དབུ་ཤོག>གསར་འགྱུར།
  • རི་སྔོན་ཆུ་མོ་དྭངས། མཐུན་སྒྲིལ་གླུ་དབྱངས་སྙན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-09-13

    བོད་ཀྱི་ཤར་ལྷོའི་རྒྱུད་དུ་ས་ཆ་འདི་འདྲ་ཞིག་ཡོད་པ་སྟེ། དེ་གར་དལ་བུར་རྒྱུག་པའི་ཉང་ཆུ་དང་ལང་ལོང་དུ་རྒྱུག་པའི་ཡར་ཀླུང་གཙང་པོ་གཅིག་ཏུ་འདྲེས་ཤིང་། དུང་ལྟར་དཀར་བའི་གངས་རི་དང་མཛེས་ཤིང་ལྟ་ན་སྡུག་པའི་ཁམ་བུའི་མེ་ཏོག་གི་མཚར་སྡུག་འགྲན་བཞིན་མཆིས། དེ་གར་མི་རིགས་ཁག་གི་མང་ཚོགས་ཁྲི་22མཐུན་སྒྲིལ་དམ་ཟབ་ངང་བདེ་སྐྱིད་འཚོ་བར་རོལ་བཞིན་ཡོད། གནས་དེ་ནི་མི་རྣམས་ཀྱིས“གངས་ལྗོངས་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ”ཞེས་འབོད་པའི་ཉིང་ཁྲི་ཡིན་པ་དང་། བོད་རིགས་ཀྱིས་གྲུབ་ཆ་གཙོ་བོ་བྱེད་པ་དང་། རྒྱ་རིགས་དང་། མོན་པ། ལྷོ་པ་སོགས་མི་རིགས་35དང་ཏེང་པ་བ་འཆམ་མཐུན་མཉམ་གནས་ཀྱི་མི་རིགས་མང་བའི་གནས་སྡོད་ཁུལ་ཞིག་རེད་ལ། གང་ནས་བལྟས་ཀྱང་མི་རིགས་ཁག་གི་མི་དམངས་རྣམས་དགའ་སྐྱིད་མཉམ་འཛོམས་ལ་རོལ་བའི་འཆམ་མཐུན་ལྡན་པའི་གནས་མཆོག་ཅིག་ཏུ་མཐོང་།

    སྒྲིག་སྲོལ་ལམ་སྲོལ་དེ་བས་འཐུས་སྒོ་ཚང་དུ་བཏང་བ།

    ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་དང་གྲོང་ཁྱེར་སྲིད་གཞུང་གིས་མི་རིགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གསར་གཏོད་ལས་དོན་གནས་བབ་ཨང་དང་པོར་བཞག་སྟེ། ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ་དང་། མི་རིགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་པ། འགོ་ཁྲིད་ལ་ཤུཌ་སྣོན་དང་། སྒྲིག་འཛུགས་ཚགས་ཚུད། གཙོ་གནད་བཀོད་སྒྲིག་བཅས་བྱས་པས་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གསར་གཏོད་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་རེད།

    མི་རིགས་མཐུན་སྒྲིལ་གྱི་མཛེས་སྡུག་ལྡན་པའི་འཆར་གཞི་འགོད་པར་ལམ་སྲོལ་ཡག་པོ་ཞིག་དགོས།

    གསར་གཏོད་ཀྱི་དུས་འགོར་ཉིང་ཁྲི་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡིས《ཉིང་ཁྲི་ས་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་གཏོད་འདེམས་བྱེད་སྒོའི་ལག་བསྟར་བྱ་ཐབས》བཟོས་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་གཏོད་འདེམས་བྱེད་སྒོའི་སྤྱིའི་བླང་བྱ་དང་། དཔྱད་འདེམས་ཀྱི་ཁྱབ་ཁོངས་དང་ཆ་རྐྱེན། རྩ་འཛུགས་ཀྱི་འགོ་ཁྲིད་སོགས་ཀྱི་ཞིབ་ཕྲའི་བླང་བྱ་བཏོན་ནས་འབྱུང་འགྱུར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་གཏོད་འདེམས་བྱེད་སྒོ་སྤེལ་བར་བརྩི་སྲུང་ཞུ་ས་ནུས་ལྡན་མཁོ་འདོན་བྱས་པ་རེད།

