དབུ་ཤོག
  • ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་ཁྱིམ་བྱ་ཉོ་ཚོང་གནས་སྐབས་མཚམས་འཇོག་བྱ་རྒྱུའི་སྐོར་གྱི་བརྡ་ཁྱབ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-02-02

    ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ལྗོངས་ཏང་ཨུད། སྲིད་གཞུང་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དང་། འགོ་ནད་འབྱུང་ཁུངས་དང་མཆེད་ལམ་འགོག་པ། རིམས་ནད་མཆེད་རྒྱུ་སྔོན་འགོག་ཏན་ཏིག་བཅས་བྱ་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོ་ནད་འགོག་བཅོས་བཅའ་ཁྲིམས》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་བཅོག་པའི་བཅའ་ཁྲིམས》《སྤྱི་པའི་འཕྲོད་བསྟེན་ཁུལ་གྱི་དོ་དམ་སྲོལ་ཡིག》སོགས་ཀྱི་གཏན་འབེབས་གཞིར་བཟུང་། ལྗོངས་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་དང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གིས་2020ལོའི་ཟླ་1ཚེས་29ཉིན་གྱི་མཚན་མོའི་ཆུ་ཚོད་12པ་ནས་བཟུང་ལྗོངས་ཡོངས་ཀྱི་ཁྱབ་ཁོངས་སུ་ཁྱིམ་བྱ་ཉོ་ཚོང་གནས་སྐབས་མཚམས་འཇོག་བྱ་རྒྱུའི་གཏན་འབེབས་བྱ་རྒྱུ།

    གཅིག ས་ཁུལ་ཁག་གི་ཞིང་ཟོག(ཚོང་འདུས)ཉོ་ཚོང་ཁྲོམ་ར་དང་། སྒོ་རྩིས་ཚོང་ཁང་། བཟའ་བཏུང་ཚན་པ། དྲ་ཐོག་ལས་སྟེགས་སོགས་ཚོང་གཉེར་ཁུལ་དུ་ཁྱིམ་བྱ་ཕྱིར་འཚོང་བྱེད་པའམ་ཡང་ན་དེ་རང་དུ་བསད་པའི་བྱ་ཤ་སོགས་བྱ་རིགས་ཐོན་ཟོག་གཏན་ནས་བཙོངས་མི་ཆོག་པ་དང་། འདབས་ཆགས་ལྐོག་འདྲེན་དང་ཕྱིར་ཚོང་གཏན་ནས་བྱེད་མི་ཆོག

    གཉིས། ལྗོངས་ཡོངས་ཀྱི་རིམ་ཁག་ཁྲོམ་ར་ལྟ་སྐུལ་དོ་དམ་སྡེ་ཚན་དང་ཞིང་ལས་གྲོང་གསེབ་སྡེ་ཚན་གྱིས་འབྲེལ་ཡོད་ཚན་པ་ཁག་དང་མཉམ་དུ་ཁྲིམས་འཛིན་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ་དང་། སྤྱི་བསྒྲགས་དེའི་གཏན་འབེབས་ལས་འགལ་བའི་གནད་དོན་ཤེས་རྟོགས་བྱུང་ཚེ། བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་གཞིགས་ནས་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་དགོས་པ་དང་། ཚོང་གཉེར་པ་དང་ཚོང་གཉེར་ཁུལ་ཁག་སོ་སོར་ལས་གཉེར་བྱེད་མཚམས་བཞག་ནས་བཅོས་སྒྲིག་དང་སྒོ་ཐེལ་རྒྱག་རྒྱུ་དང་འབྲེལ། དོགས་ཡོད་ཉེས་གསོག་དུས་ཐོག་ཏུ་ཁྲིམས་འཛིན་ལས་ཁུངས་སུ་རྩིས་སྤྲོད་རྒྱུ།

    གསུམ། རྒྱ་ཆེའི་མང་ཚོགས་ཀྱིས་ལྟ་སྐུལ་ཧུར་ཐག་བྱེད་དགོས་པ་དང་། སྤྱི་ཚོགས་ལས་རིགས་ཁག་གིས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལས་འགལ་ནས་ཁྱིམ་བྱ་དང་འདབས་ཆགས་རིགས་ཉོ་ཚོང་བྱེད་པ་ཤེས་རྟོགས་ཐུབ་ཚེ། དུས་ཐོག་ཏུ་ཐད་སྦྲེལ་ཁ་པར་12315འམ་ཡང་ན་ལས་སྟེགས་ལ་ཐེར་འདོན་གོང་ཞུ་བྱ་རྒྱུའི་དགའ་བསུ་ཞུ་རྒྱུ་ཡིན།

    བརྡ་ཁྱབ་དེའི་མཚམས་འཇོག་དུས་ཚོད་ནི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་འགན་གྱི་གནས་ཚུལ་ལ་གཞིགས་ནས་ལོགས་སུ་བརྡ་ཐོ་གཏོང་རྒྱུ་ཡིན།

    བོད་རང་སྐྱོང་ལྗོངས་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས།

    བོད་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་།

    2020ལོའི་ཟླ་1ཚེས་28ཉིན།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།