དབུ་ཤོག>གསར་འགྱུར།
  • ​ནུབ་རྒྱུད་དམག་འཐབ་ཁུལ་སྐམ་དམག་ལུའེ་ཞིག་གི་ཡུལ་ཤུལ་རང་ཚུགས་རྟ་དམག་ལེན་གྱི་ལེན་ཀྲང་འབྱོར་ལྡན་མཐར་ཕྱིན་ནང་མི་མི་རབས་བཞིས་ཏང་གི་རྗེས་སུ་འབྲངས་པའི་སྐོར་བཀོད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཅང་ཧྲེ་ཆང་དང་། ལི་ཆིང་ཧྭ། ཀུའུ་ལིང་།   |     སྤེལ་དུས།  2019-07-26

    ལོ་རྒྱུས་ཀྱི་དཔང་པོ།

    ལོ་རྒྱུས་ཀྱི་འཁོར་ལོ་མདུན་དུ་འཁོར་བའི་ཆོས་ཉིད་ལྡོག་ཐབས་ཅི་ལ་ཡོད། དམར་དམངས་ཀྱི་དར་ཆ་ཞིག་སྔ་བར་ཕྱི་གསུམ་དུ་ཡུལ་ཤུལ་གྱི་ས་གཞི་ཆེ་མོའི་སྟེང་ལྷབ་ལྷུབ་ཏུ་གཡོ་ཞིང་། མི་རབས་ནས་མི་རབས་བརྒྱུད་པའི་ཁ་ཆེམས་ཤིག་འབྱོར་ལྡན་མཐར་ཕྱིན་གྱི་ཁྱིམ་མིས་ནམ་ཡང་མ་བརྗེད་བརྟན་པོར་ངེས་བཞིན་མཆིས། དར་ཆ་དེར་ཡང་སྙིང་ཡིད་སེམས་འགུག་པའི་ནུས་པ་གང་འདྲ་ཞིག་ཡོད་དམ། ཁྱིམ་རྒྱུད་ཀྱི་ཁ་ཆེམས་དེ་མི་རབས་ནས་མི་རབས་བརྒྱུད་དོན་ཅི་ཡིན། དང་ཐོག་ཡུལ་ཤུལ་མང་ཚོགས་ཀྱིས་གུང་ཁྲན་ཏང་ནི་ཁོ་ཚོར་བདེ་སྐྱིད་སྦྱིན་མཁན་ཞིག་ཡིན་པར་ངོས་འཛིན་གྱི་ཡོད་པ་ཇི་བཞིན་ཁོ་ཚོར་ཡང་དངོས་སུ་ས་ཞིང་རག་ནས་ཐོབ་ཐང་ལ་འགྱུར་བ་བྱུང་ཞིང་། ཐུབ་བསྟན་མགོན་པོས་འདས་ཁར་ཁ་ཆེམས་དེ་འཇོག་དོན་ཡང་ཁོང་གིས་གུང་ཁྲན་ཏང་གིས་ཁ་ཞེ་གཉིས་མེད་ཀྱིས་དམངས་དོན་བསྒྲུབས་པ་དང་། བོད་རིགས་མང་ཚོགས་ཀྱི་དད་སེམས་ལ་བརྩི་འཇོག་བྱས་ནས། དམངས་ཀྱི་ཆེད་དངོས་དོན་བསྒྲུབས་པ་མཐོང་སྟེ་གུང་ཁྲན་ཏང་གི་རྗེས་སུ་འབྲང་ན་ཡང་དག་ཡིན་པར་རྟོགས་པའི་རྐྱེན་གྱིས་ཡིན། དུས་ཀྱིས་གནས་འདིའི་ཕྱོགས་གང་ཅིར་འགྱུར་ལྡོག་ཆེན་པོ་བྱུང་ཡང་། འབྱོར་ལྡན་མཐར་ཕྱིན་ཁྱིམ་གྱི་དད་སེམས་ལ་འགྱུར་བ་བྱུང་མྱོང་མེད་ལ། ཡུལ་ཤུལ་མང་ཚོགས་ཀྱིས་ཏང་ལ་བཅངས་པའི་དད་སེམས་ལ་འགྱུར་ལྡོག་རྩ་བ་ནས་ཡོང་མྱོང་མེད། “རྒྱལ་དར་བསྒྲེངས་པ་མཐོང་སྐབས། གནོད་འཚེ་ཕོག་ཁུལ་མང་ཚོགས་ཀྱིས་རེ་བ་མཐོང་བ་རེད”ཅེས་པའི་སྐད་ཆ་དེས་ཡོད་ཚད་གསལ་བཤད་བྱེད་ཐུབ། ལོ་རྒྱུས་ཡུན་རིང་ལྡན་པའི་ཡུལ་ཤུལ་གྱིས་ལོ་རྒྱུས་ཀྱི་འཕོ་འགྱུར་ཆེན་པོའི་དཔང་པོ་བྱས་ཡོད་ལ། མཛེས་སྡུག་ལྡན་པའི་མ་འོངས་ཀྱི་དཔང་པོ་ཡང་བྱེད་ངེས་རེད། སེམས་ལ་མེས་རྒྱལ་འཆང་ནས་སེམས་པ་ཏང་ལ་ཕྱོགས་པས་འབྱོར་ལྡན་མཐར་ཕྱིན་དང་ཡུལ་ཤུལ་མང་ཚོགས་ཀྱི་འབྱུང་འགྱུར་གྱི་ལམ་བུ་དེ་བས་ཡངས་ཤིང་རྒྱ་ཆེ་ཡོང་རྒྱུར་ཐེ་ཚོམ་མེད།

