འདི་ནི་ཉེ་དུས་ལྷ་ས་འགག་སྒོ་ལས་ཁུངས་ཀྱི་ཉེན་རྟོག་པས་བོད་ལྗོངས་བྱིས་པའི་ཕན་བདེ་ཁང་དུ་བྱིས་པར་སློབ་ཆས་སྤྲོད་བཞིན་པ།
ཉེ་དུས་ལྷ་ས་འགག་སྒོ་ལས་ཁུངས་ཀྱི་ཏང་ཙུའི་ཁོངས་མི་ཆབ་སྲིད་པུའི་ཀྲུའུ་རེན་ཀྲའོ་ཆིའུ་ཞ་ཡིས་ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོའི་ལས་དོན་ལ་སྐུལ་འདེད་བཏང་བའི་ཐད་གསར་འགོད་པའི་བཅར་འདྲི་དང་ལེན་བྱས་པ་རེད།
གསར་འགོད་པ། ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོའི་ལས་དོན་དྲིལ་བསྒྲགས་བྱེད་ཕྱོགས་ཐད་བཀྲག་མདངས་འཚེར་ས་གང་དག་ཡོད་དམ།
ཀྲའོ་ཆིའུ་ཞ། འགག་སྒོ་ལས་ཁུངས་ནི་རྒྱལ་ཁབ་ཀྱི་རྒྱལ་སྒོ་སྲུང་མཁན་གྱི་ཆབ་སྲིད་ལས་ཁུངས་ཤིག་གི་ངོས་ནས། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་ནི་འདོར་ཐབས་མེད་པའི་འགན་འཁྲི་ཞིག་རེད། དེས་ན་ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་སྐོར་གྱི་འཐབ་ཇུས་གལ་ཆེན་གྱི་དགོངས་པ་དང“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་སྐྲུན་དགོས་པའི”མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། མི་རིགས་སྲིད་ཇུས་དང་མི་རིགས་མཐུན་སྒྲིལ་གྱི་སློབ་གསོར་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ཡོད། ཚན་པ(སྡེ་ཚན)དང་གྲོང་སྡོད་ལས་དོན་རུ་ཁག་ལ་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་ལས་དོན་ཡག་པོ་སྒྲུབ་དགོས་པའི་རེ་བ་བཏོན་པ་ཕུད། ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་འགག་སྒོ་ལས་ཁུངས་ཀྱི་ལོ་རྒྱུས་ཁང་གི“རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོའི་རྟེན་གཞིའི”ནུས་པ་འདོན་སྤེལ་གང་ལེཌ་བྱས་ཏེ། ཁོངས་གཏོགས་ཕྱི་ནང་གི་ལྟ་སྐོར་བར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་བརྒྱབ་ནས་མི་ཐེངས་ཁྲི་13སློབ་སྦྱོང་ལྟ་སྐོར་བྱེད་པའི་ཡིད་དབང་བཀུག་ཡོད། འགག་སྒོ་ལས་ཁུངས་ཀྱི་ལོ་རྒྱུས་ཁང་གི“སྐོར་སྐྱོད་འགྲེམས་ཁང”གིས་ཀྲུང་གུང་འགག་སྒོ་ལས་ཁུངས་སྤྱི་ཁྱབ་ཧྲུའུ་ཡི་ཏང་གི་སློབ་གྲྭ་དང་། ཀྲུང་གོ་འགག་སྒོ་ལས་ཁུངས་རྟེན་རྫས་བཤམས་མཛོད་ཁང་། པེ་ཅིང་། ཧྲང་ཧའེ། ཞ་མོན། ཧོང་ཕུའུ་བཅས་འགག་སྒོ་ལས་ཁུངས་4རུ་སྔ་རྗེས་སུ་སྐོར་འགྲེམས་བྱས་ནས་2018ལོར་བོད་ཀྱི་ཐོག་མའི་ས་ཚིགས་ཏེ་ལྷོ་ཁ་གྲོང་ཁྱེར་དུ་སྐོར་འགྲེམས་མཇུག་འགྲིལ་བ་མ་ཟད། ཆེད་དོན་སྙན་སྒྲོན་ཁག་8བྱས་ཡོད།
