དབུ་ཤོག>གསར་འགྱུར།
  • སེམས་ནུས་ཡོད་རྒུ་དང་བརྩེ་བ་ཟབ་མོས་བོད་སྐྱོར་གྱི་རྒྱང་སྐྱོད་ལམ་བུ་གསར་པར་སྐྱོད་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-01-29

    2019ལོའི་ཟླ་7ཚེས་16ཉིན། ཁྲུང་ཆིང་གྲོང་ཁྱེར་གྱི་བོད་སྐྱོར་ཁག་དགུ་པའི་ལས་བྱེད་པ་དང་ཤེས་ལྡན་མི་སྣ་60གཅིག་སྡུད་བོད་དུ་བསྐྱོད་ནས་ཁྲུང་ཆིང་གྲོང་ཁྱེར་གྱི་རེས་སྐོར་གསར་པའི་ཆབ་མདོའི་རོགས་སྐྱོར་ལས་དོན་སྤེལ་འགོ་ཚུགས་པ་རེད།

    ལོ་ཕྱེད་ཙམ་རིང་། ཁྲུང་ཆིང་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པས“ཚན་རིག་དང་མཐུན་པའི་བོད་སྐྱོར་དང་། བརྩེ་བས་བོད་སྐྱོར། གནད་སྨིན་བོད་སྐྱོར”བཅས་ཀྱི་འདུ་ཤེས་རྒྱུན་འཛིན་བྱས་ནས་རང་འགུལ་ངང་འགན་འཁུར་བྱ་སྤྱོད་སྤེལ་བ་དང་། བརྩེ་བ་ཟབ་མོ་དང་ནུས་ཤུགས་ཡོད་རྒུས་བོད་སྐྱོར་བྱས་པ་བརྒྱུད། ཁྲུང་ཆིང་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་ཁག་དགུ་པའི་འགོ་ཡག་པོ་བཙུགས་ཡོད་པ་རེད།

    ཚན་རིག་དང་མཐུན་པའི་ལས་ཀའི་འཆར་གཞི་བཀོད་པ།

    ཁྲུང་ཆིང་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པས་ལོ་གསུམ་འབད་བརྩོན་བྱས་པ་བརྒྱུད། རི་བོ་ཆེ་རྫོང་གི་དབུལ་སྒྲོལ་གྱི་སྤུས་ཚད་སྔར་བས་མཐོ་བར་སྐུལ་འདེད་གཏོང་བ་དང་། སྨར་ཁམས་དང་བྲག་གཡབ་རྫོང་གཉིས་དུས་བཀག་ལྟར་དབུལ་ཞྭ་འཕུད་པ་དང་འབྲེལ་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་གཏོང་བ། འཆར་གཞིའི་ནང་ཚུད་པ་དང་མ་ཚུད་པའི་དངུལ་སྒོར་དུང་ཕྱུར་10དོན་འཁྱོལ་ཐུབ་པའི་བརྩོན་ལེན་བྱེད་པ། དམིགས་སར་འབྱོར་བའི་ཚོང་འགུགས་མ་འདྲེན་གྱི་མ་དངུལ་སྒོར་དུང་ཕྱུར་25ལྷག་ཙམ་ཟིན་པ། ཤེས་ལྡན་མི་སྣ་སྣ་ཚོགས་མི་ཐེངས་ཁྲི་2ལ་གསོ་སྦྱོང་བྱེད་པ། ལས་ཞུགས་ལ་རོགས་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་ལས་ཞུགས་ལས་གནས་2000མཁོ་འདོན་བྱེད་པ། རྫོང་གསུམ་གྱི་ལས་གཏོད་སྐྱོང་གསོའི་རྟེན་གཞིར་བརྟེན་ནས་མི་600ཡི་ལས་གཏོད་ལ་རོགས་སྐྱོར་བྱེད་པ། ཆབ་མདོ་སློབ་འབྲིང་དང་པོའི་སློབ་མ་དངོས་གཞིའི་ཚན་ཁག་ལ་ཚུད་ཚད་80%ལྷག་ཙམ་ཟིན་པ། ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་གི་སྒོ་བསྟེན་སྨན་བཅོས་བྱེད་ཚད་དང་། སྨན་ཁང་དུ་སྡོད་ཚད། གཤགས་བཅོས་བྱེད་ཚད་བཅས་ཚང་མ་50%ལྷག་ཙམ་འཕར་བ། ཆབ་མདོ་གྲོང་ཁྱེར་གྱི་ལྟེ་བའི་ཁྲག་གི་ས་ཚིགས་རྒྱལ་ཁབ་ཀྱི་ཚད་གཞིར་སླེབས་ནས་རང་བརྟེན་ཁྲག་འཐེན་ཐུབ་པ། བྲག་གཡབ་རྫོང་མི་དམངས་སྨན་ཁང“ཀ་པ་རིམ་པ་གཉིས་པར”གཏོད་པ། ཆབ་མདོ་གྲོང་ཁྱེར་གྱི་གནའ་བོའི་ཚྭ་ཞིང་A5རིམ་པའི་མཛེས་ལྗོངས་ཁུལ་ལ་སྐྲུན་པ་བཅས་བྱས་ནས་ལོ་གསུམ་གྱི་རྗེས་ལ་རྩ་འཛུགས་དང་མི་དམངས་ལ་བོད་སྐྱོར་གྱི་རྒྱུགས་ལན་ཡག་པོ་ཞིག་འབུལ་རེ་བྱེད་ཀྱི་ཡོད་པ་རེད།

