དབུ་ཤོག>གསར་འགྱུར།
  • ཧྲང་ཧའེ་གྲོང་ཁྱེར་གྱི་རེས་སྐོར་གསར་པའི་བོད་སྐྱོར་ལས་དོན་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-08-30

     ཉེ་ཆར། ཧྲང་ཧེ་གྲོང་ཁྱེར་གྱི་ཁག་དགུ་པའི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པ་ཁ་གཏད་རོགས་སྐྱོར་བྱེད་ཡུལ་རྒྱལ་རྩེ་དང་། གྲོ་མོ། ས་སྐྱ། ལྷ་རྩེ། དིང་རི་སོགས་ས་གནས་ཁག་ཏུ་སྔ་རྗེས་སུ་སླེབས་ནས་ལས་དོན་རྩིས་སྤྲོད་རྩིས་ལེན་བྱས་ཏེ་རེས་སྐོར་གསར་པའི་བོད་སྐྱོར་ལས་དོན་བྱེད་འགོ་བཙུགས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཧྲང་ཧའེ་གྲོང་ཁྱེར་གྱི་ཁག་བརྒྱད་པའི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣས་སེམས་པ་དང་། ནུས་པ། བརྩེ་སེམས་ཡོད་ཚད་བཏོན་ནས་སྤུས་ཚད་མཐོན་པོས་ཁ་གཏད་བོད་སྐྱོར་ལས་དོན་ལ་སྐུལ་འདེད་བཏང་ཡོད། བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་15.8བཏང་ནས་བོད་སྐྱོར་རྣམ་གྲངས་338ལག་བསྟར་བྱས་ཏེ་གཞིས་རྩེའི་དཔལ་འབྱོར་སྐྱོན་བྲལ་ངང་མགྱོགས་མྱུར་འཕེལ་རྒྱས་དང་། སྤྱི་ཚོགས་ཧྲིལ་པོ་ཞི་མཐུན་བརྟན་ལྷིང་། དམངས་འཚོའི་བྱ་གཞག་རྒྱུན་མཐུད་ལེགས་བཅོས་བཅས་ལ་ལེགས་སྐྱེས་ཕུལ་ཡོད།

    ཧྲང་ཧའེ་གྲོང་ཁྱེར་གྱི་ཁག་དགུ་པའི་བོད་སྐྱོར་ལས་བྱེད་པས་ཁག་བརྒྱད་པའི་བོད་སྐྱོར་ལས་བྱེད་པའི་ལག་ནས་ལས་དོན་རྩིས་བླངས་ཏེ་གསོ་རླུང་དཀོན་ཡང་སྙིང་སྟོབས་མི་ཉམས་པ་དང་། དཀའ་ཚེགས་ཆེ་ཡང་ཚད་གཞི་ལོན་པའི་སྙིང་སྟོབས་མུ་མཐུད་དར་སྤེལ་བཏང་ནས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ཏེ་དངོས་སྒྲུབ་ཏན་ཏིག་དང་དཀའ་སྤྱད་འབད་འབུངས་བྱེད་རྒྱུ་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།