དབུ་ཤོག>གསར་འགྱུར།
  • བོད་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  索朗旺堆   |     སྤེལ་དུས།  2019-07-28

    མི་རིགས་མཐུན་སྒྲིལ་ནི་སྤྱི་ཚོགས་ཞི་མཐུན་ཡོང་བའི་རྨང་གཞི་ཡིན་ལ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ལྟ་བུ་ཡིན། ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མི་རིགས་མཐུན་སྒྲིལ་ལས་དོན་ལ་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་མཐོང་ཆེན་གནང་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དེ་བཞིན“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་པའི”མཛུབ་ཁྲིད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། མི་རིགས་མཐུན་སྒྲིལ་ལས་དོན་དེ་དུས་དང་རྣམ་པ་ཀུན་ཏུ་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ལྟ་བུར་བརྩིས་ནས“ཁ་འབྲལ་ཐབས་མེད་པ་གསུམ”གྱི་བསམ་བློ་བརྟན་པོར་འཛུགས་པ། “བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བརྗོད་དོན་གཙོ་བོར་བྱས་པའི་གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་ཤུགས་ཆེན་བཅས་བྱས་པས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཁྲི་300ལྷག་ཙམ་འཆམ་མཐུན་མཉམ་གནས་དང་། ཕྱར་བ་གྲུ་འདེགས། ཞི་མཐུན་འཕེལ་རྒྱས་བཅས་བྱུང་ཡོད་པ་རེད།

    རང་ལྗོངས་ཀྱིས་མི་རིགས་ཁག་གི་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་བརྩི་འཇོག་དང་འགན་ལེན་གང་ལེགས་བྱས་ནས་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་བ་མ་ཟད། ད་དུང་གཙོ་གནད་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་ལས་དོན་ལ་རྒྱུན་མཐུད་སྐུལ་འདེད་བཏང་ནས། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེ་བཞིན་དེའི་རྒྱུན་ལས་ཨུ་ལྷན་གྱིས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་61སྔ་རྗེས་སུ་བཟོས་པ་དང་། བཟོ་བཅོས་བརྒྱབ་པ། ཆོག་མཆན་གནང་བ་བཅས་བྱས་པ་དང་སྦྲགས། ཁྲིམས་ལག་བསྟར་ལ་ལྟ་སྐུལ་ཞིབ་བཤེར་གྱི་ལས་དོན་ཡང་གཏིང་ཟབ་སྤེལ་བ་རེད།

    “3·28”བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ་སོགས་གོ་སྐབས་སུ་བཟུང་ནས། རང་ལྗོངས་ཀྱིས་ལྗོངས་ཡོངས་སུ་མི་རིགས་མཐུན་སྒྲིལ་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་རྒྱ་ཁྱབ་སྤེལ་ཏེ། ཏང་གི་མི་རིགས་སྲིད་ཇུས་ཀྱི་འོད་སྣང་འོག མི་རིགས་ཁག་གི་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་ཕ་ཡུལ་འཛུགས་སྐྲུན་གྱི་གསོན་ཉམས་དོད་པའི་ལག་ལེན་དང་དགའ་འོས་པའི་གྲུབ་འབྲས་དྲིལ་བསྒྲགས་ཤུགས་ཆེན་དང་རང་ལྗོངས་སྐྱོན་བྲལ་འཕེལ་རྒྱས་འགྲོ་བ་དང་མི་རིགས་མཐུན་སྒྲིལ་ཞི་མཐུན་གྱི་རྣམ་པ་བཟང་པོ་མངོན་པར་བྱས་པས། མི་རིགས་ཁག་གི་མང་ཚོགས་ཚོས་དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ་དང་། རང་རྟོགས་ངང་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པའི་འདུ་ཤེས་མངོན་གསལ་དོད་པོས་ཟབ་ཏུ་ཕྱིན་ཡོད་པ་རེད། དེ་དང་ཆབས་ཅིག རང་ལྗོངས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོར་སྐུལ་འདེད་ཧུར་ཐག་བཏང་ནས《〈དུས་བབ་གསར་པའི་འོག་མི་རིགས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར〉ལག་བསྟར་དོན་འཁྱོལ་བྱེད་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》བཏོན་པའི་ནང་དུ་ཕྱོགས་བཅུའི་ཐད་ཀྱི་བྱེད་ཐབས་ཞིབ་ཕྲ་42བཟོས་ནས། རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོ་རིམ་པ་མང་བ་དང་། ཁྱབ་ཁོངས་ཡངས་པ། ཁྱོན་ཡོངས་བཅས་ནས་སྤེལ་རྒྱུར་སྐུལ་འདེད་བཏང་བ་རེད།

