2020ལོའི་ཟླ་1ཚེས་29ཉིན། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)ཁག་གི་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་ཀྱི་ནད་དཔེ་ཐོག་མ་གཏན་འཁེལ་བྱེད་པའི་གོ་རིམ་གསར་ཤོས་དང་། དེ་བཞིན《ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་བརྟག་བཅོས་ཇུས་གཞི(ཚོད་སྤྱོད་པར་གཞི་བཞི་པའི)》ནང་གཏན་འབེབས་བྱས་པར་གཞིགས་བཟུང་། བོད་རང་སྐྱོང་ལྗོངས་ཀྱི་ནད་གཞི་ཕོག་ཡོད་པའི་དོགས་ཡོད་ནད་པ་ཐོག་མ་ཀྲང་ཆེ་གེ་མོའི་དངོས་དཔེར་རང་སྐྱོང་ལྗོངས་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་ཞིབ་དཔྱད་དང་། ཀྲུང་གོ་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཚོད་ལྟ་ཁང་གིས་བསྐྱར་ཞིབ་ཚད་ལེན་བྱས་པ་མ་ཟད། ནད་ཐོག་མངོན་ཚུལ་དང་རང་སྐྱོང་ལྗོངས་ཀྱི་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་བརྟག་དཔྱད་དང་། ཞིབ་འཇུག དབྱེ་ཞིབ་བཅས་བྱས་པ་བརྒྱུད། ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་ཀྱི་ནད་དཔེ་ཐོག་མར་གཏན་འཁེལ་བྱས་པ་རེད།
མིག་སྔར། ནད་པ་དེ་གནས་གཏན་འཁེལ་གྱི་སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱེད་བཞིན་ཡོད་པ་དང་སྲོག་ཉེན་མེད། དེ་དང་འབྲེལ་བ་དམ་ཟབ་བྱེད་མྱོང་ཡོད་པ་ལོགས་སུ་བཀར་ནས་གསོ་རིག་གི་ལྟ་ཞིབ་བྱེད་བཞིན་ཡོད།
བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས།
2020ལོའི་ཟླ་1ཚེས་30ཉིན།
གསར་འགྱུར+
ལྷ་ས་གྲོང་ཁྱེར་འཕྲོད་བསྟེན་དང་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་དྲན་སྐུལ་ཞུ་རྒྱུར།
ཟླ་1ཚེས་30ཉིན། ང་ཚོའི་གྲོང་ཁྱེར་ནས་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་ཕོག་མཁན་གཅིག་གཏན་འཁེལ་བྱས་པ་དང་། ནད་པ་ཀྲང་ཆེ་གེ་མོ། ལོ་34 སྐྱེས་པ། ཧུའུ་པེ་ཞིང་ཆེན་སུའེ་ཀྲའུ་གྲོང་ཁྱེར་གྱི་མི་ཡིན་ཞིང་། སྤྱི་ལོ་2020ལོའི་ཟླ་1པོའི་ཚེས་22ནས་24བར་ཝུའུ་ཁྲང་ནས་མེ་འཁོར་ལ་བསྡད་ནས་ལྷ་སར་སླེབས་ཤིང་། ད་ལྟ། z 264 (འཁོར་སྒྲོམ་13པ།)z265(འཁོར་སྒྲོམ་13པ།)བསྡད་དེ་ཡོང་བའི་འགྲུལ་པ་རྣམས་ལ། འགོས་ནད་འགོག་བཅོས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་གཤམ་གྱི་འགོག་སྲུང་བྱ་ཐབས་སྤྱོད་དགོས་པའི་དྲན་སྐུལ་ཞུ་གི་ཡིན།
1. ནད་པ་དང་མེ་འཁོར་གཅིག་ལ་བསྡད་དེ་ཡོང་མཁན་རྣམས་ཁྱིམ་དུ་སླེབས་རྗེས་གནས་སྐབས་ཕྱི་རོལ་དང་འབྲེལ་བ་མི་བྱེད་པར་ལོགས་སུ་ལྟ་ཞིབ་བྱས་ནས་སྡོད་དགོས། གལ་སྲིད་མི་བདེ་བའི་གནས་ཚུལ་བྱུང་ན་འཕྲལ་དུ་དམིགས་འཛུགས་ཀྱི་སྒོ་བསྟེན་སྨན་ཁང་ལ་སྨན་པ་བསྟེན་པར་འགྲོ་དགོས།
2. སྨན་པ་བསྟེན་པའི་བརྒྱུད་རིམ་ཁྲོད་དུ་ཁ་རས་རྒྱག་དགོས་པ་དང་། ཡག་ཤོས་བྱུང་ན་སྤྱི་སྤྱོད་འགྲིམ་འགྲུལ་ཡོ་ཆས་ལ་བཞུགས་མི་དགོས་པའི་ཐབས་བྱེད་དགོས།
3. ནད་པ་དང་མེ་འཁོར་གཅིག་ལ་བསྡད་དེ་ཡོང་མཁན་རྣམས་ཀྱིས་འཕྲལ་དུ་ཁོངས་གཏོགས་སྡེ་ཁུལ་ལ་ཐོ་རྒྱག་དགོས་པ་དང་། སྡེ་ཁུལ་གྱིས་ལམ་སེང་ས་གནས་དེའེ་ནད་རིགས་འགོག་བཅོས་ཚོད་འཛིན་ལྟེ་གནས་སུ་སྙན་སེང་ཞུ་དགོས་པ་མ་ཟད་བརྡ་ལན་ལ་དོ་སྣང་རྒྱུན་མི་ཆད་པར་བྱེད་དགོས།