དབུ་ཤོག>གསར་འགྱུར།
  • མངའ་རིས་ཀྱི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་མི་རིགས་མཐུན་སྒྲིལ་གོང་བུ་གཅིག་ཏུ་བསྒྲིལ་རྒྱུར་ཤུགས་སྣོན་བརྒྱབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-08-14

    འདི་ལོའི་རྨང་བརྟན་དམངས་ཕན་གྱི་བྱེད་སྒོ་སྤེལ་རིང་མངའ་རིས་ས་ཁུལ་གྱི་རིམ་ཁག་གྲོང་སྡོད་ལས་དོན་རུ་ཁག་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་པའི”མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། མང་ཚོགས་ལ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་ཀྱི་ཁྲིད་སྟོན་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་བཏང་ཡོད་པ་རེད།

    དྲིལ་བསྒྲགས་སློབ་གསོའི་ལས་དོན་ཡག་པོ་བསྒྲུབས་ཤིང་། རིམ་ཁག་གྲོང་སྡོད་ལས་དོན་རུ་ཁག་གིས“ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཁྱིམ་ཚང་ཁྲིར་དྲིལ་བསྒྲགས་བྱེད་པའི”བྱེད་སྒོ་དང“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་ཞིང་། 《སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལས་བཏུས་པའི་བཀའ་མོལ་དུམ་བུ་100》སྒྲིག་འཛུགས་སློབ་སྦྱོང་བྱས་པ་མ་ཟད། དུད་ཚང་འགན་གཙང་གི་རོགས་སྐྱོར་དང་། གནས་གཏན་འཁེལ་གྱི་རོགས་སྐྱོར། ཆ་སྒྲིག་རོགས་སྐྱོར་བཅས་ཀྱི་བྱེད་སྒོ་གོ་སྐབས་སུ་བཟུང་བ་དང་། ཞིང་ཐང་དང་འབྲོག་ར་སློབ་ཁང་དུ་བརྩིས་ནས་རྟག་ཏུ་མང་ཚོགས་ཁྲོད་བསྐྱོད་དེ། ཏང་གི་དམངས་ཕན་སྲིད་ཇུས་ཁག་དང《ཆོས་ལུགས་ལས་དོན་གྱི་སྲོལ་ཡིག》སོགས་ཀྱི་ནང་དོན་སྒྲོག་འགྲེལ་གཏིང་ཟབ་བྱས་ནས། དྲིལ་བསྒྲགས་ཀུན་ལ་ཁྱབ་པར་བྱས་ཏེ། མང་ཚོགས་ལ་ཕན་པ་གང་ནས་བྱུང་བ་དང་། སུ་ལ་ཕན་པ་ཐོབ་པ། སུའི་བཀའ་དྲིན་འཇལ་དགོས་པ་བཅས་ཀྱི་ཁྲིད་སྟོན་བྱས་ནས། ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་བ་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་དེ་བས་བརྟན་དུ་བཏང་ཡོད་པ་རེད།

    མི་རིགས་ཀྱི་བྱེད་སྒོ་ཡག་པོ་སྤེལ་ཞིང་། རིམ་ཁག་གྲོང་སྡོད་ལས་དོན་རུ་ཁག་གིས“ཏང་གི་བཀའ་དྲིན་མཐའ་མཚམས་སུ་ཁྱབ། མངའ་རིས་མི་དམངས་ཀྱི་སེམས་པ་ཏང་ལ་ཕྱོགས”ཞེས་པའི་ཞིང་འབྲོག་ཁུལ་གྱི་དྲིལ་བསྒྲགས་བསམ་བློའི་རིག་གནས་འཐབ་ས་འཛུགས་སྐྱོང་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་བྱེད་སྒོར་སྐུལ་འདེད་གཏིང་ཟབ་བཏང་སྟེ། “མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བ”དང“བོད་གསར་རྙིང་བསྡུར་བ”སོགས་ཀྱི་བྱེད་སྒོ་ཏན་ཏིག་སྤེལ་ནས་མང་ཚོགས་ལ་བོད་ཀྱི་འཕེལ་རྒྱས་གསར་པ་དང་། རྣམ་པ་གསར་པ། འཚོ་བ་གསར་པ་བཅས་མིག་མཐོང་ལག་ཟིན་ཡོང་བ་བྱས་ནས། ཁོང་ཚོར་བོད་གསར་པའི་བདེ་སྐྱིད་དང་བོད་རྙིང་པའི་སྡུག་བསྔལ་དེ་བས་ངོས་འཛིན་གསལ་པོ་ཐུབ་རྒྱུར་ཁྲིད་སྟོན་བྱས་པ། བསམ་བློ་དེ་བས་གཅིག་གྱུར་དང་ཐུན་མོང་ངོས་འཛིན་དེ་བས་གཅིག་སྒྲིལ་བྱས་པ། ལས་བྱེད་པ་དང་མང་ཚོགས་ཀྱི་ཏང་གི་བཀའ་དྲིན་དྲན་པའི་འདུ་ཤེས་ཟབ་ཏུ་བཏང་བ། མི་རིགས་མཐུན་སྒྲིལ་གྱི་བློ་ཁ་ཕྱོགས་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བ། མང་ཚོགས་ཀྱི་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་བཏང་བ་བཅས་བྱས་ཡོད་པ་རེད།