    ཟླ་7པར་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་རུ་རྩྭ་དང་རྩི་ཤིང་གི་གཡུ་ལོ་རྒྱས་ཤིང་། འབྲི་ཆུའི་ཆུ་འགོ་ཁུལ་གྱི་ཁ་ཞེང་ཆེ་བའི་ཆུ་གཞུང་ནས་རྦ་རླབས་ལང་ལོང་དུ་འཕྱུར་བཞིན་དྲག་ཏུ་འབབ་པའི་གཙང་ཆུ་ཤར་དུ་རྒྱུག་པའི་དྲིན་ལས་ཡངས་ཤིང་རྒྱ་ཆེ་བའི་ས་གཞི་དང་གནས་དེའི་མི་དམངས་རྣམས་འཚོ་སྐྱོང་བྱེད་བཞིན་ཡོད།

    ཏང་ལ་ཕྱོགས་པའི་སེམས་པར་ནམ་ཡང་འགྱུར་བ་མེད་པ།

    གུང་ཁྲན་ཏང་གི་ཐོག་མའི་བསམ་འདུན་ནི་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་དེ་ཡིན། རླབས་ཆེ་བའི་ཐོག་མའི་བསམ་འདུན་འདི་ལས་ཁྱིམ་ཚང་དེའི་ནང་མི་ཚང་མར་སེམས་འགུལ་ཐེབས་པ།