    མི་རིགས་མཐུན་སྒྲིལ་གཏོད་པའི་ལས་དོན་སྤེལ་བའི་ཁྲོད། རང་ལྗོངས་ཀྱིས་གྲོང་ཁྱེར་གྱི་མི་རིགས་ལས་དོན་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་ནས། མི་རིགས་ཁག་དབར་ཕན་ཚུན་འགྲོ་འོང་དང་སྤེལ་རེས་མཉམ་འདྲེས་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་རེད། དེ་དང་ཆབས་ཅིག གྲངས་ཉུང་མི་རིགས་ཀྱི་ཕྱོགས་མིའི་ཞབས་ཞུ་དོ་དམ་ལས་དོན་གྱི་ལམ་སྲོལ་བཙུགས་ནས། མི་རིགས་ཁག་གི་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ་དང་། བྱ་བ་ཡག་པོ་སྒྲུབ་པ། དཀའ་གནད་ཐག་གཅོད་བཅས་བྱས་པ་དང་། ལས་ཞུགས་དང་། སྨན་པ་བསྟེན་པ། བུ་ཕྲུག་སློབ་གྲྭར་སྐྱེལ་བ་སོགས་ཀྱི་དཀའ་ངལ་དངོས་མཐུན་སྦྱོར་ཐག་གཅོད་བྱས་པ། ཕྱི་ནས་སླེབས་པའི་གྲངས་ཉུང་མི་རིགས་ཀྱི་མང་ཚོགས་ས་གནས་དེ་གའི་སྤྱི་ཚོགས་དང་མཉམ་འདྲེས་ཡོང་བར་ཁྲིད་སྟོན་བཅས་བྱས་ནས། མི་རིགས་ཁག་དབར་གྱི་ཕན་ཚུན་འགྲོ་འོང་དང་སྤེལ་རེས་མཉམ་འདྲེས་ལ་སྐུལ་འདེད་ཏན་ཏིག་བཏང་བ་རེད། གཞན་ཡང་། རང་ལྗོངས་ཀྱིས་རྨང་བརྟན་དམངས་ཕན་གྱི་ལས་བྱེད་པ་གྲོང་སྡོད་ལས་དོན་དང“ཏང་ཡོན་ལས་བྱེད་པ་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་གཉེན་འཚོལ་གྲོགས་སྒྲིག”སོགས་ཀྱི་བྱེད་སྒོ་ཁག་ཏང་ཡོན་ལས་བྱེད་པས་མི་རིགས་ཁག་གི་མང་ཚོགས་དང་འབྲེལ་འདྲིས་གཏིང་ཟབ་བྱེད་པའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བཟུང་བ་བརྒྱུད། ཏང་ཡོན་དང་མི་རིགས་ཁག་གི་མང་ཚོགས་དབར“གཉེན་ཉེའི་འབྲེལ་བ”ཆགས་ནས་གཅིག་སེམས་གཅིག་སྦྲེལ་བྱུང་བ་མ་ཟད། ད་དུང་ཏང་ཡོན་ལས་བྱེད་པ་ཚོ་མི་རིགས་ཁག་གི་མང་ཚོགས་ཀྱི་ཕན་ཚུན་འགྲོ་འོང་དང་སྤེལ་རེས་མཉམ་འདྲེས་ལ་སྔར་བས་སྐུལ་འདེད་གཏོང་བའི་ཟམ་པ་གལ་ཆེན་ཞིག་ལའང་གྱུར་ནས། ཏང་ཡོན་དང་མང་ཚོགས་དབར་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཉིན་བཞིན་ཟབ་ཏུ་ཕྱིན་ཏེ་མི་རིགས་མཐུན་སྒྲིལ་གྱི་སྤྱི་ཚོགས་རྣམ་པར་ཤུགས་སྣོན་ནུས་ལྡན་ཐེབས་ཡོད་པ་རེད།

