དབུ་ཤོག
  • རིམས་ནད་སྔོན་འགོག་ཚོད་འཛིན་དང་འབྲེལ་བའི་བརྡ་ཐོ་གལ་ཆེན་གསུམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-01-29

    གླུ་གར་རོལ་རྩེད་ཁང་དང་། དྲ་ཁང་། གློག་བརྙན་ཁང་བཅས་གནས་སྐབས་སྒོ་རྒྱག་རྒྱུའི་སྐོར་གྱི་བརྡ་ཐོ།

    ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་ཆེད། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། དེ་རིང་ནས་བཟུང་། གྲོང་ཁྱེར་ཡོངས་ཀྱི་གླུ་གར་རོལ་རྩེད་ཁང་དང་། དྲ་ཁང་། གློག་བརྙན་ཁང་བཅས་ཕྱི་ཕྱོགས་སུ་གནས་སྐབས་ལས་སྒོ་གཉེར་མཚམས་འཇོག་རྒྱུ་ཡིན་པས།  བརྡ་ཐོ་འབྱོར་རྗེས་འཕྲལ་དུ་ལས་སྒོ་གཉེར་མཚམས་འཇོག་དགོས།  ལས་སྒོ་གཉེར་འགོ་འཛུགས་པའི་དུས་ཚོད་ཟུར་དུ་བརྡ་ཐོ་གཏོང་གི་ཡིན། 

    བརྡ་ཐོ་འདི་ཆེད་དུ་བཏང་བ་ཡིན། 

    ལྷ་ས་གྲོང་ཁྱེར་རིག་གནས་ཅུས། 

    ལྷ་ས་གྲོང་ཁྱེར་རིག་གནས་ཁྲོམ་རའི་ཕྱོགས་བསྡུས་ཁྲིམས་འཛིན་ཉིང་ལག་རུ་ཁག 

    ཁྲེང་ཀོན་ཆུས་རིག་གནས་དང་ཡུལ་སྐོར་ཅུས་བཅས་ནས། 

    2020ལོའི་ཟླ་1ཚེས་26ཉིན། 

    ད་ལྟ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་ཐག་གཅོད་རང་བཞིན་གྱི་རྒྱལ་ཁ་མ་ཐོབ་བར། ཁྱེད་ཀྱིས་ཕྲུ་གུ(སློབ་མ)ལྷ་ས་གྲོང་ཁྱེར་གྱི་དམངས་བཙུགས་གསོ་སྦྱོང་སྒྲིག་གཞིར་གསབ་ཁྲིད་དུ་གཏོང་མཚམས་བཞག་ནས་ཕྲུ་གུ(སློབ་མ)མི་ཚོགས་དང་འབྲེལ་འདྲིས་ཉུང་དུ་བཏང་སྟེ། རང་འགུལ་ངང་རིམས་ནད་འགོ་བའི་ཉེན་ཁར་འགོག་ཟོན་བྱེད་དགོས། དེས་ན། རྒྱ་ཆེའི་ཁྱིམ་བདག་དང་སློབ་མ་རྣམས་ཀྱིས་བསམ་ཤེས་དང་རྒྱབ་སྐྱོར་གནང་བའི་རེ་བ་ཡོད། 

    ལྷ་ས་གྲོང་ཁྱེར་སློབ་གསོ་ཅུས་ནས། 

    2020ལོའི་ཟླ་1ཚེས་26ཉིན། 

    བརྡ་ཁྱབ།

    ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་དགོས་མཁོ་དང་། མི་སྣ་འདུ་འཛོམས་བྱས་ནས་རིམས་ནད་ཕན་ཚུན་འགོ་བ་སོགས་མི་ཡོང་བའི་ཆེད།  ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ་ཡིས་ཞིབ་འཇུག་བྱས་ནས་ཐག་བཅད་པ་ལྟར། སྤྱི་ལོ་2020ལོའི་ཟླ་1པོའི་ཚེས་27ནས་བཟུང་ཕོ་བྲང་པོ་ཏ་ལའི་གཟིམ་སྒོ་བསྐྱོན་རྒྱུ་དང་། སླར་སྒོ་ཕྱེ་བའི་དུས་ཚོད་ལོགས་སུ་བརྡ་ཐོ་གཏོང་གི་ཡིན་པས། རྒྱ་ཆེའི་ཡུལ་སྐོར་བ་དང་དད་ལྡན་མང་ཚོགས་ཀྱིས་དགོངས་བཞེས་དང་བཅས་རྒྱབ་སྐྱོར་གནང་རོགས་ཞུ།

    ལྷན་རྒྱས་དཔྱིད་གསར་དུས་ཆེན་སྤྲོ་པོ་ཡོང་བའི་སྨོན་འདུན་ཞུ། བཀྲ་ཤིས་བདེ་ལེགས། 

    ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ་ནས།

    2020ལོའི་ཟླ་1པོའི་ཚེས་26ཉིན།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།