དབུ་ཤོག>གསར་འགྱུར།
  • ནག་ཆུ་གྲོང་ཁྱེར་སོག་རྫོང་གིས“བློ་སྐྱོར་རིག་སྐྱོར”ལ་བརྟེན་ནས་དབུལ་སྒྲོལ་ལ་སྐུལ་འདེད་གཏོང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  བསོད་ནམས་ཆུང་འབྲུག   |     སྤེལ་དུས།  2019-09-11

    རྫོང་ཡོངས་ཀྱི་མང་ཚོགས་དབུལ་པོའི“སྒུག་རྟེན་སློང་གསུམ”གྱི་བསམ་པ་དང“ཉི་མ་གང་འཁྱོལ་དང་གཞན་གྱི་རོགས་རམ་ཁོ་ན་སྒུག་པའི”སེམས་ཁམས་ལ་འགྱུར་ལྡོག་གཏོང་རྒྱུར་སྔར་བས་སློབ་གསོ་སྣེ་ཁྲིད་བྱས་ཏེ་མང་ཚོགས་ཀྱི་དབུལ་སྒྲོལ་ཕྱུག་འགྱུར་གྱི་ནང་སྐྱེས་སྒུལ་ཤུགས་ཟམ་མི་ཆད་པར་སྐུལ་སྤེལ་བྱེད་པ་དང་བསམ་པའི་དབུལ་སྐྱོར་དང་དངོས་པོའི་དབུལ་སྐྱོར་ཟུང་འབྲེལ་ལ་སྐུལ་འདེད་གཏོང་ཆེད། ནག་ཆུ་གྲོང་ཁྱེར་སོག་རྫོང་གིས་ཞན་ཆ་གསབ་པ་དང་། གཙོ་གནད་ལ་དམ་འཛིན། “བློ་སྐྱོར་རིག་སྐྱོར”བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ནས་རྣམ་པ་སྣ་ཚོགས་ཀྱི“བློ་སྐྱོར་རིག་སྐྱོར”འཛིན་གྲྭ་གཉེར་བ་རེད།

    དྲིལ་བསྒྲགས་སློབ་གསོ་སྤེལ་ནས་བསམ་པའི་དབུལ་སྒྲོལ་ལ་སྣེ་ཁྲིད་བྱེད་པ། “བློ་སྐྱོར་རིག་སྐྱོར”འཛིན་གྲྭ་གཞི་རྟེན་དུ་བྱས་ཏེ་རྒྱ་ཆེའི་དུད་ཚང་དབུལ་པོར་ཏང་དང་རྒྱལ་ཁབ་ཀྱི་དབུལ་སྐྱོར་སྲིད་ཇུས་དྲིལ་བསྒྲགས་གཏིང་ཟབ་བྱེད་པ་དང་། དུད་ཚང་དབུལ་པོར“འཚོ་བ་དབུལ་པོར་བློ་ཡིད་ཚིམ་པ་ནི་ཞེ་ཁྲེལ་དང་ལས་ལ་བརྩོན་པ་ནི་གཟི་བརྗིད་ཡིན་པའི”བསམ་བློ་འཛུགས་རྒྱུར་སྣེ་ཁྲིད་བྱེད་པ། མང་ཚོགས་དབུལ་པོའི་རང་འགུལ་དབུལ་སྒྲོལ་གྱི་རེ་འདོད་དང་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་སྐུལ་སྤེལ་བྱེད་པ། བསམ་བློ་དང་བསམ་པའི་ཐད“སྒུག་རྟེན་སློང་གསུམ”གྱི་ལྟ་ཚུལ་ངན་པ་དོར་བ། “དཀའ་ལས་རྒྱག་པ་ལས་སྡུག་བསྔལ་མྱངས་ནས་མི་སྡོད་པའི”ལྟ་བ་འཛུགས་པ་བཅས་བྱས་ཏེ་དབུལ་སྒྲོལ་ཐད“གཞན་སྐུལ”ནས“རང་འགུལ”དུ་འགྱུར་བ་བྱ་རྒྱུ་རེད།

    དབུལ་སྒྲོལ་དཔེ་མཚོན་བཏོད་དེ་དཔེ་སྟོན་ནུས་པ་འདོན་སྤེལ་བྱེད་པ། རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས། དབུལ་སྒྲོལ་ཕྱུག་འགྱུར་བྱེད་པ་དང་མང་ཚོགས་དབུལ་པོ་སྣེ་ཁྲིད་དེ་ཐུན་མོང་འབྱོར་ཕྱུག་ལྡན་པའི་སྔོན་ཐོན་དཔེ་མཚོན་ཁག་གཅིག་སྔོག་འདོན་བྱས་ཏེ། མིག་དཔེའི་སྣེ་ཁྲིད་ནུས་པ་འདོན་སྤེལ་གྱིས་དབུལ་སྒྲོལ་ལ་མོས་གུས་བྱེད་པ་ནི་གཟི་བརྗིད་ཡིན་པའི་འདུ་ཤེས་བཙུགས་ནས་དུད་ཚང་དབུལ་པོའི་ནང་སྐྱེས་སྒུལ་ཤུགས་སྐུལ་སྤེལ་གཏོང་བ་དང་ཐོན་སྐྱེད་འཕེལ་རྒྱས་ཧུར་ཐག་བྱེད་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།