ཉེ་ཆར། དྲ་ཐོག་ཏུ་མོག་རོ་བཟས་ནས་དུག་ཕོག་པའི་གསར་འགྱུར་མང་པོ་མཐོང་རྒྱུ་ཡོད་པས། མི་མང་པོ་ཞིག་གིས་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད།
མོག་རོ་ནག་པོས་དུག་ཕོག་དོན་གང་ཡིན་ནམ་ཟེར་ན།
མོག་རོ་ནག་པོ་ཡུན་རིང་སྦོང་བའམ་ཉར་ཚགས་བྱེད་པའི་ཐབས་ཤེས་མི་འགྲིག་ཚེ། དུག་སྲིན་ཕྲ་མོའམ་ཧམ་སྤུ་རྒྱག་གི་ཡོད་པས། མོག་རོ་འདི་རིགས་བཟས་ཚེ་དུག་ཕོག་གི་ཡོད།
མོག་རོ་ནག་པོ་ཟ་སྐབས་ཡིད་གཟབ་བྱེད་དགོས་པ་གང་ཡོད་དམ་ཞེ་ན།
མོག་རོ་ནག་པོའི་སྦོང་ཡུན་ཆུ་ཚོད་8ལས་བརྒལ་མི་རུང་། རྒྱུན་གཏན་གནས་ཚུལ་འོག་མོག་རོ་ནག་པོ་ཆུ་དྲོད་འཇམ་མམ་ཆུ་གྲང་མོར་ཆུ་ཚོད་གཅིག་གཉིས་ཙམ་སྦོང་དགོས་པ་དང་། སླར་ཡང་ཆུ་འཁོལ་གྱིས་སྐར་མ་ལྔ་ནས་དྲུག་བར་རགས་ཙམ་བཙོས་རྗེས། ཆུ་བཤལ་གཙང་མ་བཏང་ནས་བཟས་ན་འགྲིག དེ་མིན་ན། ཁུ་བ་གཙང་མ་བཙག་ནས་ཕོར་པའམ་སི་རའི་ནང་བླུགས་ཏེ་སོས་ཉར་འགྱིག་ཤོག་གིས་ཐུམ་རྒྱག་དགོས། ད་ལྟར་བྱས་ཚེ། འཁྱག་སྒམ་དུ་ཉིན་5ནས་7བར་ཉར་ཚགས་བྱེད་ཐུབ་པ་དང་རྒྱུན་གཏན་དྲོད་ཚད་འོག་ཉིན་2ནས་3བར་ཉར་ཚགས་བྱེད་ཐུབ། ཡིན་ནའང་ཡག་ཤོས་བྱུང་ན་ཉིན་དེར་སྦངས་པ་ཉིན་དེ་རང་ལ་ཟ་དགོས།