དབུ་ཤོག
  • ལྷ་སར་མཁོ་ཆས་འབེལ་པོ་འདུག་པས། སེམས་ཁྲལ་གནང་དགོས་མི་འདུག

  • ཡོང་ཁུངས།  ​ལྷ་སའི་འགྲེམས་བསྒྲགས།   |     སྤེལ་དུས།  2020-01-29

    ཟླ་1ཚེས་28ཉིན། གསར་འགོད་པར་ཁྲེང་ཀོན་ཆུས་ས་གཙང་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཁྲོམ་རའི་མཁོ་སྤྲོད་འགན་ལེན་ཡོང་ཆེད། ཁྲེང་ཀོན་ཆུས་ཀྱི་ས་གཙང་ཐད་ཚོང་བྱ་ཡུལ་63ལ་དངོས་ཟོག་འབེལ་པོ་ཡོད་པའི་འགན་ལེན་བྱས་ཡོད་ཅིང་། ཉིན་རེའི་སྔ་དགོང་གཉིས་ལ་ཐད་ཚོང་བྱ་ཡུལ་འདི་དག་ལ་སྔོ་ཚལ་སོགས་དངོས་ཟོག་ཐེངས་རེ་སྐྱེལ་གྱི་འདུག(དེའི་ནང་གྲོང་ཁུལ་རྙིང་པའི་ཐད་ཚོང་བྱ་ཡུལ་10ལ་མར་དང་། རྩམ་པ། ཚགས་ཤ འབྲས། གྲོ་ཞིབ། སྔོ་ཚལ་སོགས་ཀྱང་ཡོད)

    1.jpg

    ཚེས་28ཉིན་གྱི་ཕྱི་དྲོར། ཁྲེང་ཀོན་ཆུས་ས་གཙང་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སི་དང་ཁེ་ལས་གཞན་མཉམ་ལས་བྱས་ནས། ར་མོ་ཆེ་གཙུག་ལག་ཁང་གི་ཉེ་འགྲམ་དུ་རྩམ་པ་རྒྱ་མ་7500མཁོ་འདོན་བྱས་འདུག

    2.jpg

    ཁྲེང་ཀོན་ཆུས་ས་གཙང་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་མཛོད་ཉར་དངོས་ཟོག་འབེལ་པོ་ཡོད་པ་མ་ཟད། སྔོ་ཚལ་སོགས་འདང་ངེས་ཉོ་སྒྲུབ་བྱས་ཡོད་པས། གྲོང་མི་རྣམས་ཀྱི་རྒྱུན་གཏན་གྱི་འཚོ་བའི་དགོས་མཁོ་སྐོང་ཐུབ་ངེས་རེད།

    གསར་འགྱུར།+

    ༄༅།།  གསར་འགོད་པ་བཅར་འདྲི་བྱེད་པར་འགྲོ་སྐབས། རྩམ་པ་ཚོང་ཁང་ཁག་གཅིག་གི་སྒོ་འགྲམ་ལ་མང་ཚོགས་རྩམ་པ་ཉོ་མཁན་རུ་བསྒྲིགས་ཡོད་པ་མཐོང་བ་དང་། དེ་མུར་གསར་འགོད་པས་གྲོང་ཁྱེར་ཚོང་དོན་ཅུས་སོགས་འབྲེལ་ཡོད་ཚན་པར་བཅར་འདྲི་བྱེད་པར་ཕྱིན་པས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཕྱོགས་ཁག་གི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་འཚོ་བའི་དགོས་ངེས་ཀྱི་དངོས་ཟོག་མཁོ་འདོན་འགན་ལེན་བྱེད་བཞིན་ཡོད་པ་ཤེས་རྟོགས་བྱུང་བ་དང་། མིག་སྔའི་ཆར་གྲོང་ཁྱེར་ཡོངས་ཀྱི་ཉེར་མཁོའི་དངོས་རྫས་གྲབས་གསོག་འདང་ངེས་ཡོད་པ་མ་ཟད། འཚོ་བའི་མཁོ་ཆས་ཚོང་ཁང་ལས་གཉེར་རྒྱུན་གཏན་ཡིན་པའི་འགན་ལེན་བྱས་ཡོད། གཞན་ཡང་སྒོ་རྩིས་ཚོང་ཁང་ཆེ་ཁག་དང་ཞིང་ཟོག་ཁྲོམ་ར། རྩམ་པ་ཚོང་ཁང་སོགས་སུ་རྩམ་པ་དང་མར། སྔོ་ཚལ།  ཤ་རིགས། འབྲས། བཟའ་སྣུམ་སོགས་རིགས་འཛོམས་པོ་ཡོད་པ་དེས་གྲོང་ཁྱེར་ཡོངས་ཀྱི་མང་ཚོགས་ཀྱི་འཚོ་བའི་དགོས་མཁོ་སྐོང་ཐུབ་ངེས་རེད།    

    གཤམ་གྱི་པར་རིས་དག་ནི་ལྷ་སའི་སྒོ་རྩིས་ཚོང་ཁང་དང་ཞིང་ཟོག་ཁྲོམ་ར་ཁག་ནས་བླངས།

    3.gif


    4.gif


    5.gif


    6.gif


    7.gif


    8.gif



    ཤ་ཚའི་དྲན་སྐུལ། 

    གྲོང་མི་རྣམས་ཀྱིས་ཅ་དངོས་ཉོ་སྒྲུབ་བྱེད་སྐབས་ཕོན་འབོར་འོས་འཚམ་དང་མགྱོགས་པོ་ཉོས་ནས་ཕེབས་དགོས། ད་དུང་ཁ་རས་སྐྱོན་རྒྱུ་མ་མཉེལ་པ་གནང་དགོས།


    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།