    བགྲང་བྱ་70ཡི་གོང་དུ་ཀྲུང་ཧྭའི་བུ་ཕྲུག་འཚོ་སྐྱོང་བྱེད་ས་དང“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”ཅེས་སྙན་པའི་མཚན་བཟང་འབར་བའི་ཆུ་འགོའི་ཁུལ་དེར་ནུབ་རྒྱུད་དམག་འཐབ་ཁུལ་སྐམ་དམག་ལུའེ་ཞིག་གི་ཡུལ་ཤུལ་རང་ཚུགས་རྟ་དམག་ལེན་གྱི་ལེན་ཀྲང་འབྱོར་ལྡན་མཐར་ཕྱིན་གྱི་ཡང་མེས་ཐུབ་བསྟན་མགོན་པོས་ནང་ཆེན་ཁུལ་གྱི་སྐར་ལྔའི་དར་དམར་དང་པོ་དེ་ཁྱེར་ཡོང་ནས་མཐོན་པོར་བསྒྲེངས་པ་མ་ཟད། གྲོངས་ཁར་ནམ་ཡང་ཏང་གི་རྗེས་སུ་འབྲང་རྒྱུའི་ཁ་ཆེམས་བཞག དེ་རྗེས་ཐོག་མའི་བསམ་འདུན་དེའི་ཁྲིད་སྟོན་འོག འབྱོར་ལྡན་མཐར་ཕྱིན་གྱི་སྤོ་བོ་ཕུན་ཚོགས་དབང་གྲགས་ཀྱིས་ཡུལ་ཤུལ་ཁུལ་གྱི“ཁམས་པའི་མི་རྒྱུད”ཏང་ནང་ཞུགས་པའི་སྲོལ་ཁ་བཏོད་པ་དང་། ཕ་སྡོམ་པ་ཨ་བྷོ་ཡུན་རིང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་གི་ལས་ལ་རྩེ་གཅིག་ཏུ་གཞོལ་བ་ལས། འབྱོར་ལྡན་མཐར་ཕྱིན་ལ་གསར་བརྗེའི་ཁྱིམ་སྲོལ་གྱི་ཤུགས་རྐྱེན་ཐེབས་ནས་ཐེ་ཚོམ་སྤུ་ཙམ་མེད་པར་དམག་ལ་ཞུགས་ཏེ་མེས་རྒྱལ་ལ་དྲིན་ལན་འཇལ་རྒྱུའི་བློ་ཐག་བཅད།

    བགྲང་བྱ་70ཡི་དྲག་ཆར་རླུང་འཚུབ་ཁྲོད་དུ་ཐོག་མའི་བསམ་འདུན་དེ་ཆུ་རྒྱུན་ཞིག་དང་འདྲ་བར་སྟོབས་ཤུགས་འབར་བའི་སྙིང་སྟོབས་སྐྱེད་ནས་ཡུལ་ཤུལ་རྩྭ་ཐང་ཐོག་གི་བོད་རིགས་སྤུན་ཟླས་བློ་གཅིག་སེམས་གཅིག་གིས་ཏང་གི་རྗེས་སུ་འབྲང་བའི་མཚོན་རྟགས་བ་དན་ཞིག་སྲིད་རྩེར་བསྒྲེངས།

    གསར་བརྗེའི་ཐོག་མའི་བསམ་འདུན་མི་རབས་བཞི་ཡིས་རྒྱུན་འཛིན་བྱས་པ།

    ཨ་ཕ་ཏང་ནང་ཞུགས་པ་དེས་སྐབས་དེ་དུས་ཀྱི་བོད་རིགས་ལས་རིགས་ཁག་གི་མི་སྣའི་ཁྲོད་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཐེབས།

    1949ལོར་འབྱོར་ལྡན་མཐར་ཕྱིན་གྱི་ཡང་མེས་ཐུབ་བསྟན་མགོན་པོ་ནང་ཆེན་ཁུལ་གྱི་སྟོང་དཔོན་དང་མཉམ་དུ་རྟ་མཆོག་སྟོང་ཕྲག་དང་གཅན་གཟན་གྱི་ལྤགས་པ་སོགས་རྩ་ཆེའི་དངོས་རིགས་འབོར་ཆེན་འཁྱེར་ནས། ཟི་ལིང་གི་མཱ་པུའུ་ཧྥང་ལ“འབུལ་རྟེན”བསྐྱལ་བར་བསྐྱོད། ཁོང་ཚོ་མཚོ་སྔོན་གསེར་ཆེན་རྫོང་ཁོངས་སུ་འབྱོར་སྐབས། ཟི་ལིང་བཅིངས་འགྲོལ་བཏང་ཟིན་པ་ཤེས་རྟོགས་བྱུང་། སྐབས་དེར། རྟ་ཁྱུ་ཡུལ་ཤུལ་དུ་ཕྱིར་ལོག་བྱེད་དམ། ཡང་ན་བཅིངས་འགྲོལ་དམག་ལ་འབུལ་དགོས་སམ། སྟོང་དཔོན་དང་ཐུབ་བསྟན་མགོན་པོ་སོགས་བརྒྱ་དཔོན་འགས་ནང་མོལ་ཐེངས་མང་བྱས་མཐར་རྟ་ཕོ་སྟོང་ཕྲག་ཟི་ལིང་དུ་དེད་ནས་བཅིངས་འགྲོལ་དམག་ལ་ཕུལ།

