ཟླ་1ཚེས་29ཉིན། ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་སྤྱོད་པའི་རྒྱལ་ཁོངས་སུ་འཛུལ་བའི་རང་ལྗོངས་ཀྱི་འཕྲལ་སྡོམ་དངོས་ཟོག་ལྷ་ས་གོང་དཀར་གནམ་ཐང་དུ་འབྱོར་བ་དང་། ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱ་ཆེད། ལྷ་ས་འགག་སྒོའི་ལས་ཡུལ་དངོས་ཀྱི་ལས་རེས་མི་སྣས་དངོས་ཟོག་ལ་ཞིབ་བཤེར་བྱས་རྗེས“སྔོན་ལ་ཐོ་འགོད་བྱས་ནས་དངོས་ཟོག་གཏོང་བ་དང་རྗེས་སུ་འགག་སྒོ་སྒྲོལ་བའི་འགྲོ་ལུགས་གཉེར་བའི”བྱེད་ཐབས་མགྱོགས་མྱུར་ངང་སྤྱད་དེ་དངོས་ཟོག་དེ་རིགས་གང་མགྱོགས་སྤྲོད་ཐུབ་པར་མཐུན་སྦྱོར་བྱས་ནས། སྔོན་འགོག་ཚོད་འཛིན་གྱི་དངོས་ཟོག་འགག་སྒོ་སྒྲོལ་བར“དུས་ཚོད་འགོར་འགྱངས་མེད་པའི”འགན་ལེན་བྱས་ཤིང་། ཐེངས་འདིའི་དངོས་ཟོག་ནང་N95ཁ་རས་2700དང་། ཕྱི་བཅོས་ཚན་ཁག་གི་ཁ་རས་ཁྲི་1.2 མིག་ཤེལ་300བཅས་ཚུད་པ་རང་ལྗོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོར་སྐྱེལ་རྒྱུ་རེད།