རྒྱ་ཆེའི་ཞིང་འབྲོག་མང་ཚོགས་དང་།
གྲོང་མི་རྣམ་པ་ལྷན་རྒྱས་ལ།
འབོད་སྐུལ་ཞུ།
འབོད་སྐུལ་ཞུ།
ཏོག་དབྱིབས་ནད་དུག་གསར་པ་འདི།
འགོས་ཁྱབ་ཆེ་བའི་རིམས་ནད་ཅིག་།
ལྷོད་གཡེང་མི་བྱས་དོ་སྣང་དགོས།
རིམ་ཁག་ཏང་ཙུའུ་ཏང་ཡོན་དང་།
མི་དམངས་མང་ཚོགས་འགོག་རྒོལ་མཉམ་ཤུགས་ཀྱིས།
ནུས་ཤུགས་ཡོད་རྒུས།
རིམས་ནད་ཚོད་འཛིན་བྱེད།
རྒྱ་ཆེའི་ཞིང་འབྲོག་མང་ཚོགས་དང་།
གྲོང་མི་ལྷན་རྒྱས་ཚང་མ་ཡིས།
དགོས་མེད་ཕྱི་ལ་འཁྱམ་མི་རུང་།
མང་ཚོགས་རང་བཞིན་བྱེད་སྒོ་དང་།
སྲོལ་རྒྱུན་སྒོར་གཞས་ཞབས་བྲོ་སོགས།
འདུ་འཛོམས་བྱེད་སྒོ་སྤེལ་མི་རུང་།
བརྩི་འཇོག་གྱིས།
དང་དུ་ལོངས།
འབྲེལ་ཡོད་བླང་བྱ་སེམས་ལ་ཟུངས།
ཟ་ཁང་དྲ་ཁང་གློག་བརྙན་ཁང་།
ཨར་ཁང་མགྲོན་ཁང་དཔེ་ཚོང་ཁང་།
དགོན་སྡེ་ལྷ་ཁང་ལ་སོགས་པར།
རེ་ཞིག་ལས་གཉེར་མཚམས་འཇོག་གྱིས།
སྤྱི་ཡི་ལས་དོན་མི་འཕྱུགས་ན།
སྒེར་གྱི་བདེ་བ་ཟད་མཐའ་མེད།
སེམས་པ་མཐུན།
རྡོག་རྩ་སྒྲིལ།
ཚང་མས་རིམས་ནད་སྔོན་འགོག་བྱེད།
སྒེར་གྱི་འགོག་སྲུང་འཕྲོད་བསྟེན་ལ།
ཚང་མས་དོགས་གཟོན་ཆེར་བསྐྱེད་ཀྱིས།
ཟ་ཆས་རྗེན་པ་མཐའ་དག་དང་།
རི་སྐྱེས་སྲོག་ཆགས་ལ་སོགས་པ།
ལག་དང་ཁ་ལ་ཐུག་མི་ཉན།
གཟིམས་ཁང་ཕྱི་ནང་བར་གསུམ་ལ།
གཙང་སྦྲ་དུག་སེལ་གང་ལེགས་བྱ།
ལག་པ་ཡང་ཡང་གཙང་མར་བཀྲུ།
སྒེའུ་ཁུང་ཕྱེ་ནས་ཁ་རླུང་འབྱེད།
དགོས་གལ་མེད་ན་ཕྱི་འགྲོ་འཛེམ།
ཁྱིམ་ལ་བཞུགས།
ཁྱིམ་ལ་བཞུགས།
ཅི་སྟེ་ཕྱི་ལ་འགྲོ་དགོས་ན།
ཁ་རས་ངེས་པར་རྒྱོབ་དགོས་པ།
རིམས་ནད་སྔོན་འགོག་ཐབས་ཤེས་ལ།
དེ་རང་ལེགས།
ད་ག་རང་རེད།
ཚང་མས་དེ་དོན་ལག་ལེན་གྱིས།
འཕྲིན་ཕྲན་དྲ་རྒྱ་ལ་སོགས་པར།
དགོས་མེད་དཀྲོག་གཏམ་བཟོ་མི་རུང་།
ཟ་ཆས་བཏུང་ཆ་དགོས་མཁོའི་རིགས།
ཧབ་ཐོབ་ཧབ་ཚོང་བྱེད་མི་དགོས།
འདང་ངེས་ཟིན་པའི་མཛོད་བཞག་ཡོད།
འཇིགས་མི་དགོས།
དཔའ་མི་ཞུམ།
སེམས་ཤུགས་བསྐྱེད།
སེམས་ཤུགས་བསྐྱེད།
ལྷོད་གཡེང་གཏན་ནས་མི་བྱེད་པར།
གཙོ་འཛིན་ཞི་ཅིན་ཕིང་གི་སྲོག་ཤིང་དང་།
ཀྲུང་དབྱང་གཅིག་འགྱུར་འགོ་འཁྲིད་བཀོད་འདོམས་འོག
ས་གནས་ཏང་སྲིད་ཤུགས་ཆེན་འགོག་སྲུང་འོག
ཐབས་ཤེས་ཟབ་པའི་ཚན་རིག་ལག་རྩལ་ལ།
ཡིད་ཆེས་བློ་བརྟན་འགྱུར་མེད་ཐོག།
སྟོབས་ཤུགས་གཅིག་ཏུ་སྒྲིལ།
ནད་ཡམས་སྔོན་འགོག་ཚོད་འཛིན་གྱི།
རྒྱལ་ཁ་ཐོབ་པར་ཡིད་ཆེས་ཡོད།
ཡིད་ཆེས་ཡོད།
ནད་ཡམས་སྔོན་འགོག་ཚོད་འཛིན་གྱི།
རྒྱལ་ཁ་ཐོབ་པར་ཡིད་ཆེས་ཡོད།
སྟོད་ལུང་འགྲེམས་བསྒྲགས།