དབུ་ཤོག>གསར་འགྱུར།
  • ཧྲན་ཏུང་ཡན་ཐའེ་ཡི་ཁག་དགུ་པའི་བོད་སྐྱོར་ལས་དོན་རུ་ཁག་གིས་མགྱོགས་མྱུར་ལས་དོན་སྒྲུབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-09-03

     བོད་སྐྱོར་ལས་དོན་ཡག་པོ་སྒྲུབ་པ་དང་གཉའ་ནང་རྫོང་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་རམ་འདེགས་བྱ་ཆེད། ཉེ་ཆར། ཧྲན་ཏུང་ཡན་ཐའེ་ཡི་ཁག་དགུ་པའི་བོད་སྐྱོར་ལས་དོན་རུ་ཁག་གིས་མགྱོགས་མྱུར་ལས་དོན་སྒྲུབ་འགོ་བཙུགས་ནས། གཉའ་ནང་རྫོང་གི་ཤང་ལྔ་དང་གྲོང་རྡལ་གཉིས་སུ་བསྐྱོད་དེ་ས་ཆ་དངོས་སུ་འཚམས་འདྲི་དང་། བཞུགས་མོལ་ཚོགས་འདུ་འཚོགས་པ། སྙན་སེང་ཉན་པ་སོགས་ཀྱི་བྱ་ཐབས་བརྒྱུད། ཉེ་བའི་ལོ་ཤས་རིང་གི་བོད་སྐྱོར་རྣམ་གྲངས་དང་། ཤང་དང་གྲོང་རྡལ་ཁག་གི་ཞིབ་ཕྲའི་གནས་ཚུལ་དང་ལས་ཀའི་ཁྲོད་ཀྱི་དོན་དངོས་དཀའ་ངལ་ལ་བརྟག་ཞིབ་བྱས་ཏེ། རྫོང་ཁོངས་ཀྱི་གཞི་རྩའི་གནས་ཚུལ་ཕྱོགས་ཡོངས་ནས་གསལ་རྟོགས་དང་། མིག་སྔའི་གཙོ་གནད་ལས་དོན་དང་ཞན་ཆ་ཤེས་རྟོགས། ལས་ཀའི་བསམ་ཕྱོགས་སྔར་བས་གསལ་བཟོ་བཅས་བོད་སྐྱོར་ལས་དོན་སྔར་བས་ལེགས་པོ་བསྒྲུབ་པར་རྨང་གཞི་བཏིང་ཡོད།

    ཧྲན་ཏུང་ཡན་ཐའེ་ཡི་ཁག་དགུ་པའི་བོད་སྐྱོར་ལས་དོན་རུ་ཁག་གིས་སྔ་རྗེས་སུ་ཤང་ལྔ་དང་གྲོང་རྡལ་གཉིས་ཀྱི་ལྟེ་བའི་སློབ་ཆུང་དང་འཕྲོད་བསྟེན་ཁང་བསྐྲུན་པའི་གནས་ཚུལ་ཤེས་རྟོགས་གཏིང་ཟབ་བྱས་པ་དང་། ཁྱད་ལྡན་གྲོང་རྡལ་ཆུང་ངུ་དང་མི་རིགས་ལག་ཤེས་ལས་སྣོན་བཟོ་གྲྭ ལོ་ཏོག་འདེབས་འཛུགས་རྟེན་གཞི། ཡུལ་སྐོར་སྤུས་རྟགས་དང་ཡུལ་སྐོར་ཐོན་ཟོག་གཏོད་ཚུལ། འགྲམ་ཚོང་གྲོང་། ལྷ་སྤྲེལ་བོད་སྨན་བཟོ་གྲྭ ཧོར་པའི་ལུག་སྡོམ་གསོས་རྟེན་གཞི། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་སོགས་གཙོ་གནད་རྣམ་གྲངས་དང་ཐོན་ལས་འཕེལ་རྒྱས་འགྲོ་ཚུལ་ལ་ས་ཆ་དངོས་སུ་རྟོག་ཞིབ་བྱས་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།