འདི་ནི་ཡུ་གུར་རིགས་དང་། ཧུད་རིགས། བོད་རིགས་བཅས་ཀྱི་སློབ་མ་མཉམ་དུ་རྩེད་མོ་རྩེ་བཞིན་པ།
གླང་ཆེན་ཁ་འབབ་ཀྱི་གཙང་པོའི་ངོགས་དང་གུ་གེའི་རི་གཤམ་དུ་གནས་པའི་རྩྭ་མདའ་རྫོང་གི་ལོ་དགུའི་རྒྱུན་འཇགས་ལམ་ལུགས་སློབ་གྲྭའི་རྒྱལ་སྒོའི་འགྲམ་གྱི་རྡོ་རིང་ཐོགམི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་ཞེས་པའི་ཡིག་འབྲུ་བརྐོས་ཡོད། འདི་གར་རྒྱ་རིགས་དང་། བོད་རིགས། ཧུད་རིགས་བཅས་ཀྱི་དགེ་རྒན་ཡོད་ལ། རྒྱ་རིགས་དང་། བོད་རིགས། ཧུད་རིགས། ཡུ་གུར་རིགས་བཅས་ཀྱི་སློབ་མའང་ཡོད་ཅིང་། ཁོ་ཚོ་ཚང་མ་འཆམ་མཐུན་ངང་འཚོ་བ་སྐྱེལ་བ་དང་སློབ་སྦྱོང་བྱས་ནས་མཉམ་དུ་འཚར་ལོངས་ཡོང་བཞིན་ཡོད།
རྩྭ་མདའ་རྫོང་གི་ལོ་དགུའི་རྒྱུན་འཇཌ་ལམ་ལུགས་སློབ་གྲྭར་ད་ཆ་སློབ་མ་433དང་། དགེ་རྒན་68ཡོད་པར་བོད་རིཌ་དགེ་རྒན་62དང་རྒྱ་རིཌ་དགེ་རྒན་5 ཧུད་རིགས་དགེ་རྒན་1བཅས་ཡོད། སློབ་གྲྭ་དེ་ནི་མི་རིགས་མང་པོ་ཡོད་པའི་ཁྱིམ་ཚང་ཆེ་མོ་ཞིག་དང་འདྲ་བར་ཕན་ཚུན་བརྩི་འཇོག་དང་བརྩེ་བས་ཕྱུག་ཅིང་། མཐུན་སྒྲིལ་ལ་སྣང་ཆེན་དང་མེས་རྒྱལ་ལ་དགའ་ཞེན་ཡོད་པའི་སློབ་མ་བཟང་པོ་འབད་བརྩོན་ཆེན་པོས་གསོ་སྐྱོང་བྱེད་བཞིན་ཡོད།
ད་ཕན་ལོ་ཤས་རིང་། སློབ་གྲྭས་སློབ་ཆུང་སློབ་མའི་ལོ་ནའི་ཁྱད་ཆོས་ལ་དམིཌ་ནས་མི་རིཌ་མཐུན་སྒྲིལ་གྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས། སློབ་སྦྱོང་བྱེད་རིང་སློབ་མ་ཚོའི་མི་རིཌ་ཀྱི་སྤོབས་སེམས་ཆེ་རུ་འགྲོ་བ་དང་། ལག་ལེན་བྱེད་སྒོར་མི་རིགས་མཐུན་སྒྲིལ་གྱི་བྱེད་སྒོ་སྤེལ་ནས་མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་ཟབ་ཏུ་གཏོང་གི་ཡོད།
“ང་ནི་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གི་ནང་མི་ཞིག་ཡིན་པས། མི་རིགས་མཐུན་སྒྲིལ་སློབ་གསོར་དེ་བས་གཙིགས་ཆེན་དང་དམ་འཛིན་ཡག་པོ་བྱེད་དགོས་པ་ལོས་ཡིན། འདི་ནི་ངས་འཁུར་བའི་འགན་འཁྲི་དང་འོས་བབ་རེད”ཅེས་རྩྭ་མདའ་རྫོང་གི་ལོ་དགུའི་རྒྱུན་འཇགས་ལམ་ལུགས་སློབ་གྲྭའི་དགེ་རྒན་ཧྥན་ཆན་ཆན་གྱིས་བཤད།
བོད་རྒྱ་མི་རིགས་མཉམ་འདུས་ཀྱི་ཁྱིམ་ཚང་དུ་སྐྱེས་པའི་ཧྥང་ཆན་ཆན་ལ་ད་དུང་ཆོས་སྐྱིད་སྒྲོལ་མ་ཞེས་པའི་བོད་པའི་མིང་ཡང་ཡོད། ཧྥང་ཆན་ཆན་གྱིས་ཨ་མ་བོད་རིགས་དང་མངའ་རིས་རྩྭ་མདའ་རྫོང་ནས་ཡིན་པ་དང་ཕ་ནི་རྒྱ་རིགས་དང་ཀན་སུའུ་ལན་ཀྲོའུ་ནས་རེད། ཁྱིམ་ཚང་དེ་མི་རིགས་མི་འདྲ་བ་ལས་གྲུབ་ཀྱང་། ནང་མི་ཚང་མ་འཆམ་པོ་ཡོད་པས། གྲོང་པ་ཁྱིམ་མཚེས་ཚང་མས་ཁོ་ཚོའི་ཁྱིམ་ལ་མཐུན་སྒྲིལ་ཁྱིམ་ཚང་ཞེས་འབོད་ཀྱི་ཡོད། ཧྥན་ཆན་ཆན་གྱིས“མཐུན་སྒྲིལ་ཁྱིམ་ཚང”དུ་འཚར་ལོངས་བྱུང་བའི་ང་ནི་མི་རིགས་མཐུན་སྒྲིལ་གྱི་ཕན་པ་ཐོབ་མཁན་ཞིག་ཡིན། ངས་ཆུང་དུས་ནས་བོད་སྐད་དང་རྒྱ་སྐད་ཤེས་ཀྱི་ཡོད། ང་ལ་ཁྱིམ་ཚང་གཉིས་ཡོད་དེ་གཅིག་ནི་མེས་རྒྱལ་ནང་སར་ཡོད་པ་དང་གཅིག་ཤོས་ནི་མེས་རྒྱལ་གྱི་མཐའ་མཚམས་སུ་ཡོད། མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གིས་ང་ཚོའི་སེམས་པ་གཅིག་ཏུ་སྦྲེལ་ཡོད་ཅེས་བཤད།
2011ལོར་སློབ་ཆེན་ཐོན་རྗེས། ཧྥན་ཆན་ཆན་རྩྭ་མདར་ལོག་ནས་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་བླ་ན་མེད་པའི་ལས་དོན་གཉེར་འགོ་ཚུགས།
2019ལོར་རྩྭ་མདའ་རྫོང་གི་ལོ་དགུའི་རྒྱུན་འཇགས་ལམ་ལུགས་སློབ་གྲྭར་མི་རིགས་མཐུན་སྒྲིལ་གྱི་ལས་དོན་ཁང་དང་མི་རིགས་མཐུན་སྒྲིལ་གྱི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་ཁང་བཙུགས་ནས་མི་རིགས་མཐུན་སྒྲིལ་གྱི་ལས་དོན་ལ་སྔར་བས་ཤུགས་སྣོན་བརྒྱབ་པ་རེད། མི་རིགས་མཐུན་སྒྲིལ་གྱི་ཁྱིམ་ཚང་དུ་འཚར་ལོངས་བྱུང་བའི་ཧྥན་ཆན་ཆན་གྱིས་རང་འགུལ་ངང་སློབ་གྲྭའི་མི་རིགས་མཐུན་སྒྲིལ་གྱི་ཆེད་འགན་འཁུར་རྒྱུའི་རེ་བ་ཕུལ་བ་རེད།
ཧྥན་ཆན་ཆན་གྱིས“མཐུན་སྒྲིལ་ཁྱིམ་ཚང་དུ་འཚར་ལོངས་བྱུང་བའི་ང་ནི་མི་རིཌ་མཐུན་སྒྲིལ་གྱི་ལག་ལེན་པ་ཞིག་ཏུ་གྱུར་པ་དང་མི་རིཌ་མཐུན་སྒྲིལ་གྱི་འདུ་ཤེས་ངའི་ཁྲག་རྒྱུན་དུ་སིམས་པ་མ་ཟད། ངས་དགའ་ཞེན་བྱེད་པའི་ལས་གནས་ཐོག་མངོན་ཐུབ་བྱུང་། ད་ཆ་ངས་མུ་མཐུད་མི་རིཌ་མཐུན་སྒྲིལ་གྱི་རྒྱུན་བསྐྱངས་ནས་མི་རིཌ་མཐུན་སྒྲིལ་གྱི་སྤྲོ་སེམས་མུ་མཐུད་བརྒྱུད་སྤྲོད་བྱེད་བཞིན་ཡོད”ཅེས་བཤད།
སློབ་གྲྭའི་མི་རིགས་མཐུན་སྒྲིལ་གྱི་བརྗོད་དོན་གཙོ་བོའི་ལག་ལེན་བྱེད་སྒོར་ཧྥན་ཆན་ཆན་གྱི་ཁྲིད་སྟོན་འོག་མི་རིགས་ཁག་གི་སློབ་མ་ཚོས་གཞོགས་འདེགས་ཧུར་ཐག་བྱས་ནས་མཉམ་དུ་བརྗོད་དོན་གཙོ་བོའི་བརྩམས་ཆོས་ལེགས་གྲུབ་བྱུང་ཡོད། རྩྭ་མདའ་རྫོང་གི་ལོ་དགུའི་རྒྱུན་འཇགས་ལམ་ལུགས་སློབ་གྲྭར་མི་རིགས་ཁག་གི་གྲོགས་པོ་ཆུང་ཆུང་ཚོ་ཕན་ཚུན་འཆམ་མཐུན་ཡོད་ལ། སྙིང་ཉེ་བའི་གྲོགས་པོ་བཟང་པོ་དང་རོགས་ཟླ་བཟང་པོར་འགྱུར་བ་དར་སྲོལ་ཞིག་དང་རྒྱུན་འཛིན་ཞིག་ཏུ་གྱུར་ཡོད། འདྲ་མཉམ་དང་། མཛའ་གྲོགས། དགའ་གཅེས་བཅས་མཐུན་སྒྲིལ་གྱི་སྙིང་སྟོབས་ཆུ་མོའི་རྒྱུན་ལྟར་ཡོད་ལ། མི་རབས་ནས་མི་རབས་བར་བརྒྱུད་སྤྲོད་བྱེད་བཞིན་མཆིས།
རྩྭ་མདའ་རྫོང་གི་ལོ་དགུའི་རྒྱུན་འཇགས་ལམ་ལུགས་སློབ་གྲྭའི་མི་རིགས་མཐུན་སྒྲིལ་གཏོད་འཛུགས་ཀྱི་ལས་དོན་ནི་རྫོང་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་བསྡུས་རིས་ཤིག་རེད། ད་ཆའི་རྩྭ་མདའ་རྫོང་དུ་མི་རིགས་ཁག་སེ་འབྲུའི་འབྲུ་གུ་བཞིན་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་གླང་ཆེན་ཁ་འབབ་ཀྱི་ངོགས་སུ་ནམ་ཡང་བཞད་བཞིན་མཆིས།