
ཟླ་9ཚེས་26ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་ཆབ་མདོ་གྲོང་ཁྱེར་གྲུ་གུ་ལ་ཕུག་ལམ་གྱི་མདུན་དུ་རྒྱལ་ལམ་317གྱི་གྲུ་གུ་ལ་ཕུག་ལམ་དང་། དེ་བཞིན་ལམ་མཐུད་ལས་གྲྭ་ལས་མཇུག་འགྲིལ་ནས་རླངས་འཁོར་ཤར་གཏོང་ཐུབ་པའི་བྱེད་སྒོ་སྤེལ་བ་རེད།
གྲུ་གུ་ལ་ཕུག་ལམ་དང་ལམ་མཐུད་ལས་གྲྭ་ནི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་རང་སྐྱོང་ལྗོངས་ཀྱིས་གཏན་འཁེལ་བྱས་པའི་གཞུང་ལམ་འགྲིམ་འགྲུལ་འཛུགས་སྐྲུན་གྱི་གཙོ་གནད་རྣམ་གྲངས་ཀྱི་གྲས་ཤིག་ཡིན། 2015ལོའི་ཟླ་5པར་ལས་འགོ་ཚུགས་པ་དེར་ཁྱོན་མ་དངུལ་སྒོར་དུང་ཕྱུར་8.29བཏང་བ་དང་། འཛུགས་སྐྲུན་ལས་ཡུན་ལོ་4འགོར་བ། ལམ་ཐིག་ཧྲིལ་པོར་སྤྱི་ལེ་8.97བཅས་ཡོད་པས་དེ་སྔའི་ལམ་རྙིང་པ་ལས་སྤྱི་ལེ་19.6ཐུང་དུ་ཕྱིན་ནས་དུས་ཚོད་ཆུ་ཚོད་1ཙམ་གྲོན་ཆུང་ཐུབ་ཀྱི་ཡོད། འདི་ནི་རང་ལྗོངས་ཀྱི་བར་ལ་དང་སྔས་ལ་རི་བོའི་ཕུག་ལམ་རྗེས་ཀྱི་ས་བབ་མཐོ་བའི་ས་ཁུལ་གྱི་ཕུག་ལམ་རིང་ཤོས་གཞན་ཞིག་ཡིན་ཞིང་། འདི་ནི་རླངས་འཁོར་རིམ་གྱིས་ཕུག་ལམ་ནས་དོན་བཞིན་པ།