དབུ་ཤོག>གསར་འགྱུར།
  • ཅི་ལིན་ཞིང་ཆེན་གྱི་འཐུས་མི་ཚོགས་པས་བོད་དུ་ཁ་གཏད་བོད་སྐྱོར་ལས་དོན་ལ་བརྟག་ཞིབ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-09-07

    མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་གཏིང་ཟབ་དང་ཁ་གཏད་བོད་སྐྱོར་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱ་ཆེད། ཟླ་9ཚེས་2ནས་5ཉིན་བར། ཅི་ལིན་ཞིང་ཆེན་གྱི་འཐུས་མི་ཚོགས་པས་རང་ལྗོངས་སུ་ཁ་གཏད་བོད་སྐྱོར་ལས་དོན་ལ་བརྟག་ཞིབ་གནང་བ་དང་། ཅི་ལིན་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣར་གཟིགས་ཏེ་ཕྱོགས་གཉིས་པོའི་མཉམ་ལས་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྔར་བས་སྐུལ་འདེད་བཏང་བ་རེད། 

    ཅི་ལིན་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེང་ཀྲང་ཅིང་ཅུན་ཧའེ་ཡིས་ཚོགས་པའི་སྣེ་འཁྲིད་པ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་བཅས་ཀྱིས་བཞུགས་མོལ་ཚོགས་འདུར་ཞུགས་པའམ་བརྟག་ཞིབ་ལ་ཕེབས་རོགས་གནང་བ་རེད།

    ཟླ་9ཚེས་5ཉིན་གྱི་ཕྱི་དྲོ་འཚོགས་པའི་ཅི་ལིན་ཞིང་ཆེན་གྱིས་བོད་ལ་ཁ་གཏད་རོགས་སྐྱོར་གྱི་བཞུགས་མོལ་ཚོགས་འདུའི་ཐོག་ཅིང་ཅུན་ཧའེ་ཡིས་ཅི་ལིན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་དང་དེ་བཞིན་ཅི་ལིན་ཞིང་ཨུད་ཀྱི་ཧྲུའུ་ཅི་པ་དབྱིན་ཁྲའོ་ལུའུ་བཅས་ཀྱི་ཚབ་ཞུས་ཏེ་གོམ་སྟབས་རྗེས་མར་ཅི་ལིན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”རྣམ་བཤད་གལ་ཆེན་ལག་ལེན་ནན་ཏན་བསྟར་ཏེ“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”ལ་སློབ་སྦྱོང་གཏིང་ཟབ་ཀྱིས་བོད་ཀྱི་ཉམས་མྱོང་དང་བྱ་ཐབས་བཟང་པོ་ཉམས་ལེན་བྱེད་པ་དང་། བོད་སྐྱོར་གྱི་ཆབ་སྲིད་འགན་འཁྲི་ཆེན་པོ་ཡག་པོ་འཁུར་ཏེ་གནད་སྨིན་བོད་སྐྱོར་དང་། དམངས་འཚོའི་བོད་སྐྱོར། ཐོན་ལས་བོད་སྐྱོར་བཅས་ལ་སྐུལ་འདེད་ཏན་ཏིག་དང་བོད་ཀྱི་བརྟན་ལྷིང་དང་འཕེལ་རྒྱས་བྱ་གཞག་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ནས་ཁ་གཏད་བོད་སྐྱོར་ལས་དོན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ། སྤེལ་རེས་འགྲོ་འོང་འབྲེལ་ཟམ་དུ་བྱེད་པ་དང་། མཉམ་སྐྲུན་མཉམ་སྤྱོད་ཁ་ཕྱོགས་སུ་བྱེད་པ། ཤེས་ལྡན་མི་སྣ་དང་མ་དངུལ་འགན་ལེན་དུ་བྱེད་པ་བཅས་བྱས་ཏེ་ཁ་གཏད་རོགས་སྐྱོར་གྱི་ལམ་སྲོལ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་ནས་བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད། 

    ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་དེ་བཞིན་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཚབ་ཞུས་ཏེ་ཅི་ལིན་ཞིང་ཆེན་གྱི་འཐུས་མི་ཚོགས་པ་བོད་དུ་རྟོག་ཞིབ་གནང་བར་ཕེབས་པར་དགའ་བསུ་ཞུས་པ་མ་ཟད། ཅི་ལིན་ཞིང་ཆེན་གྱིས་དུས་ཡུན་རིང་པོའི་ནང་བོད་ལ་སྒེར་སེམས་མེད་པའི་རོགས་སྐྱོར་གནང་བར་ཐུགས་རྗེ་ཆེའང་ཞུས་པ་རེད།  ཝུའུ་དབྱིང་ཅེས། དུས་ཡུན་རིང་པོའི་ནང་། ཅི་ལིན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་ཏང་དང་རྒྱལ་ཁབ་ལས་དོན་གྱི་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས་ཕྱོགས་ཡོངས་དང་། ཁྱབ་རྒྱ་ཡངས་པོ། རིམ་པ་མང་པོ་བཅས་ཀྱི་སྒོ་ནས་བོད་སྐྱོར་ལས་དོན་སྤེལ་ཏེ་བོད་དང་ལྷག་དོན་དུ་གཞིས་རྩེ་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་། དམངས་འཚོ་འགན་ལེན་དང་ལེགས་གཏོང་། མི་རིགས་མཐུན་སྒྲིལ་སྲ་བརྟན་བཅས་ཀྱི་ཆེད་དུ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཅི་ལིན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་དང་། དེ་བཞིན་ཞིང་ཆེན་ཡོངས་ཀྱི་མི་དམངས་ཚོས་སྔར་རྒྱུན་བཞིན་བོད་ཀྱི་བྱ་གཞག་ཁག་གི་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་། དབུལ་སྒྲོལ་འགག་སྒྲོལ་དང་། གྲོང་གསེབ་དར་རྒྱས། ཐོན་ལས་གོང་འཕེལ། ལས་གཏོད་ལས་ཞུགས། ཚན་རྩལ་གསར་གཏོད། དཔལ་འབྱོར་མཉམ་ལས་སོགས་ཕྱོགས་གང་ཅིའི་ཐད་རྒྱབ་སྐྱོར་དང་གཟིགས་སྐྱོང་མང་ཙམ་གནང་ནས་བོད་ཀྱི་ལས་དོན་ཁག་དེ་བས་ཡག་པོ་བསྒྲུབ་རྒྱུར་རོགས་རམ་གནང་རྒྱུའི་རེ་བ་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཅི་ལིན་གྱི་བོད་སྐྱོར་ལས་དོན་ལ་མཐུན་རྐྱེན་བསྐྲུན་པ་དང་འགན་སྲུང་ནུས་ལྡན་བྱ་རྒྱུ་དང་། སྔར་རྒྱུན་བཞིན་ཅི་ལིན་གྱི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣར་སེམས་ཁུར་དང་། བྱམས་སྐྱོང་། རྒྱབ་སྐྱོར་བཅས་བྱས་ཏེ་ཅི་ལིན་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣས་ནུས་པ་གང་ལེགས་འདོན་རྒྱུར་མཐུན་རྐྱེན་དེ་བས་བཟང་བ་ཧུར་ཐག་བསྐྲུན་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད། 

    བཞུགས་མོལ་ཚོགས་འདུ་གྲོལ་རྗེས། ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་པོས་ཁ་གཏད་བོད་སྐྱོར་སྐོར་གྱི་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་དེ། བོད་ཀྱི་ཁྱད་ལྡན་ཞིང་འབྲོག་ཐོན་ལས་དང་རིག་གནས་ཡུལ་སྐོར་ཐོན་ལས་གོང་འཕེལ་ལ་སྔར་བས་སྐུལ་འདེད་མྱུར་པོ་དང་བོད་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་གྱི་ཆུ་ཚད་སྔར་བས་མཐོ་རུ་བཏང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།