དབུ་ཤོག>གསར་འགྱུར།
  • ཧྥུའུ་ཅན་གྱི་བོད་སྐྱོར་རུ་ཁག་གི་མཉམ་སྡེབ་2དང་མི་སྒེར་1ལ་གཟེངས་བསྟོད་ཐོབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-01-29

    ཉེ་ཆར་ཧྥུའུ་ཅན་ཞིང་ཆེན་གྱི་ཁག་དགུ་པའི་བོད་སྐྱོར་ལས་དོན་རུ་ཁག་གི་མཉམ་སྡེབ་2དང་མི་སྒེར་1ལ་ཆབ་མདོ་གྲོང་ཁྱེར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཐོབ་པ་རེད།

    ཆབ་མདོ་གྲོང་ཁྱེར་གྱི་སྨན་བཅོས་ཆ་རྐྱེན་བལྟོས་བཅས་ཀྱིས་རྗེས་ལུས་ཡིན་པས་ཧྥུའུ་ཅན་ཞིང་ཆེན་གྱི་ཁག་དགུ་པའི་བོད་སྐྱོར་ལས་དོན་རུ་ཁག་གིས་སྨན་བཅོས་ཆེད་ལས་ལག་རྩལ་ཤེས་ལྡན་པ་12འདེམས་གཏོང་བྱས་ཏེ། ཚོགས་སྒྲིག་རྣམ་པའི་ཐོག་ནས་ཆབ་མདོ་གྲོང་ཁྱེར་གྱི་མ་བུ་བདེ་སྲུང་སྨན་ཁང་ལ་ཁ་གཏད་རོགས་སྐྱོར་བྱས་པ་རེད། ཁོང་ཚོས་ས་མཐོ་མི་འཕྲོད་པ་སོགས་ཀྱི་དཀའ་ངལ་ཁྱད་བསད་ཀྱིས་གཞི་རིམ་དུ་བསྐྱོད་དེ། རྣམ་པ་སྣ་ཚོགས་ཀྱི་འོས་འགན་སྨན་བཅོས་ཐེངས་མང་བྱས་པ་རེད། སྨན་བཅོས་ཆེད་ལས་ལག་རྩལ་ཤེས་ལྡན་པས་ད་དུང་གྲོན་དངུལ་རང་གྲབས་བྱས་ནས་སྨན་བཅོས་ཡོ་བྱད་ཉོས་པ་མ་ཟད། ཚན་ཁག་འཛུགས་སྐྱོང་འཆར་གཞི་ཡང་བཀོད་ནས་མ་བུ་བདེ་སྲུང་སྨན་ཁང་གི་སྨན་བཅོས་ཞབས་ཞུའི་ནུས་པ་ཆེ་རུ་བཏང་ཡོད།

    ཧྥུའུ་ཅན་ཞིང་ཆེན་གྱི་ཁག་དགུ་པའི་བོད་སྐྱོར་ལས་དོན་རུ་ཁག་གི་དཔའ་ཤོད་ཚོགས་ཆུང་གིས་དཔའ་ཤོད་རྫོང་ལ་ཁ་གཏད་རོགས་སྐྱོར་གྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་རིང་དོན་དངོས་ཀྱི་བྱ་སྤྱོད་ལ་བརྟེན་ནས་ཧྥུའུ་ཅན་དང་བོད་ལྗོངས་དབར་གྱི་མཛའ་གྲོགས་ཡུན་དུ་གནས་པ་བྱས་ཤིང་། ཁོང་ཚོས་མ་དངུལ་སྒོར་ཁྲི་20མཐུན་སྦྱོར་བྱས་ནས་རྫོང་དེའི་གླིང་དཀར་ཤང་ཁ་ལོང་གྲོང་ཚོའི་གྲོང་མི་ཕྱིར་སྐྱོད་དཀའ་བའི་གནད་དོན་ཐག་གཅོད་བྱས་པ་དང་། ཧྥུའུ་ཅན་ཧོ་རེན་ཐེབས་རྩ་ལྷན་ཚོགས་ནས་མ་དངུལ་སྒོར་ཁྲི་200བརྩོན་ལེན་བྱས་ནས་ཐང་དཀར་གྲོང་རྡལ་བོ་ཁྲ་གྲོང་ཚོའི་འཐུང་ཆུའི་རྣམ་གྲངས་འཛུགས་སྐྲུན་ལ་སྤྱད་པ། མཱ་ཁྲང་པའེ་དགེ་སྒྲུབ་སྒྲིག་གཞི་བརྒྱུད་རིན་ཐང་སྒོར་ཁྲི་150ལྷག་ཙམ་རི་བའི་ཕོ་ཁེབས་དང་སྲིང་བལ་གྱི་གྱོན་ཆས་བརྩོན་ལེན་བྱས་ནས་ས་བབ་མཐོ་བའི་ས་ཁུལ་གྱི་ཞིང་འབྲོག་མང་ཚོགས་ལ་ཞལ་འདེབས་བརྒྱབ་པ། དུད་ཚང་དབུལ་པོ་དང་རྫོང་གྲོང་གི་དཀའ་ངལ་ཡོད་པའི་ཁོར་ཡུག་འཕྲོད་བསྟེན་བཟོ་པར་ཕག་ཤ་དང་། གྲོ་ཞིབ། བཟའ་སྣུམ་སོགས་སྒོར་ཁྲི་20ལྷག་ཙམ་རི་བའི་འཚམས་འདྲིའི་དངོས་པོ་དང་འཚམས་འདྲིའི་དངུལ་སྤྲད་ཡོད།

    དཔའ་ཤོད་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྒྱུན་ལས་རྫོང་དཔོན་གཞོན་པ་ལིན་མོའུ་ཏུང་འདི་ལོའི་ཟླ་7པར་ཧྥུའུ་ཀྲོའུ་ནས་དཔའ་ཤོད་དུ་ལས་དོན་སྒྲུབ་པར་སླེབས་ཤིང་། མིག་སྔའི་བར་ཁོང་གིས་ཧྥུའུ་ཀྲོའུ་གྲོང་ཁྱེར་གྱི་རྫོང(གྲོང་ཁྱེར་དང་ཆུས)9དང་དཔའ་ཤོད་རྫོང་གི་ཤང་དང་གྲོང་རྡལ་14དབར་གྱི་ཆ་སྒྲིག་རོཌ་སྐྱོར་གྱི་གྲོས་མཐུན་དོན་འཁྱོལ་བྱས་པར། ཞལ་འདེབས་བརྒྱབ་པའི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གྲོན་དངུལ་སྒོར་ཁྲི་840ལྷག་ཙམ་ལག་འབྱོར་བྱུང་བ་དང་། ཞ་མོན་ཧེང་ཨན་དྲ་ཐོག་ཚོང་དོན་ཀུང་སི་དང་མཐུན་སྦྱོར་བྱས་པ་བརྒྱུད་ཁོང་ཚོས་སློབ་མར་གཙང་ཤོག་སྒམ་3000ཞལ་འདེབས་བརྒྱབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།