དབུ་ཤོག
  • མདང་ནུབ་ཀྱི་ཆུ་ཚོད་12བར་བོད་ལ་ནད་དཔེ་གསར་པ་ཐོན་མི་འདུག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-02-01

    2020ལོའི་ཟླ་1ཚེས་31ཉིན་གྱི་ཆུ་ཚོད་24བར། བོད་རང་སྐྱོང་ལྗོངས་ཀྱི་རིམ་རྩིས་སྙན་ཞུའི་ནང་། ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་ཕོག་པའི་ནད་དཔེ་1གཏན་འཁེལ་བྱུང་བ་དང་། ནད་གཞི་ལྕི་མོར་གྱུར་པ་0དང་། གྲོངས་པའི་ནད་དཔེ་0 སྨན་ཁང་ནས་དོན་པའི་ནད་དཔེ་0བཅས་རེད། 

     མིག་སྔར། ནད་པ་དེར་སྲོག་ཉེན་མེད་པ་དང་། དེ་དང་འབྲེལ་བ་དམ་ཟབ་བྱེད་མྱོང་ཡོད་པ་རྣམས་ལོགས་སུ་བཀར་ནས་གསོ་རིག་གི་ལྟ་ཞིབ་བྱེད་བཞིན་འདུག

    བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་དྲན་སྐུལ་ཞུ་རྒྱུར། ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་གཙོ་བོ་མཆིལ་ཟེགས་དང་འབྲེལ་འདྲིས་བྱས་པ་ལས་འགོ་ཡི་ཡོད་པས། ནད་པ་ལོགས་སུ་བཀར་ནས་སྨན་བཅོས་དང་། འབྲེལ་འདྲིས་དམ་ཟབ་བྱེད་མྱོང་ཡོད་པ་ལོགས་སུ་བཀར་ནས་གསོ་རིག་ལྟ་ཞིབ་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་ན། རིམས་ནད་ཚོད་འཛིན་ནུས་ལྡན་ཐུབ་ཀྱི་ཡོད། ནད་ཡམས་ཚན་རིག་དང་མཐུན་པའི་སྒོ་ནས་སྔོན་འགོག་དང་། དཀྲོག་གཏམ་ལ་ཡིད་ཆེས་དང་བརྒྱུད་སྐུར་གང་བྱུང་བྱ་མི་རུང་། 

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།