    “གུང་ཁྲན་ཏང་གིས་ཐུབ་བསྟན་མགོན་པོར་སྐར་ལྔའི་དར་དམར་ཞིག་སྤྲད། མང་ཚོགས་ཚོས་དེ་ནི་གུང་ཁྲན་ཏང་གི‘གསར་བརྗེའི་དར་ལྕོག’ཡིན་པ་དང་བོད་རིགས་ཀྱི་དར་ལྕོག་ལས་ལྷག་པ་ཡོད”ཅེས་ཟེར། སྡོམ་པ་ཁྱིམ་རྒྱུད་ཀྱི་དེ་སྔའི་མངའ་འོག་ཡིན་པའི་ལོ་75ལ་སླེབས་པའི་དགའ་བདེ་ཚེ་རིང་གིས། ཐུན་བསྟན་མགོན་པོ་ཡུལ་ཤུལ་དུ་ལོག་སླེབས་རྗེས་རང་ཁྱིམ་གྱི་ཐོག་ཁར་དར་དམར་དེ་བསྒྲེངས་པའི་སྐོར་རང་གི་ཕ་མེས་ཚོས་བཤད་པ་གོ་མྱོང་ཡོད་ཟེར། དེ་ནི་ཡུལ་ཤུལ་ནང་ཆེན་དུ་བསྒྲེངས་པའི་སྐར་ལྔའི་དར་དམར་དང་པོ་དེ་རེད།

    1953ལོར་ཐུབ་བསྟན་མགོན་པོ་གྲོངས་ཁར“སྡོམ་པ་ཁྱིམ་རྒྱུད་ཀྱི་མི་ཡིན་ཕྱིན་ཏང་གི་རྗེས་སུ་འབྲང་དགོས་པ་ལས་བློ་རྩེ་གཉིས་གཏན་ནས་བྱེད་མི་རུང”ཞེས་ཁ་ཆེམས་བཞག

    ཕ་མེས་ཡང་མེས་ཚོའི་ཐོག་མའི་བསམ་འདུན་དེས་རྗེས་རབས་པ་ཚོར་ནམ་ཡང་མདུན་སྐྱོད་བྱེད་པའི་སྣེ་ཁྲིད་བྱས། ཐུབ་བསྟན་མགོན་པོའི་བུ་འབྱོར་ལྡན་མཐར་ཕྱིན་གྱི་སྤོ་བོ་ཕུན་ཚོགས་དབང་གྲགས་ལོ་15སླེབས་སྐབས་གསར་བརྗེར་ཞུགས། 1958ལོར་ནུབ་བྱང་ཐང་འཐབ་དམག་གི་རྟ་དམག་ཐོན་གྱི་སྐད་སྒྱུར་བའི་འགན་འཁུར་རིང་ཁོང་གིས་གུང་ཁྲན་ཏང་ལ་དེ་བས་གཏིང་ཟབ་པའི་ངོས་འཛིན་བྱུང་ནས། ཏང་རྩ་འཛུགས་ཀྱི་རྗེས་སུ་འབྲང་རྒྱུའི་ཆོད་སེམས་བཞག་མོད། འོན་ཀྱང་སྐབས་དེ་དུས“བརྒྱ་དཔོན”ཏང་ནང་ཞུགས་པའི་སྔར་སྲོལ་མེད། ཏང་རྩ་འཛུགས་ཀྱིས་དུས་ཡུན་ལོ་གཅིག་ལྷག་རྟོག་ཞིབ་དང་ཀྲུང་གུང་ཀྲུང་དབྱང་ནུབ་བྱང་ཅུས་ཀྱིས་ཆོག་མཆན་སྤྲད་པ་བརྒྱུད་1960ལོར་ཕུན་ཚོགས་དབང་གྲགས་གཟི་བརྗིད་ལྡན་པའི་སྒོ་ནས་ཏང་ནང་ཞུགས།