གསར་འགོད་པ། ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོའི་ལས་དོན་སྤེལ་རིང་གྲུབ་འབྲས་གང་དག་ཐོབ་ཡོད་དམ།
ཀྲའོ་ཆིའུ་ཞ། ལྷ་ས་འགག་སྒོ་ལས་ཁུངས་བཙུགས་ནས་ལོ་57སོང་ཚུན། མི་རིགས་ཁག་གི་ལས་བྱེད་པ་དང་ལས་བཟོ་ཚོས་སྤུན་མཆེད་ལྟར་གྱི་བརྩེ་དུང་ཟབ་མོ་བཅངས་པ་དང་སེམས་པ་གཅིག་སྒྲིལ་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོའི་ལས་དོན་ལ་གྲུབ་འབྲས་ངེས་ཅན་ཐོབ་ཡོད། ལྷ་ས་འགག་སྒོ་ལས་ཁུངས་ཀྱི་ལས་བྱེད་པ་དང་ལས་བཟོ་ཚོས་མི་རིགས་མཐུན་སྒྲིལ་ཆེ་མོའི་འདུ་ཤེས་བརྟན་པོ་བཙུགས་ནས་ཁ་ཕྲལ་ལ་ངོ་རྒོལ་དང་། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་སོགས་ལ་དར་ཆ་གསལ་སྟོན་བྱས་ཡོད། འགག་སྒོ་ལས་ཁུངས་ཀྱི་ལོ་རྒྱུས་དང་། བོད་ཀྱི་ལོ་རྒྱུས། མི་རིགས་མཐུན་སྒྲིལ་གྱི་ལོ་རྒྱུས་བཅས་གཅིག་ཏུ་མངོན་པར་བྱེད་མཁན་འགག་སྒོ་ལས་ཁུངས་ཀྱི་ལོ་རྒྱུས་ཁང་དེ་མིག་སྔར་ཁོངས་གཏོགས་ཕྱི་ནང་དུ་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་ཡུལ་གྱི་སློབ་གསོའི་རྟེན་གཞིར་གྱུར་ནས་ཚང་མའི་གདེང་འཇོག་བཟང་པོ་ཐོབ་ཡོད། ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་2017ལོའི་ལོ་མཇུག་ཏུ་སྔར་ཡོད་ཀྱི་གྲོང་སྡོད་དབུལ་སྐྱོར་ས་ཚིགས་6དབུལ་སྒྲོལ་བྱུང་ནས་དབུལ་ཞྭ་ཕུད་པ་དང་། 2018ལོ་ནས་བཟུང་། གྲོང་སྡོད་ས་ཚིགས་གསར་པ་6ལ་མ་དངུལ་སྒོར་ཁྲི་185བཏང་སྟེ་བཙས་འཁོར་1དང་དམངས་ཕན་སྒོ་རྩིས་ཚོང་ཁང་1ཞལ་འདེབས་བརྒྱབ་ནས་བཙུགས་པ་མ་ཟད། གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་གཞུང་ལས་ཁང་མཛེས་བཟོ་དང་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མིའི་ལས་ཀའི་འགྲོ་གྲོན་དུ་བཏང་ཡོད། ཅང་དབྱིན་གྲོང་ཁྱེར་གྱི་ཀུང་སི་ཞིག་དང་མཐུན་སྦྱོར་བྱས་ཏེ་གྲོང་སྡོད་ས་ཚིགས་ཀྱི་སློབ་མ་དབུལ་པོ་2ལ་རོགས་རམ་བྱས་པ་དང་། ཀུན་བདེ་གླིང་ཁྲོམ་གཞུང་གི་དུད་ཚང་དབུལ་པོ་1ལ་ཆ་འགྲིག་རོགས་སྐྱོར་བྱས་ནས་འཚམས་འདྲིའི་དངུལ་སྒོར་ཁྲི་2.46ཞལ་འདེབས་བརྒྱབ་ཡོད་པ་རེད།