན་225པའི་ནང་ཚན་བཞི་པའི་གཏན་འབེབས་གཞིར་བཟུང་། ཁྲིམས་དང་མ་མཐུན་པར་ཚོང་གཉེར་བྱས་པའི་ཉེས་པར་བརྩིས་ནས། ཁྲིམས་ལྟར་ཁྲིམས་ཆད་ལྕི་པོ་གཅོད་དགོས། 

    དྲི་བ། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་དཀྲོག་གཏམ་བཟོས་པ་དང་དཀྲོག་གཏམ་སྤེལ་ན་ཐག་གཅོད་ཇི་འདྲ་བྱེད་དགོས་སམ། 

    ལན། 《ཉེས་ཁྲིམས》ཀྱི་དོན་ཚན་291པའི་གྲས་ཀྱི་གཏན་འབེབས་གཞིར་བཟུང་། རྐང་བཙུགས་ནས་འཇིགས་སྐུལ་ཆ་འཕྲིན་རྫུན་མ་བཟོས་པ་དང་སྤེལ་བའི་ནག་ཉེས་ལ་གཏན་འཁེལ་བྱས་ཏེ་ཐག་གཅོད་དགོས། 

    དྲི་བ། ལས་ཀའི་དུས་ཚོད་ལ་ཏོག་དབྱིབས་ནད་དུག་གསར་པ་འགོས་ན་ལས་རྨས་ལ་རྩི་ཡི་ཡོད་དམ། 

    ལན། ངལ་རྩོལ་པ་ལས་ཀ་བྱེད་རིང་ལས་ཀའི་དབང་གིས་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་ཕོག་ན།  《སྤྱི་ཚོགས་འགན་བཅོལ་བཅའ་ཁྲིམས》དང《ལས་རྨས་འགན་བཅོལ་སྲོལ་ཡིག》གཞིར་བཟུང་ལས་རྨས་སུ་གཏན་འཁེལ་བྱས་ཏེ།《ལས་རྨས་འགན་བཅོལ་སྲོལ་ཡིག》གི་གཏན་འབེབས་གཞིར་བཟུང་ལས་རྨས་འགན་བཅོལ་གྱི་ཐོབ་ཐང་ལོངས་སུ་སྤྱད་ཆོག

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།