    “ཕ་ཏང་ནང་ཞུགས་པ་དེས་སྐབས་དེ་དུས་ཀྱི་བོད་རིགས་ལས་རིགས་ཁག་གི་མི་སྣའི་ཁྲོད་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཐེབས་པ་དང་། ངས་ངེས་གསལ་ལ་ཕས་བཤད་དོན། ‘ལམ་བུ་དེ་བདམས་ཟིན་པས་ངེས་པར་དུ་ལྷག་བསམ་རྣམ་དག་བྱེད་དགོས་ཟེར་གྱི་འདུག’”ཅེས་འབྱོར་ལྡན་མཐར་ཕྱིན་གྱི་ཕ་སྡོམ་པ་ཨ་བྷོས་ཕྱིར་དྲན་བྱེད་བཞིན་བཤད།

    འདི་ལོ་ལོ་26ལ་སླེབས་པའི་འབྱོར་ལྡན་མཐར་ཕྱིན་གྱིས་གསར་བརྗེའི་ཁ་ཆེམས་རྒྱུན་འཛིན་གྱིས་སློབ་ཆེན་ལོ་རིམ་གསུམ་པའི་སྐབས་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། སློབ་གྲྭ་ཐོན་རྗེས་འཁྲུག་ཆ་དོད་པའི་གྲོང་ཁྱེར་ཆེན་པོ་དང་ཐག་རིང་ལུང་ཁུག་གི་ཡུལ་ཤུལ་བོད་རིགས་ས་ཁུལ་གཉིས་ནས་གདམ་ཀ་བྱེད་སྐབས། ཁོང་གིས་དཔལ་ཐང་དུ་ལོག་རྒྱུའི་སེམས་ཐག་བཅད་དེ། “གྲོང་ཁྱེར་ཆེན་པོར་ང་མི་གཅིག་ཆད་དོགས་མེད། ས་མཐོར་ང་དེ་བས་མཁོ”ཞེས་བརྗོད།

    ཡུལ་ཤུལ་ཀྲོའུ་ཨུད་ཀྱི་ཧྲུའུ་ཅི་ཝུའུ་ཏེ་ཅུན་གྱིས་ངོ་སྤྲོད་བྱས་དོན། ཡུལ་ཤུལ་དུ་ཞི་བའི་བཅིངས་འགྲོལ་བཏང་རྗེས་རང་རེའི་ཏང་གིས་ཡུལ་ཤུལ་དུ་མི་རིགས་འདྲ་མཉམ་མཐུན་སྒྲིལ་དང་ཆོས་དད་རང་མོས་ཀྱི་སྲིད་ཇུས་ལག་ལེན་བསྟར་བ་དང་སྦྲགས། ས་གནས་དེ་གའི་ཐོན་སྐྱེད་དང་འཚོ་བ་ལེགས་སུ་ཤུགས་ཆེན་བཏང་བར་འགོ་པ་དང་ཞིང་འབྲོག་པའི་བསྔགས་བརྗོད་ཐོབ། “སྡོམ་པ་ཁྱིམ་རྒྱུད་ཀྱིས་བདེན་དོན་གྱི་མཐིལ་རྟོགས་ནས། ཁོང་ཚོས་བཀའ་དྲིན་དྲན་པ་དང་དྲིན་ལན་འཇལ་ཤེས་པ་མ་ཟད། རྒྱལ་ཁབ་དང་། མི་རིགས། མི་དམངས་བཅས་ལ་འགན་འཁུར་བའི་རྣམ་འགྱུར་ཐོག་ནས་རང་རྟོགས་དང་རང་མོས་ངང་ཏང་གི་རྗེས་སུ་འབྲང་རྒྱུའི་གདམ་ག་བྱས་པ་རེད”

