དབུ་ཤོག>གསར་འགྱུར།
  • ཆུ་བེད་པུའི་བོད་སྐྱོར་ལས་དོན་ཚོགས་འདུ་ཐེངས་དགུ་པ་ལྷ་སར་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-09-01

    ཚེས་29ཉིན་ཆུ་བེད་པུའི་བོད་སྐྱོར་ལས་དོན་ཚོགས་འདུ་ཐེངས་དགུ་པ་ལྷ་སར་འཚོགས་ཏེ་ཆུ་བེད་པུའི་བོད་སྐྱོར་ལས་དོན་ཚོགས་འདུ་ཐེངས་བརྒྱད་པ་ཚུན་གྱི་ལས་ཀའི་ཕན་འབྲས་ལ་ཕྱོགས་སྡོམ་དང་སྤེལ་རེས་བྱས་ཁར་འཕྲད་པའི་དུས་བབ་ཀྱི་ལས་འགན་ལ་དབྱེ་ཞིབ་ཀྱིས་དུས་སྐབས་གསར་པའི་ཆུ་བེད་བོད་སྐྱོར་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་ཀྱང་བྱས་པ་རེད།

    ཚོགས་འདུའི་ཐོག་ཨེ་ཅིན་ཕིང་གིས་ཆུ་བེད་པུའི་ཚབ་ཞུས་ནས་གསུང་བཤད་གནང་ཞིང་། ཁོང་གིས། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་འཚོགས་ཚུན་ཆུ་བེད་པུས་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་ནན་ཏན་བྱས་པ་མ་ཟད་བོད་ཀྱི་ལྗོངས་བབ་དང་ཆུའི་གནས་ཚུལ་དང་ཟུང་འབྲེལ་དམ་ཟབ་བྱས་པས་དཔལ་འབྱོར་གྱི་བོད་སྐྱོར་དང་། ལག་རྩལ་གྱི་བོད་སྐྱོར། ལས་བྱེད་པ་དང་ཤེས་ལྡན་པའི་བོད་སྐྱོར། ཁ་གཏད་བོད་སྐྱོར་བཅས་ཕྱོགས་བཞི་གཞི་གཅིག་གི་ལས་ཀའི་རྣམ་པ་ཆགས་ཡོད། གོམ་སྟབས་རྗེས་མར་ཆུ་བེད་བོད་སྐྱོར་ལས་དོན་ཐད་ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་བོད་ཀྱི་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་གྱིས་ཆུ་བེད་བོད་སྐྱོར་ལས་དོན་གྱི་ནང་དོན་སྔར་བས་ཕུན་སུམ་ཚོགས་སུ་གཏོང་བ་དང་། སྔར་བས་ཁྱོན་ཡོངས་དང་། སྔར་བས་རིམ་པ་མང་བ། སྔར་བས་རྒྱ་ཆེ་བ་བཅས་ཀྱི་ཆུ་བེད་བོད་སྐྱོར་ལས་དོན་གྱི་རྣམ་པ་འཛུགས་སྐྱོང་བྱེད་པ་དང་། ཆུ་བེད་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་བོད་ཀྱི་རྒྱ་ཆེའི་ཞིང་འབྲོག་པའི་འཐུང་ཆུ་དང་། གློག་སྤྱོད། ཆུ་འདྲེན། འབྲུབ་འགོག་བདེ་འཇགས་སོགས་ཀྱི་གནད་དོན་གང་མྱུར་ཐག་གཅོད་ཡག་པོ་བྱ་རྒྱུ་ཡིན། “ལོ་ལྔ་ཚན་བཅུ་གསུམ་པའི”ཆུ་བེད་བོད་སྐྱོར་གྱི་གཏན་འཁེལ་ལས་འགན་ཇི་མ་ཇི་བཞིན་ལེགས་འགྲུབ་བྱས་ནས་བོད་ཀྱི་ཆུ་བེད་འཕེལ་རྒྱས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་སྔོན་ནས་བྱ་རྒྱུར་རོགས་རམ་ཧུར་ཐག་བྱས་ཏེ་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཆེད་སྔར་བས་སྲ་ཞིང་བརྟན་པའི་ཆུ་བེད་ཀྱི་འདེགས་སྐྱོར་དང་འགན་སྲུང་བྱ་རྒྱུ་ཡིན་ཞེས་བརྗོད།

    ཆེ་དགྲ་ལྷས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ་ཆུ་བེད་པུའུ་དང་རྒྱལ་ཡོངས་ཆུ་བེད་ཁོངས་གཏོགས་ཀྱིས་དུས་ཡུན་རིང་པོར་བོད་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས“ལོ་ལྔ་ཚན་བཅུ་གསུམ་པའི”ཚུན་ཆུ་བེད་པུའི་རྒྱབ་སྐྱོར་འོག་རང་ལྗོངས་ཀྱིས་ལ་ལྷོ་དང་ཤངས་ཆུའི་ཆུ་བེད་ལྟེ་གནས་སོགས་གཙོ་གནད་ཆུ་བེད་རྣམ་གྲངས་ཁག་གཅིག་ལག་བསྟར་བྱས་ཏེ་མི་ཁྲི་156.86གི་འཐུང་ཆུའི་བདེ་འཇགས་གནད་དོན་སྲ་བརྟན་དང་ཇེ་ལེགས་སུ་བཏང་ཁར། ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོ་ཁྲི་43.28ཀྱི་བདེ་འཇགས་འཐུང་ཆུའི་གནད་དོན་ཐག་གཅོད་ནུས་ལྡན་བྱས་ཡོད། ཆུ་བེད་པུའུ་དང་རྒྱལ་ཡོངས་ཆུ་བེད་ཁོངས་གཏོགས་ཀྱིས་སྔར་རྒྱུན་བཞིན་བོད་ཀྱི་ཆུ་བེད་བྱ་གཞག་གོང་འཕེལ་ཐད་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་ཏེ་ཆུ་བེད་ཀྱི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་གྱི་ལམ་སྲོལ་དོན་འཁྱོལ་དང་། ཆུ་བེད་བོད་སྐྱོར་ལས་དོན་སྔར་བས་གནད་སྨིན་དང་སྔར་བས་ཞིབ་ཚགས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། རང་ལྗོངས་ཀྱི་ཆུའི་སྣོད་བཅུད་སྲུང་སྐྱོང་གི་ཁ་གསབ་ལམ་སྲོལ་བསྐྲུན་པར་རྒྱབ་སྐྱོར་གྱིས་རྒྱ་ཆེའི་ཞིང་འབྲོག་ཁུལ་གྱི་ཆུའི་མཁོ་སྤྲོད་འགན་སྲུང་གི་གནད་དོན་ཐག་གཅོད་གང་ལེགས་བྱ་རྒྱུའི་རེ་བ་ཡོད། ང་ཚོས་དེ་གོ་སྐབས་ཡག་པོར་བརྩིས་ནས་ཐབས་ཤེས་བྱེད་ཐབས་ཞིབ་བཟོ་བྱས་ཏེ་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ནས་ལྗོངས་ཡོངས་ཀྱི་ཆུ་བེད་བྱ་གཞག་ཟམ་མི་ཆད་པར་རྣམ་པ་གསར་པ་གཏོད་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།