དབུ་ཤོག>གསར་འགྱུར།
  • བརྩེ་བ་ཟབ་མོ་བཅངས་ནས་ཕན་ཚུན་རོགས་རམ་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-10-06

    2016ལོའི་ཟླ་12ཚེས་19ཉིན། རྒྱལ་ཁབ་མི་རིགས་ཨུ་ལྷན་གྱིས་ལྷ་ས་གྲོང་ཁྱེར་ལ“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་འཛུགས་བྱེད་སྒོའི་དཔེ་སྟོན་གྲོང་ཁྱེར”ཞེས་པའི་མིང་དངོས་སུ་བཏགས་པས། སྔར་ལས་ལྷག་པའི་སྒོ་ནས་ལྷ་སའི་མི་རིགས་མཐུན་སྒྲིལ་གྱི་རྣམ་པ་གསར་པ་བཏོད་པ་རེད།

    ཉེ་བའི་ལོའི་ནང་། ལྷ་ས་གྲོང་ཁྱེར་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་འཛུགས་ལས་དོན་ཕྱོགས་ཡོངས་ནས་ཟབ་ཏུ་གཏོང་བ་དང་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་དུས་མཚམས་གསར་པར་སླེབས་པར་དམིགས་ཏེ། སྒྲིག་འཛུཌ་ཞིབ་ཚགས་དང་བཀོད་སྒྲིག་ནན་ཏན་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་འཛུཌ་བྱེད་སྒོར་སྤྱི་འདོམས་དང་ཟབ་ཏུ་བཏང་ནས་མི་རིགས་མཐུན་སྒྲིལ་ལ་ཚ་རླབས་གསར་པ་སླར་ཡང་འཕྱུར་བ་བྱས་ཡོད།

    ཉེ་བའི་ལོའི་ནང་། ལྷ་ས་གྲོང་ཁྱེར་གྱིས་ས་ཁོངས་ཀྱི་ལེགས་ཆར་གཞི་ཚུགས་ནས་གུང་ཁྲན་ཏང་ཡོན་གྱི་མི་རིགས་མཐུན་སྒྲིལ་གདོང་ལེན་བྱེད་སྒོ་དང་། གུང་གཞོན་སྡེ་ཚོགས་ཀྱི་མི་རིགས་མཐུན་སྒྲིལ་འོད་འཕྲོའི་བྱ་སྤྱོད། ལོ་ཆུང་གདོང་ལེན་རུ་མིའི་མི་རིགས་མཐུན་སྒྲིལ་གྱི་ལག་གདང་སྦྲེལ་བའི་བྱེད་སྒོ མི་རིགས་མཐུན་སྒྲིལ་གྱི་བུད་མེད་ཀྱི་བྱ་སྤྱོད་སོགས་ལ་བརྟེན་ནས་སྣ་མང་ཕུན་སུམ་ཚོགས་པའི་རྣམ་པ་སྤྱད་པ་དང་། ལག་རྩལ་གསར་པ་དང་སྨྱན་སྦྱོར་གསར་པ་གང་ལེགས་སྤྱད་པ། དངོས་གཞི་ཅན་གྱི་དྲིལ་བསྒྲགས་གཞི་རྟེན་བསྐྲུན་པ། དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་དྲིལ་བསྒྲགས་ཡག་པོ་བཅས་བྱས་ཏེ་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོ་རྒྱུན་མཐུད་ངང་སྤེལ་བ་རེད།

