ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་མཐོ་ཚད་ཐོག་ནས་མི་རིགས་མཐུན་སྒྲིལ་ནི་མང་ཚོགས་ཀྱི་ལས་དོན་གལ་ཆེ་ཤོས་སུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་མི་རིགས་ལས་དོན་གྱི་མཛུབ་ཁྲིད་དགོངས་པ་དང་། གཞི་རྩའི་རྩ་དོན། དམིགས་ཚད་ལས་འགན། སྲིད་ཇུས་བྱེད་ཐབས་བཅས་སྔར་བས་ཁ་གསལ་བཟོས་ཏེ་ངེད་ཚོས་དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་ཡག་པོ་སྒྲུབ་པར་ཁ་ཕྱོགས་གསལ་སྟོན་དང་བརྩི་སྲུང་ཞུ་ས་མཁོ་འདོན་གནང་ཡོད།
མི་རིགས་མཐུན་སྒྲིལ་བྱ་རྒྱུ་ནི་རྩྭ་ཐང་སྟེང་གི་ཉི་འོད་དང་། སྔོ་གླིང་གི་གངས་ཆུ། རི་ཁྲོད་ཀྱི་བསིལ་རླུང་བཅས་ལྟ་བུ་དང་འཕེལ་རྒྱས་ཡར་ཐོན་གྱི་རྨང་གཞི་དང་མི་དམངས་བདེ་སྐྱིད་ཀྱི་སྔོན་འགྲོ་བཅས་རེད། ད་ཕན་ལོ་ཤས་རིང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བློ་བརྟན་འགྱུར་མེད་ངང་ཏང་གི་མི་རིགས་ལས་དོན་གྱི་མཛད་ཕྱོགས་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱས་ཏེ་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་འཐབ་ཇུས་རང་བཞིན་དང་། རྨང་གཞིའི་རང་བཞིན། ཡུན་རིང་རང་བཞིན་བཅས་ཀྱི་ལས་དོན་ལ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་སྐུལ་འདེད་ཏན་ཏིག་བཏང་བས་ལྗོངས་ཡོངས་སུ་མི་རིགས་ཁག་གི་སྤུན་ཟླ་མཛའ་གཅུགས་ཟབ་པ་དང་། ཕན་ཚུན་ལྟ་སྐྱོང་། འཆམ་མཐུན་མཉམ་གནས། ཕྱར་བ་གྲུ་འདེགས། ཞི་མཐུན་འཕེལ་རྒྱས་བཅས་ཀྱི་རྣམ་པ་བཟང་པོ་མངོན་ཡོད། “རྒྱ་རིགས་གྲངས་ཉུང་མི་རིགས་དང་ཁ་འབྲལ་ཐབས་མེད་པ་དང་། གྲངས་ཉུང་མི་རིགས་རྒྱ་རིགས་དང་ཁ་འབྲལ་ཐབས་མེད་པ། གྲངས་ཉུང་མི་རིགས་ཁག་ཕན་ཚུན་ཁ་འབྲལ་ཐབས་མེད་པ”བཅས་དང་དེ་བཞིན“མཐུན་སྒྲིལ་བརྟན་ལྷིང་ནི་བདེ་སྐྱིད་དང་ཁ་ཕྲལ་ཟང་ཟིང་ནི་ཆག་སྒོ་ཡིན་པའི”འདུ་ཤེས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སེམས་ནང་གཏིང་ཟབ་ཟུག་སྟེ་མི་རིགས་མཐུན་སྒྲིལ་བྱ་རྒྱུ་དེ་བོད་འདི་ཉིད་ཟམ་མི་ཆད་པར་འཕེལ་རྒྱས་ཡར་ཐོན་དང་ཟམ་མི་ཆད་པར་དར་རྒྱས་འགྲོ་བའི་རྨང་རྡོ་ཞིག་ཏུ་གྱུར་ཡོད།
སྟོབས་ཤུགས་རླབས་ཆེ་ཤོས་ནི་སེམས་ཤུགས་གཅིག་སྒྲིལ་བྱ་རྒྱུ་དང་རྨང་རྡོ་བརྟན་ཤོས་ནི་མཐུན་སྒྲིལ་བརྟན་ལྷིང་ཡོང་བ་བྱ་རྒྱུ་དེ་རེད། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བ་དང་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་60འཁོར་བའི་མཚམས་དེར། བརྗིད་ཆགས་ཉམས་ལྡན་གྱི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོར་ཕྱིར་མིག་བལྟས་ཚེ་ང་ཚོས་རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ནི་ཐོག་མཐའ་བར་གསུམ་དུ་ལོ་རྒྱུས་འཕེལ་རྒྱས་ཀྱི་གཙོ་རྒྱུན་དང་། མི་རིགས་ཁག་གི་མཐུན་སྒྲིལ་ཆེ་མོ་ནི་