    ཡུལ་ཤུལ་དུ་ཞི་བའི་བཅིངས་འགྲོལ་བཏང་རྗེས། ཕུན་ཚོགས་དབང་གྲགས་ནི་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་བརྩི་སྲུང་ཞུ་མཁན་ཞིག་ཏུ་གྱུར། “ཁོང་གིས་བརྒྱ་དཔོན་གྱི་ཐོབ་ཐང་བློས་བཏང་བ་མ་ཟད། ད་དུང་གཉེན་ཉེ་ཚོར་སྐུ་དྲག་གི་ཐོབ་ཐང་མཚོན་པའི་ཡིག་ཆ་དང་དར་ཆ་ཕྱིར་སློག་རྒྱུའི་སྐུལ་སློང་ཡང་བྱས་པ་རེད” འདི་ལོ་ལོ་75ལ་སླེབས་པའི་ཕུན་ཚོགས་དབང་གྲགས་ཀྱི་བཟའ་ཟླ་བཀྲ་ཤིས་གཡུང་དྲུང་གིས། ཕུན་ཚོགས་དབང་གྲགས་ལོ་17ལ་སླེབས་སྐབས། འབྲོག་པ་ཁག་གཅིག་གིས་གནས་རི་ནས་དབྱར་རྩྭ་དགུན་འབུ་བསྔོགས་པས་བརྒྱ་དཔོན་གྱི་ལས་དོན་ཚབ་གཉེར་བྱེད་མཁན་ཨ་མས་རང་ཁྱིམ་དུ་བཀག་ཉར་བྱས་པ་ཁོང་གིས་ཤེས་རྗེས་ཨ་མས་མ་མཐོང་བར་བྱས་ནས་ཚང་མ་གློད་པ་རེད། དོན་དག་དེ་ཀུན་གྱིས་ཤེས་རྗེས། ཁོང་ལ་མང་ཚོགས་དང་ཏང་སྲིད་འགོ་ཁྲིད་ཀྱི་བསྔགས་བརྗོད་མགྲིན་གཅིག་ཏུ་ཐོབ་ཡོད་ཅེས་ཕྱིར་དྲན་བྱས་པ་རེད།

    “གུང་ཁྲན་ཏང་གི་ཐོག་མའི་བསམ་འདུན་ནི་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་དེ་ཡིན། རླབས་ཆེ་བའི་ཐོག་མའི་བསམ་འདུན་དེས་ཁྱིམ་ཚང་དེའི་ནང་མི་ཚང་མར་སེམས་འགུལ་ཐེབས་པ་རེད། ཁོང་ཚོ་མི་རབས་ནས་མི་རབས་ཚང་མ་གུང་ཁྲན་ཏང་གི་རྗེས་སུ་འབྲང་བ་དེའི་ཐོག་ནས། གུང་ཁྲན་ཏང་གི་ཐོག་མའི་བསམ་འདུན་ནི་འཁྲུལ་མེད་ཡང་དག་ཅིག་ཡིན་པ་མ་ཟད། ད་དུང་ལོ་རྒྱུས་དང་མི་དམངས་ཀྱི་ཞིབ་དཔྱད་ཐེག་ཐུབ་པ་ཞིག་ཀྱང་ཡིན་པ་གསལ་བཤད་བྱས་ཡོད”ཅེས་ཝུའུ་ཏེ་ཅུན་གྱིས་བརྗོད་པ་རེད།

    མི་སེར་ཚོར་རོགས་རམ་བྱས་ནས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་པ།

