དབུ་ཤོག
  • རིམས་ནད་འགོག་སྲུང་བློ་འདྲིའི་ཁ་པར་ཤར་གཏོང་བྱས་འདུག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-02-02

    ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་འགོག་སྲུང་བློ་འདྲིའི་ཁ་པར་གསར་པ་ཤར་གཏོང་བྱས་པ།   

    ཟླ་1ཚེས་31ཉིན། རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་འགོག་སྲུང་བློ་འདྲིའི་ཁ་པར་གསར་པ་ཤར་གཏོང་བྱས་འདུག་པས། མང་ཚོགས་ཀྱིས“12320”ལ་ཁ་པར་བརྒྱབ་ནས་ཆེད་ལས་ཀྱི་སྤྱི་དམངས་འགོག་སྲུང་ཤེས་བྱ་བློ་འདྲི་བྱ་ཆོག་ཅིང་། དངངས་སྐྲག་མ་བྱས་པར་ངོས་འཛིན་ཡང་དག་དང་། འགོག་སྲུང་ཡག་པོ། བདེ་ཐང་སྲུང་སྐྱོང་བཅས་བྱེད་དགོས།     ཐད་སྦྲེལ་ཁ་པར་ཁྱོན་6བཙུགས་ཡོད་པ་དང་། ཆེད་ལས་མི་སྣ་8ཀྱིས་ཆུ་ཚོད་24རིང་རེས་མོས་བྱས་ནས་དབང་གྲགས་ལྡན་པ་དང་། དུས་ཐོག ཞིབ་ཕྲ་བཅས་ཀྱི་སྤྱི་དམངས་འགོག་སྲུང་སློབ་སྟོན་བྱེད་ཀྱི་ཡོད། བློ་འདྲིའི་རྣམ་པ་བརྒྱུད་མང་ཚོགས་ཀྱིས་ཏོག་དབྱིབས་ནད་དུག་གསར་པ་དང་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་ལ་ངོས་འཛིན་ཐུབ་ནས། ཚན་རིག་དང་མཐུན་པའི་འགོག་སྲུང་དང་རྣམ་དཔྱོད་ཀྱིས་ཁ་གཏད་གཅོག་པར་སྣེ་ཁྲིད་བྱེད་ཀྱི་ཡོད། ཐད་སྦྲེལ་ཁ་པར་ཤར་གཏོང་ཐུབ་ཚུན་མང་ཚོགས་ཀྱིས་བརྒྱབ་པའི་ཁ་པར་ཐེངས་120ལྷག་ཙམ་བླངས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།