    མི་རིགས་མཐུན་སྒྲིལ་ནི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ལྟ་བུ་ཡིན། མི་རིགས་མཐུན་སྒྲིལ་ལས་དོན་ཡག་པོ་སྒྲུབ་ཆེད། ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར་ཡོངས་ཀྱི་སྟོབས་ཤུགས་དང་གྲོང་ཁྱེར་ཡོངས་ཀྱི་བློ་གྲོས་ལ་བརྟེན་ནས་གྲོང་ཨུད་ཀྱི་ཧྲུའུ་ཅིས་ཙུའུ་ཀྲང་བྱེད་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་འཛུགས་བྱེད་སྒོ་སྔར་བས་ཟབ་ཏུ་གཏོང་བའི་འགོ་ཁྲིད་ཚོགས་ཆུང་བཙུགས་ཏེ། ལས་ཀའི་ཇུས་གཞི་བཟོས་པ་དང་། ལས་ཀའི་འགན་འཁྲི་ཁ་གསལ་བཟོས་པ། གྲོན་དངུལ་འགན་ལེན་ལ་ཤུགས་སྣོན་བརྒྱབ་པ་བཅས་ཀྱི་ཐོག་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་འཛུགས་བྱེད་སྒོ་གཏིང་ཟབ་ངང་སྤེལ་བ་རེད། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་མི་རིགས་མཐུན་སྒྲིལ་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ། ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་སྔ་ཕྱི་བར་གསུམ་དུ་སེམས་ནང་འཇོག་པ་དང་དེར་དམ་འཛིན་ནན་པོ་བྱས་ཏེ་སྲོག་རྩ་ལྟ་བུར་བརྩིས་ནས། སྒྱུར་འཕེལ་བརྟན་གསུམ་གྱི་ཕྱོགས་ཁག་ལ་ཁྱབ་པར་བྱས་པས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་འཛུགས་ཀྱི་མཉམ་ཤུགས་ཆེ་རུ་ཕྱིན་ཡོད་པ་རེད།

    ད་དུང་ལྷ་ས་གྲོང་ཁྱེར་གྱིས་སྔ་རྗེས་སུ《མི་རིགས་མཐུན་སྒྲིལ་གྱི་བསྟོད་གླུ》དང་། 《ལྷ་ས་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དངོས་མཚོན་དྲིལ་བསྒྲགས་པར་གཞི》 《མི་རིགས་མཐུན་སྒྲིལ་དཔེ་བཟང་གི་བྱས་རྗེས་ཕྱོགས་བསྒྲིགས》བཅས་སྒྲིག་བཟོ་བྱས་པ་དང་། དེ་བཞིན་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་གསལ་བརྡ་དང་ཤོག་ཕོར་སོགས་ཀྱི་དྲིལ་བསྒྲགས་དངོས་པོ་བཟོས་པ་རེད། དེ་དང་ཆབས་ཅིག ཤིན་ཧྭ་དྲ་བ་དང་། ཀྲུང་གོ་མི་རིགས་བརྙན་པར། ཀྲུང་གོ་མི་རིགས་དུས་དེབ་ཁང་། 《བོད་ལྗོངས་ཉིན་རེའི་ཚགས་པར》《ལྷ་ས་ཉིན་རེའི་ཚགས་པར》སོགས་ལྗོངས་ཕྱི་ནང་གི་གཙོ་རྒྱུན་སྨྱན་སྦྱོར་ལ་བརྟེན་ནས་གྲོང་ཁྱེར་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་ཚུལ་དྲིལ་བསྒྲགས་བྱས་པ་རེད།

    ད་ཆ་ལྷ་སར་མི་སེམས་འགུལ་བའི་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་མང་པོ་ཐོས་རྒྱུ་ཡོད། རྒན་ཡོལ་ཞུས་པའི་བཟོ་པ་ནོར་བུ་ཆོས་གྲགས་ཀྱིས་སྒེར་སེམས་མེད་པར་ནད་ཕོག་པའི་རྒྱ་རིགས་གཅེན་གཅུང་ཡན་ཡུང་ལ་ནད་གཡོག་རྒྱུག་པ་དང་། ལོ་དེ་དག་ནང་ནོར་བུ་ཆོས་གྲགས་ཀྱིས་ཡན་ཡུང་ལ་རོགས་པ་བྱས་ཏེ་སྨན་པ་བསྟེན་པར་བསྐྱོད་པའི་ལམ་ཐག་སྤྱི་ལེ་ཁྲི་2ལྷག་ཙམ་ཟིན་ཡོད། སྤྱི་ལེ་ཁྲི་2ལྷག་ཙམ་ལས་བོད་རྒྱ་གཅེན་གཅུང་དབར་གྱི་བརྩེ་བ་ཟབ་མོ་མཚོན་པ་དང་། ཁོང་གཉིས་ཀྱི་གཏམ་རྒྱུད་དེ་ཡང་བོད་རྒྱའི་མཛའ་གྲོགས་དང་མི་རིགས་མཐུན་སྒྲིལ་གྱི་དངོས་མཚོན་ཞིག་ཏུ་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།