    འདི་ནི་དུས་རབས་བཟང་པོ་ཞིག་ཡིན། ཏང་གི་སྲིད་ཇུས་ཤེས་རྟོགས་ཇི་ཙམ་བྱུང་ན། དེ་ཙམ་གྱིས་ཕྲེང་བ་ལྟར་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་ཏང་གི་བཀའ་ལ་ཉན་ཞིང་ཏང་གི་རྗེས་སུ་འབྲང་དགོས།

    ས་བབ་མཐོ་ཚད་སྨི་4200ཟིན་པའི་དཔལ་ཐང་ནི་སྔོ་ལྗང་གིས་རབ་ཏུ་བརྒྱན་ཞིང་། ཡུལ་ཤུལ་རང་ཚུགས་རྟ་དམག་ལེན་དཔལ་ཐང་བཅའ་སྡོད་སྦྱོང་བརྡར་ས་ཚིགས་སུ། དཔོན་དམག་བཅུ་གྲངས་ཤིག་གིས་སྟོབས་ཤུགས་གང་ཡོད་བཏོན་མཐར་གཞི་ནས་རྟ་ཕོ་ཞིག་སར་བསྒྱེལ་ནས་མར་མནན་རྗེས་ཕྱུགས་རིགས་སྨན་པས་རྟ་པོ་དེའི་གསུས་པའི་རྨ་ཁར་སྨན་བྱུགས་པ་རེད།

    དཔལ་ཐང་བཅའ་སྡོད་སྦྱོང་བརྡར་ས་ཚིགས་ཀྱིས་གཙོ་བོར་དམག་རྟ་གསོ་སྐྱོང་བྱེད་པའི་འགན་འཁུར་ཡོད། དེ་གའི་གསོ་རླུང་འདུས་ཚད་ནང་སའི་60%ལས་མེད་ལ། ཟླ་བ་གསུམ་རིང་མ་གཏོགས་ལོ་འཁོར་མོ་ཡུག་ཏུ་གངས་འབབ་ཀྱི་ཡོད་པ་རེད། འབྱོར་ལྡན་མཐར་ཕྱིན་རྟག་ཏུ་དེ་གར་བསྡད་དེ་སྦྱོང་བརྡར་བྱེད་པ་ཕུད། བྱེད་མང་ཤོས་ནི་དཔོན་དམག་ཚོ་ཁྲིད་དེ་འབྲོག་ཁུལ་དུ་བསྐྱོད་ནས་མི་སེར་ཚོར་རོགས་རམ་བྱེད་པ་དེ་ཡིན་པ་རེད།

    ཐེའུ་རོང་རྒྱུད་གྲོང་ཚོར་འབྲོག་དུད་21ཡོད། ལོ་77ལ་སླེབས་པའི་འབྲོག་པ་བསྟན་འཛིན་ཆོས་བསོད་ལ་ལྕགས་དྲ་སྐོར་རོགས་བྱས་པ་དང་། ནད་གཞི་ཕོག་པའི་ཕྱུགས་ཟོག་ལ་སྨན་ཁབ་རྒྱག་པ་དང་སྨན་སྟེར་བ། སློབ་འབྲིང་འགྲིམ་བཞིན་པའི་གཅེན་གཅུང་གཉིས་ལ་རོགས་དངུལ་སྤྲད་པ་སོགས་བྱས་པས། འབྱོར་ལྡན་མཐར་ཕྱིན་གྱི་ཁ་པར་ཨང་གྲངས་དེ་དཔལ་ཐང་གི“ཐད་སྦྲེལ་ཁ་པར”དུ་གྱུར་ནས། འབྲོག་པ་མང་ཚོགས་ཚོར་རྩོད་གཞི་དང་དཀའ་ངལ་འཕྲད་ཚེ་ཁོང་འཚོལ་གྱི་ཡོད་པ་རེད།