    མང་ཚོགས་ལ་ཞབས་འདེགས་ཡག་པོ་ཞུས་ཤིང་། རིམ་ཁག་གྲོང་སྡོད་ལས་དོན་རུ་ཁག་གིས་མང་ཚོགས་ཀྱིས་སེམས་ཁྲལ་བྱེད་ས་དང་རེ་སྒུག་བྱེད་ས་ཤེས་རྟོགས་ཞིབ་ཕྲ་བྱས་ཏེ། མང་ཚོགས་ལ“ལས་ཞུགས་དང་། སྨན་བཅོས། སློབ་ཞུགས”བཅས་གསུམ་དང་། “འགན་ལེན་གཉིས” “ཤར་གཏོང་དྲུག”སོགས་དམངས་འཚོའི་གནད་དོན་ཐག་གཅོད་ཧུར་ཐག་བྱེད་རོགས་བྱས་པ་དང་། དུས་ཆེན“ཆེན་པོ་གསུམ”དང“བདུན་གཅིག”སོགས་ཀྱི་བྱེད་སྒོ་སྤེལ་རིང་། “མི་སྣ་རྒན་གྲས་གསུམ”དང་མང་ཚོགས་དབུལ་པོར་བཅར་འདྲི་དང་འཚམས་འདྲི་བྱས་ཏེ། མང་ཚོགས་ལ་དོན་དངོས་སྒྲུབ་པ་དང་། དཀའ་གནད་སེལ་བ། ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ཡོད་པ་རེད། འདི་ལོ་ཚུན་དུ། རིམ་ཁག་གྲོང་སྡོད་ལས་དོན་རུ་ཁག་གིས་མང་ཚོགས་མི་ཐེངས་3462ལ་འཚམས་འདྲི་དང་བཅར་འདྲི་བྱས་ནས་དཀའ་ངལ་དངོས་209ཐག་གཅོད་བྱས་པ་དང་། བྱ་བ་དངོས་དང་བྱ་བཟང་802སྒྲུབ་རོགས་བྱས་པ། མ་དངུལ་སྒོར་ཁྲི་98.4ལྷག་ཙམ་བཏང་ཡོད་པ་རེད།

    མཐའ་མཚམས་འཛུགས་སྐྲུན་ཡག་པོ་བྱས་ཤིང་། རིམ་ཁག་གྲོང་སྡོད་ལས་དོན་རུ་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་རྒྱུན་མཐུད་དྲིལ་བསྒྲགས་གཏིང་ཟབ་བྱས་པ་དང་། “མི་སྣ་རྒན་གྲས་གསུམ”གདན་དྲངས་ནས་གཏམ་རྒྱུད་དང་ལོ་རྒྱུས་བརྗོད་དུ་བཅུག་པ། གྲོང་ཚོའི(གྲོང་ལྷན)“ཨུ་ལྷན་གཉིས”ཚན་ཁག་ལ་མཐའ་དར་དམངས་ཕྱུག་དང་། དམག་བཀུར་དམངས་གཅེས། མཐའ་མཚམས་འཛུགས་སྐྲུན། དུས་བདེ་འཛུགས་སྐྱོང་། མཐའ་སྲུང་མཐའ་བརྟན་གྱི་གྲོང་ཚོ་དང་པོ་འཛུགས་སྐྱོང་བཅས་ཀྱི་ལས་དོན་སྒྲུབ་རོགས་བྱས་པ། “གྲོང་ཚོ་ཚང་མར་དར་དམར་ལྷབ་ལྷུབ་གཡོ་བ་དང་། ཁྱིམ་ཚང་ཚང་མར་རྒྱལ་དར་ལྷབ་ལྷུབ་གཡོ་བ། དུད་ཚང་ཚང་མར་ཏང་ཡོན་ཡོད་པ། མི་ཚང་མས་གདོང་ལེན་བརྩོན་ལེན་བྱེད་པ”བཅས་ཀྱི་གསར་བརྗེ་ཀུན་ཁྱབ་འདུ་འགོད་ལ་སྐུལ་འདེད་ཏན་ཏིག་བཏང་བ། མཐའ་མཚམས་གྲོང་ཚོ(གྲོང་ལྷན)དེ་ཉིད་མི་རིགས་མཐུན་སྒྲིལ་གྱི་ཟམ་སྣེའི་མཁར་རྫོང་ལྟ་བུར་འཛུགས་སྐྲུན་བྱས་ནས་མི་རིགས་ཁག་གི་མང་ཚོགས་རྣམས་སེ་འབྲུའི་གོང་བུ་བཞིན་རྡོག་རྩ་གཅིག་ཏུ་བསྒྲིལ་བར་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།