    བོད་སྐྱོར་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་བ།

    ལོ་ཕྱེད་རིང་། བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣས་ཕྱོགས་ཁག་དང་འབྲེལ་གཏུག་མཐུན་སྦྱོར་ཧུར་ཐག་བྱས་ནས་འཆར་གཞིར་མ་ཚུད་པའི་མ་དངུལ་དང་རྣམ་གྲངས་སྒོར་ཁྲི་3000བརྩོན་ལེན་བྱས་ནས་བོད་སྐྱོར་ལས་དོན་ཁག་བདེ་བླག་སྤེལ་བ་དང་ཆབས་ཅིག་གྲུབ་འབྲས་རགས་ཙམ་ཐོབ་པ་རེད།

    འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་རྒྱུན་ཆད་མེད་པར་རྒྱ་སྐྱེད་བཏང་ཞིང་། ལོ་ཕྱེད་རིང་། ཁྲུང་ཆིང་གྲོང་ཁྱེར་གྱི་ཏང་སྲིད་འཐུས་མི་ཚོགས་པའམ་ཡང་ན་ལས་དོན་ཚོགས་ཆུང་20ལྷག་ཙམ་གྱི་འགོ་ཁྲིད་ལས་བྱེད་པ་110ལྷག་ཙམ་ཆབ་མདོར་བོད་སྐྱོར་ལས་དོན་ལ་རྟོག་ཞིབ་བྱེད་པར་བསྐྱོད་པ་དང་འབྲེལ་དངུལ་སྒོར་ཁྲི་1600ལྷག་ཙམ་རོགས་སྐྱོར་བྱས་པ་རེད། ཆབ་མདོ་གྲོང་ཁྱེར་གྱི་རོགས་སྐྱོར་དང་ལེན་བྱེད་མཁན་ཚན་པ་མང་པོ་སྔ་རྗེས་སུ་ཁྲུང་ཆིང་ཁ་གཏད་རོགས་སྐྱོར་ཚན་པར་སྤེལ་རེས་དང་འཚམས་འདྲིར་ཐེངས་བཅུ་ལྷག་ཙམ་བསྐྱོད་པ་རེད། ཁྲུང་ཆིང་དུ་ཆེད་དོན་གསོ་སྦྱོང་འཛིན་གྲྭ་དུས་ཐེངས་4གཉེར་ནས་ཆབ་མདོའི་རིམ་ཁག་དང་རིགས་ཁག་གི་ལས་བྱེད་པ་དང་ཤེས་ལྡན་མི་སྣ་མི་ཐེངས་300ལྷག་ཙམ་ལ་རིན་མེད་གསོ་སྦྱོང་བྱས་པ་དང་། རིགས་གཅིག་མཁས་ཅན་དང་དགེ་རྒན་ཆེ་མོ་བ་6ཆབ་མདོར་སློབ་ཁྲིད་བྱེད་པར་གདན་དྲངས་ནས་ལས་བྱེད་པ་དང་ཤེས་ལྡན་མི་སྣ་མི་ཐེངས་1000ལ་གསོ་སྦྱོང་བྱས་པ་རེད།

    བོད་སྐྱོར་གྱི“དཔུང་ཁག་ཧྲག་པོ”ཧུར་ཐག་བཏོད་པ།

    ཁྲུང་ཆིང་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པས་དོ་དམ་ནན་པོ་དང་སེམས་ཁུར་དང་གཅེས་སྐྱོང་གལ་ཆེ་མཉམ་འཛིན་དང་། སློབ་གསོའི་སྣེ་ཁྲིད་དང་ལམ་ལུགས་འཛུགས་སྐྱོང་མཉམ་སྤེལ་མཐའ་འཁྱོངས། བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣས་ས་མཐོའི་དཀའ་ཚེགས་ཆེ་བའི་ཁོར་ཡུག་ཏུ་ཏང་གཤིས་ལ་སྦྱོང་བརྡར་དང་། སྙིང་སྟོབས་ལ་ཞུན་བརྡར། གཤིས་རྒྱུད་ཡག་པོ་འཇག་པ་བཅས་བྱེད་པར་ཁྲིད་སྟོན་བྱས་ཏེ་ཁ་གཏད་རོགས་སྐྱོར་གྱི་བྱ་གཞག་ལ་བྱས་རྗེས་འཇོག་པ་དང་། འཇོན་ཐང་ཆེ་རུ་གཏོང་བ། རིན་ཐང་མངོན་འགྱུར་ཡོང་བ་བཅས་བྱས་ཡོད་པ་རེད།

    ལོ་ཕྱེད་རིང་བོད་སྐྱོར་ལས་དོན་སྤེལ་བ་བརྒྱུད། ཁྲུང་ཆིང་གྲོང་ཁྱེར་གྱི་བོད་སྐྱོར་ཁག་དགུ་པའི་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་ཏང་གཤིས་ལ་སྦྱོང་བརྡར་ཐེབས་པ་དང་། ཆབ་སྲིད་ལ་ཞུན་བརྡར་ཐེབས་པ། ལས་ཀར་སྦྱོང་བརྡར་ཐེབས་པ་བཅས་བྱུང་ཞིང་། འབྱུང་འགྱུར་བོད་སྐྱོར་གྱི་རྒྱང་སྐྱོད་ལམ་དུ་ཁོ་ཚོས་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བ་དང་། འགན་འཁྲིར་ངོ་མི་གནོང་བ། དངོས་འཛིན་དངོས་སྒྲུབ། ཕན་འབྲས་དོན་གཉེར་བཅས་བྱས་ཏེ་བོད་སྐྱོར་གྱི་རྒྱང་སྐྱོད་ལམ་དུ་ཡག་པོ་བསྐྱོད་ནས་གངས་ལྗོངས་ས་མཐོར་བྱས་རྗེས་འཇོག་སྲིད། 

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།