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེ་མོའི་ཁེ་ཕན་ཆེ་ཤོས། སྤྱི་ཚོགས་བརྟན་ལྷིང་དང་། དཔལ་འབྱོར་འཕེལ་རྒྱས། མི་དམངས་བདེ་སྡོད་ལས་བརྩོན་བཅས་ཀྱི་བདེ་སྐྱིད་ཀྱི་འབྱུང་ཁུངས་ཡིན་པ་གསལ་པོར་མཐོང་ཐུབ། མི་རིགས་མཐུན་སྒྲིལ་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་དབར་འཆམ་མཐུན་མཉམ་གནས་དང་བདེ་སྐྱིད་ཁམས་བཟང་གི་སྲོག་རྩ་དང་། བོད་ཀྱི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་དང་ཡུན་རིང་བདེ་འཁོད་ཡོང་བའི་རྨང་གཞི། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཁྲི་ཚོ་300ལྷག་ཙམ་གྱི་ཐུན་མོང་གི་འདུན་པ་བཅས་རེད། དེ་ནི་ལོ་རྒྱུས་ཀྱི་བསྡོམས་ཚིག་རེད་ལ་དངོས་ཡོད་དང་མཐུན་པའི་འབོད་སྐུལ་ཞིག་ཀྱང་རེད།
ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ཁོ་ནའི་འོག་དང་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་པང་དུ་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་དེ་མི་རིགས་ཁག་གི་མི་དམངས་ཀྱི་བློ་སེམས་གཅིག་མཐུན་དང་། སྤུན་ཟླའི་མཛའ་གཅུགས། ཕན་ཚུན་ལྟ་སྐྱོང་བཅས་ཀྱི་སྟོབས་ཤུགས་ཆེན་པོ་གཅིག་སྡུད་བྱས་ཚེ་གཞི་ནས་བོད་ལ་དར་རྒྱས་ཡར་ཐོན་གྱི་ད་ཆ་དང་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཡོང་སྲིད་པ་དེ་ནི་ལོ་རྒྱུས་དང་དོན་དངོས་ཀྱིས་ར་སྤྲོད་ཡང་ཡང་བྱས་པའི་བདེན་དོན་ཞིག་རེད། འོན་ཀྱང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས“བོད་རང་བཙན”གྱི་ལོག་སྤྱོད་ཀྱི་ཆབ་སྲིད་དམིགས་ཡུལ་བཅངས་ནས་ངོ་ལོག་བྲོས་བྱོལ་བྱས་རྗེས་ཀྱི་ལོ་བཅུ་ཕྲག་ཁ་ཤས་རིང་། རྒྱུན་ཆད་མེད་པར་མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བའི་དཀྲོག་གཏམ་བཟོས་པ་དང་། ཁ་ཕྲལ་དང་གཏོར་བཤིག་གི་དོན་རྐྱེན་སྣ་ཚོགས་བཟོས་པ། བོད་རྒྱ་མི་རིགས་རྩ་བ་གཅིག་དང་། འབྱུང་ཁུངས་གཅིག རིག་གནས་གཅིག་བཅས་ཡིན་པ་མངོན་སུམ་འཛེམས་མེད་ངང་ཁས་མི་ལེན་པ། བོད་འདི་ཉིད་གནའ་སྔ་མོ་ནས་རླབས་ཆེན་མེས་རྒྱལ་གྱི་ཁ་འབྲལ་དུ་མི་རུང་བའི་ཆ་ཤས་ཤིག་ཡིན་པ་མངོན་སུམ་འཛེམས་མེད་ངང་ཁས་མི་ལེན་པ། བོད་མི་རིགས་ཀྱི་རིག་གནས་ནི་ཀྲུང་ཧྭ་ཡི་རིག་གནས་ཀྱི་ཁ་འབྲལ་དུ་མི་རུང་བའི་ཆ་ཤས་ཤིག་ཡིན་པ་མངོན་སུམ་འཛེམས་མེད་ངང་ཁས་མི་ལེན་པ་བཅས་བྱས་ཏེ་བོད་ཀྱི་མི་རིགས་ཁག་དང་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེ་མོ་དང་བོད་ཀྱི་རིག་གནས་དང་སྣ་མང་གཞི་གཅིག་ཅན་གྱི་ཀྲུང་ཧྭ་ཡི་རིག་གནས་ཁ་ཕྲལ་རྒྱུའི་རེ་ངན་བཅངས་ཡོད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་བྱེད་སྤྱོད་ཀྱིས་བོད་མི་དམངས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་ཀྲུང་ཧྭ་མི་རིགས་ཀྱི་རྩ་བའི་ཁེ་ཕན་ལ་གནོད་འཚེ་ཚབས་ཆེན་བཟོ་བ་དེ་ཐོག་ནས་མེས་རྒྱལ་ཁ་ཕྲལ་གཏོང་བ་དང་མི་རིགས་མཐུན་སྒྲིལ་དང་བོད་ཀྱི་སྤྱི་ཚོགས་བརྟན་ལྷིང་ལ་གཏོར་བཤིག་གཏོང་བའི་ཁོ་པའི་ལོག་སྤྱོད་ཀྱི་ངོ་བོ་དམར་རྗེན་དུ་མངོན་ཡོད་པས་དེ་ནི་མི་སེམས་ལ་མི་འབབ་པ་དང་རྩ་མེད་དུ་འགྲོ་ངེས་རེད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་བོད་ཀྱི་མི་རིགས་མཐུན་སྒྲིལ་དང་ཞི་མཐུན་བརྟན་ལྷིང་གི་རྣམ་པ་ཧ་ཅང་བཟང་པོ་གཏོར་བཤིག་གཏོང་རྒྱུའི་རེ་ངན་ཇི་ཙམ་བཅངས་ཚེ། ང་ཚོས་དེ་ཙམ་གྱིས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཀྱི་སྤྱིའི་དམིགས་ཚད་ལ་དམིགས་ནས་ཐོག་མཐའ་བར་གསུམ་དུ་ཏང་གི་མི་རིགས་སྲིད་ཇུས་མཐའ་འཁྱོངས་དང་། མི་རིགས་ས་ཁོངས་རང་སྐྱོང་གི་གཞི་རྩའི་ཆབ་སྲིད་ལམ་ལུགས་མཐའ་འཁྱོངས། མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བ་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བརྟན་པོ་སྐྲུན་པ་དང་ས་མཐོའི་བུ་ཕྲུག་གིས་ཐུན་མོང་ཐོག་མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བཅས་བྱེད་པའི་ངར་ལྕགས་ལྟ་བུའི་ལྕགས་རི་རིང་པོ་བརྟན་པོ་སྐྲུན་དགོས།
མི་རིགས་ཁག་མཐུན་སྒྲིལ་དང་འཆམ་མཐུན་གྱི་རྣམ་པ་ཧ་ཅང་བཟང་པོ་ནི་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུན་མོང་དུ་དབང་བའི་རྩ་ཆེའི་རྒྱུ་ནོར་དང་ང་ཚོས་ལས་དོན་མཐའ་དག་ཡག་པོ་སྒྲུབ་པའི་འགན་ལེན་གལ་ཆེན་ཡིན་པས་ངེས་པར་དུ་གཅེས་སྤྲས་ལྡབ་བརྒྱ་དང་གཅེས་སྐྱོང་ཞིབ་ཚགས་བྱེད་དགོས།
མིག་སྔར། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་དམིགས་ཚད་མངོན་འགྱུར་བྱ་ཆེད་འབད་འབུངས་ཡར་བརྩོན་བྱེད་བཞིན་ཡོད། བརྗིད་ཆེའི་དམིགས་ཚད་མངོན་འགྱུར་བྱེད་པར་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་། མཉམ་ཤུགས་གཅིག་སྡུད། ཐུན་མོང་གི་འབད་བརྩོན་བཅས་བྱ་རྒྱུ་དགོས་གལ་ཆེན་པོ་ཡོད། ང་ཚོས་མི་རིགས་ལས་དོན་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་ཏན་ཏིག་བྱེད་པ་དང“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་དང་རང་སྐྱོང་ལྗོངས་ཀྱི“མི་རིགས་མཐུན་སྒྲིལ་ཟླ་བ”ཐེངས་29པ་དང་ཟུང་འབྲེལ་བྱས་ཏེ་མི་རིགས་མཐུན་སྒྲིལ་དྲིལ་བསྒྲགས་སློབ་གསོ་མུ་མཐུད་གཏིང་ཟབ་སྤེལ་བ་དང་། བརྟན་ལྷིང་མཐུན་སྒྲིལ་གྱི་ཆབ་སྲིད་རྣམ་པ་སྔར་བས་སྲ་བརྟན་དང་འཕེལ་རྒྱས་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭ་ཡི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ཀྱི་མོས་སེམས་ཟམ་མི་ཆད་པར་ཟབ་ཏུ་གཏོང་བ་དང་མི་རིགས་མཐུན་སྒྲིལ་དང་། སྤྱི་ཚོགས་བརྟན་ལྷིང་། རྒྱལ་ཁབ་གཅིག་གྱུར་བཅས་ལ་སྲུང་སྐྱོང་དེ་བས་ལེགས་པ་བྱས་ཐོག ས་མཐོར་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་རྟག་ཏུ་བཞད་ཐུབ་པ་བྱེད་དགོས།