    2018ལོར་ཉིང་ཁྲི་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས“ལྔ་ལྡན་ཉིང་ཁྲི”དང“ལྔ་ལྡན་གྲོང་ཁྱེར་མཉམ་སྐྲུན”ལས་ཀའི་སྤྱིའི་བླང་བྱ་བཏོན་ནས་དར་རྒྱས་ཀྱི་ཉིང་ཁྲི་དང་། ཞི་མཐུན་གྱི་ཉིང་ཁྲི། ལྗང་མདོག་གི་ཉིང་ཁྲི། སྐྱོན་བྲལ་གྱི་ཉིང་ཁྲི། མཛེས་སྡུག་ལྡན་པའི་ཉིང་ཁྲི་བཅས་འཛུགས་པ་དང་། མང་ཚོགས་ལ་ཉེ་འཁོར་གྱི་དོན་ཆུང་སྒྲུབ་པ་ནས་འགོ་འཛུགས་པ་དང་། ལས་ཀའི་འགན་འཁྲི་ཡག་པོ་སྒྲུབ་པ་ནས་འགོ་འཛུགས་པ། རྒྱུན་འཁྱོངས་ལྷོད་མེད་དང་། སྙིང་རུས་གཏན་འཁྱོངས་ཀྱིས“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས‘ལྔ་ལྡན་ཉིང་ཁྲི’ཡི་འཛུགས་སྐྲུན”གང་སར་ཁྱབ་པ་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད།

    མི་རིགས་དབར་འབྲེལ་འདྲིས་སྔར་བས་ཟབ་མོ་བྱུང་བ།

    ཕན་ཚུན་སྐུལ་འདེད་རྣམ་པའི་སྤྱི་ཚོགས་གྲུབ་ཆ་དང་སྡེ་ཁུལ་གྱི་ཁོར་ཡུག་ཅིག་འཛུཌ་རྒྱུར་སྐུལ་མ་གཏོང་བ་དང་། མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། འབྲེལ་འདྲིས་བཅས་ཡོང་བར་སྐུལ་མ་གཏོང་ཆེད། 2000ལོ་ནས་2003ལོ་བར་བོད་ལྗོངས་ཐེན་པའོ་ལས་གྲྭའི་སྣོད་བཅུད་གནས་སྤོ་བཀོད་སྒྲིག་བྱེད་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་གཅིག་སྡུད་དང་། ཁ་ཐོར། སྣོལ་མ་བཅས་ཀྱི་བཀོད་སྒྲིག་བྱ་ཐབས་སྤྱད་དེ། ཆབ་མདོ་གྲོང་ཁྱེར་གྱི་དུད་ཚང་550དང་མི་གྲངས་3232ཟིན་པའི་ཞིང་འབྲོག་མང་ཚོགས་བྲག་ཡིབ་ཆུས་དང་། སྨན་གླིང་རྫོང་། སྤོ་བོ་རྫོང་། ཀོང་པོ་རྒྱ་མདའ་རྫོང་བཅས་རྫོང་དང་ཆུས་བཞིར་གནས་སྤོ་བཀོད་སྒྲིག་བྱས་ཡོད།

    ལག་ལེན་ལས་ར་སྤྲོད་བྱུང་དོན། གནས་སྤོས་མང་ཚོགས་རྣམས་སྤོ་ཐུབ་པ་དང་། གནས་ཐུབ་པ། ཕྱུག་པོ་ཆགས་པ་བཅས་ཀྱི་དམིགས་ཚད་མངོན་འགྱུར་བྱུང་བ་དང་ཆབས་ཅིག ས་གནས་ཀྱི་མང་ཚོགས་དང་གཞི་གཅིག་ཏུ་འདྲེས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད། འདི་ལོའི་ལོ་སྟོད་དུ་ཁག་བདུན་གྱི་དུད་ཚང་351དང་མི་གྲངས་2098གནས་སྤོ་བྱས་པ་ཚང་མ་ཉིང་ཁྲིའི་ས་གཞི་ཆེ་མོར་ས་གནས་ཀྱི་མི་སེར་དང་ཕན་ཚུན་འབྲེལ་འདྲིས་བྱུང་ནས་ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་ཕ་ཡུལ་སྐྲུན་བཞིན་ཡོད་པ་རེད།

    ད་ཆ་ཉིང་ཁྲིའི་རི་བོ་དང་ཆུ་བོའི་ངོགས་གཉིས་ཀྱི་འགྲོ་ལམ་ཐད་ཀར་གྲོང་ཚོ་དང་དུད་ཚང་དུ་ཤར་གཏོང་ཐུབ་པ་མ་ཟད། ཁྱད་ཆོས་སྣ་ཚོགས་ལྡན་པའི་བོད་བཟོའི་སྡོད་ཁང་སྟར་པ་མང་པོར་མང་ཚོགས་ཁྲི་སྟོང་སྤོས་ཏེ་པིར་གྱིས་བྲིས་པའི་རི་མོ་ལྟར་ཉིང་ཁྲི་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མཛེས་ཤིང་ཡིད་དུ་འོང་བའི་རྣམ་པ་ཞིག་མངོན་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།