    མིག་སྔའི་བར་དུ་རང་ལྗོངས་སུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཟེངས་བསྟོད་བྱས་པའི་མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་མཉམ་སྡེབ་116དང་མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་བ་159དང་། རང་སྐྱོང་ལྗོངས་ཀྱིས་གཟེངས་བསྟོད་བྱས་པའི་མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་མཉམ་སྡེབ་1649དང་དཔེ་བཟང་བ་2459 རྒྱལ་ཁབ་མི་རིགས་དོན་བྱེད་ཨུ་ལྷན་ནས་ལྗོངས་ཡོངས་ཀྱི་སྡེ་ཚན་30ཁག་6ལ་དབྱེ་ནས་སྔ་རྗེས་སུ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོའི་དཔེ་མཚོན་ཚན་པར་བདམས་པ་བཅས་རེད། རྒྱལ་ཁབ་མི་རིགས་དོན་བྱེད་ཨུ་ལྷན་ནས་སློབ་གསོའི་རྟེན་གཞི་6ཁག་ལྔར་དབྱེ་ནས་སྔ་རྗེས་སུ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོའི་རྟེན་གཞིར་བདམས་པ་དང་། ཚན་པ་བཅུ་རང་སྐྱོང་ལྗོངས་སྲིད་གཞུང་ནས་ལྗོངས་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོའི་དཔེ་མཚོན་ཚན་པར་བདམས་པ་རེད། 2016ལོའི་ལོ་མཇུག་ཏུ་ལྷ་ས་གྲོང་ཁྱེར་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོའི་དཔེ་མཚོན་གྲོང་ཁྱེར་ལ་བདམས་པ་དང་། 2018ལོར་རང་སྐྱོང་ལྗོངས་མི་རིགས་དོན་བྱེད་ཨུ་ལྷན་གྱིས་གཞིས་རྩེ་གྲོང་ཁྱེར་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་དཔེ་མཚོན་གྲོང་ཁྱེར་དུ་གཏོད་རྒྱུར་ཐོག་མའི་ཞིབ་བཤེར་བྱས་ནས། འདི་ལོ་རྒྱལ་ཁབ་མི་རིགས་དོན་བྱེད་ཨུ་ལྷན་གྱི་མཐའ་མའི་ཞིབ་བཤེར་བསྒུགས་ནས་ཡོད། ལྷོ་ཁ་དང་། ཉིང་ཁྲི། ཆབ་མདོ། ནག་ཆུ། མངའ་རིས་བཅས་སྔ་རྗེས་སུ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་དཔེ་མཚོན་གྲོང་ཁྱེར་གྱི་གདམ་བྱའི་ཚན་པར་བཅུག་པ་རེད།

    གྲངས་གཞི་ལས་མངོན་པར། “ལོ་ལྔ་ཚན་བཅུ་གཅིག་པ”ནས་ད་བར་ཁོ་ནར་རྒྱལ་ཁབ་མི་རིགས་དོན་བྱེད་ཨུ་ལྷན་དང་། ནོར་སྲིད་པུའུ། རང་སྐྱོང་ལྗོངས་ནོར་སྲིད་བཅས་ནས་གྲངས་ཉུང་མི་རིགས་ཀྱི་འཕེལ་རྒྱས་མ་དངུལ(མཐའ་དར་དམངས་ཕྱུག་བྱ་སྤྱོད་དང་མི་འབོར་ཅུང་ཉུང་བའི་མི་རིགས་འཕེལ་རྒྱས་གཏོང་བའི་མ་དངུལ་ཚུད)བསྡོམས་སྒོར་དུང་ཕྱུར་54.8བཀོད་སྒྲིག་བྱས་པ་རེད། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་རྒྱལ་ཁབ་མི་རིགས་དོན་བྱེད་ཨུ་ལྷན་དང་ནོར་སྲིད་པུས་སྤྲད་པའི་གྲངས་ཉུང་མི་རིགས་ལ་ཆེད་དུ་མཁོ་བའི་ཚོང་ཟོག་གནས་གཏན་འཁེལ་ཐོན་སྐྱེད་ཁེ་ལས་ཀྱི་ལག་རྩལ་སྒྱུར་བཀོད་ཁ་གསབ་མ་དངུལ་སྒོར་ཁྲི་2050དང་ལག་རྩལ་སྒྱུར་བཀོད་དངུལ་བུན་གྱི་ནོར་སྲིད་སྐྱེད་གསབ་མ་དངུལ་སྒོར་ཁྲི་924གཤམ་སྤྲོད་བྱས་པ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།