དབུ་ཤོག>གསར་འགྱུར།
  • ཅང་སུའུ་ཡི་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་པས་ཐང་དཀར་ཤང་དུ་འོས་འགན་སྨན་བཅོས་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-09-03

    ཉེ་ཆར། ཅང་སུའུ་ཞིང་ཆེན་གྱི་ཁ་གཏད་རོགས་སྐྱོར་ལྷ་ས་གྲོང་ཁྱེར་མདུན་ཕྱོགས་བཀོད་འདོམས་པུའུ་ཡིས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ཤར་རྒྱུད་འཐབ་ཁུལ་གྱི་སྤྱི་ཁྱབ་སྨན་ཁང་དང་མཉམ་འབྲེལ་བྱས་ཏེ། “ཅང་སུའུ་ཡི་སྨན་བཅོས་ཚོགས་པས་འབྲོག་ཁུལ་དུ་སྨན་བཅོས་བྱས་ཏེ་ཅང་སུའུ་དང་ལྷ་སའི་མི་དམངས་གཅིག་སེམས་གཅིག་ལ་སྒྲིལ་བའི”འོས་འགན་སྨན་བཅོས་བྱེད་སྒོ་སྟག་རྩེ་ཆུས་ཐང་དཀར་ཤང་དུ་སྤེལ་ཞིང་། ཡུལ་དེ་གའི་མང་ཚོགས་ལ་བདེ་ཐང་སློབ་གསོའི་བློ་འདྲི་དང་། རིན་མེད་ངང་ནད་གཞི་བརྟག་དཔྱད། སྨན་སྤྲོད་པ་སོགས་ཀྱི་སྨན་བཅོས་ཞབས་འདེགས་ཞུས་པ་རེད།

    གསར་འགོད་པས་ལྟ་ཞིབ་བྱས་པ་ལྟར་ན། དུས་ཐུང་ཉིན་ཕྱེད་ཀྱི་འོས་འགན་སྨན་བཅོས་བྱེད་སྒོར་བློ་འདྲི་ནད་བརྟག་ལ་ཡོང་མཁན་མི་སེར་མི་ཐེངས་300ལྷག་ཙམ་ཟིན་ཞིང་། སྨན་བཅོས་བྱེད་མཁན་མི་ཚོགས་ཁྲོད་འཁར་རྒྱུག་བཙུགས་པའི་རྒས་འཁོགས་ཡོད་ལ། སྒྲིལ་གཟན་ནང་སྒྲིལ་བའི་ཕྲུ་གུ་དམར་འབྱར་ཡང་ཡོད་པ་དང་ཐ་ན་མལ་གྲོ་གུང་དཀར་ནས་ཡོང་བའི་ནད་པའང་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། “ཅང་སུའུ་ཡི་སྨན་བཅོས་ཚོགས་པས་འབྲོག་ཁུལ་དུ་སྨན་བཅོས་བྱས་ཏེ་ཅང་སུའུ་དང་ལྷ་སའི་མི་དམངས་གཅིག་སེམས་གཅིག་ལ་སྒྲིལ་བའི”བརྗོད་དོན་གཙོ་བོའི་འོས་འགན་སྨན་བཅོས་བྱེད་སྒོ་ནི་ལྷ་སར་སྤེལ་ཐེངས་གསུམ་པ་ཡིན་ཞིང་། ལྷ་སའི་མི་སེར་ལ་སྨན་བཅོས་བྱེད་པ་དང་སྨན་སྤྲོད་ཀྱི་ཡོད། གོམ་སྟབས་རྗེས་མར་རིགས་གཅིག་མཁས་ཅན་ཚོགས་པས་ད་དུང་ནག་ཆུ་གྲོང་ཁྱེར་དཔལ་མགོན་རྫོང་དང་ཨ་མདོ་རྫོང་སོགས་སུ་སྨན་བཅོས་རོགས་སྐྱོར་བྱེད་སྒོ་སྤེལ་བར་བསྐྱོད་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།