ཉེ་ཆར། མངའ་རིས་ས་ཁུལ་མི་རིགས་ཆོས་ལུགས་ཅུས་ཀྱིས་གཙོ་གཉེར་བྱས་པའི་མངའ་རིས་ཀྱི“མི་རིགས་མཐུན་སྒྲིལ་ཟླ་བའི”དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སེང་གེ་ཁ་འབབ་གྲོང་རྡལ་དུ་སྤེལ་བ་རེད།
བྱེད་སྒོ་སྤེལ་རིང་། མངའ་རིས་ས་ཁུལ་འཐབ་ཕྱོགས་གཅིག་གྱུར་དང་། དྲིལ་བསྒྲགས། རིག་གནས་སོགས་ས་ཁུལ་གྱི་ཐད་གཏོགས་འབྲེལ་ཡོད་ཚན་པ་དང་སྡེ་ཚན་27གྱིས་སེང་གེ་ཁ་འབབ་གྲོང་རྡལ་གྱི་སྲང་ལམ་དུ“ཁྲོམ་འདོན་བྱེད་པའི”བྱ་ཐབས་བརྒྱུད། ཕར་འགྲོ་ཚུར་འོང་བྱེད་མཁན་མང་ཚོགས་ལ་དཔྱད་གཞི་དང་། དྲིལ་བསྒྲགས་ལག་དེབ། དྲན་རྟེན་དངོས་རྫས་བཅས་སྤྲད་དེ་ཏང་དང་རྒྱལ་ཁབ་ཀྱི་མི་རིགས་སྲིད་ཇུས་དང་མི་རིགས་མཐུན་སྒྲིལ་གྱི་གཞི་རྩའི་ཤེས་བྱ་གཅིག་སྡུད་ཐོག་དྲིལ་བསྒྲགས་བྱས་པ་དང་འབྲེལ། ཚང་མས“‘ཤེས་དཔལ་བྱ་སྤྱོད་ཆུང་ངུས’མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པའི”འགྲེམས་པང་ཐོག་རང་མིང་འགོད་པའི་འབོད་སྐུལ་བྱས་པ་རེད། བྱེད་སྒོའི་ནང་མང་ཚོགས་ཆིག་སྟོང་ལྷག་ཙམ་ཞུགས་ཡོད་པ་དང་རིགས་ཁག་གི་དྲིལ་བསྒྲགས་དཔྱད་གཞི་ཁྲི་4ཙམ་སྤྲད་ཡོད་པ་རེད།