    མི་སེར་ཚོས་གཡག་སོགས་བཤས་རྗེས་དཔུང་སྡེར་ཤ་སྐལ་བསྐྱལ་བ་དང་། འཐབ་འཛིང་པ་ཚོས་དེ་གར་རྟ་འཚོ་སྐབས་ཁྱིམ་དུ་ཡོང་ནས་ཇ་འཐུང་ཞོར་ངལ་གསོ་རྒྱག་གི་རེད། ཏུན་20ལྷག་ཡོད་པའི་དམག་རྟའི་གཟན་ཆག་དམག་སྒར་དུ་དབོར་སྐབས་འབྲོག་པ་མང་ཚོགས་ཚོ་རང་འགུལ་ངང་རོགས་རམ་བྱེད་པར་ཡོང་གི་རེད། “ཁྱིམ་ཚང་གཅིག་གི་མི་ལྟར་ཕན་ཚུན་བརྩེ་བ་ཆེན་པོ་ཡོད”ཅེས་འབྲོག་པ་ཝུའུ་ཡུས་ལན་གྱིས་བརྗོད་པ་རེད།

    འབྱོར་ལྡན་མཐར་ཕྱིན་ཡོད་སའི་དཔུང་སྡེ་དེ་ནི་ཀྲུང་དབྱང་དམག་ཨུད་ཀྱིས“ས་མཐོའི་མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་ལེན”ཞེས་པའི་གཟི་བརྗིད་མཚན་སྙན་གནང་བའི་དཔུང་སྡེ་ཞིག་ཡིན་པས། ཏང་གི་རྗེས་སུ་འབྲང་དགོས་ཞེས་པའི་མེས་པོ་ཚོའི་ཁ་ཆེམས་ལྟར་ཁོང་གིས་སེམས་ནུས་ཡོད་རྒུས་འབྲོག་པ་མང་ཚོགས་ལ་རོགས་རམ་དང་རྩོད་གཞི་འདུམ་འགྲིག་བྱེད་རོགས་བྱས་པས། དཔུང་སྡེའི་ནང་སློབ་གསོ་དང་སྦྱོང་བརྡར་ཐེབས་ཡོད་པ་རེད།

    ཡུལ་ཤུལ་དུ་དབྱར་རྩྭ་དགུན་འབུ་མང་པོ་ཡོད་ལ། དབྱར་རྩྭ་དགུན་འབུ་ནི་ས་གནས་དེ་གའི་མི་སེར་གྱི་དཔལ་འབྱོར་ཡོང་ཁུངས་གཙོ་བོ་ཞིག་ཡིན། ལོ་རེའི་དབྱར་རྩྭ་དགུན་འབུ་འཐུ་སྐབས། ས་ཆའི་རྩོད་གླེང་དབང་གིས་རྒྱག་རེས་ཤོར་བའི་གནས་ཚུལ་ཡང་ཐོན་གྱི་ཡོད་པ་རེད།

    “རྩོད་གཞི་མང་ཆེ་ཤོས་ནི་སྐད་མ་གོ་བ་དང་དམངས་སྲོལ་མི་འདྲ་བས་ཐོན་གྱི་ཡོད། མང་ཚོགས་ཁ་ཤས་ཀྱིས་སྲིད་ཇུས་མི་ཤེས་པས་ཁེ་ཕན་དང་འཕྲད་ཚེ་གནས་ཚུལ་ཐོན་སླ་པོ་ཡོད་པ་རེད”ཅེས་འབྱོར་ལྡན་མཐར་ཕྱིན་གྱིས་བརྗོད།

    དེར་བརྟེན། ཁོང་གིས་བོད་སྐད་དང་སྲིད་ཇུས་གཉིས་ཀ་ཤེས་པའི་ལེགས་ཆ་སྤྱད་དེ། དཔོན་དམག་ཁྲོད་ཏང་གི་མི་རིགས་སྲིད་ཇུས་དང་། རྒྱུན་སྤྱོད་བོད་སྐད། མི་རིགས་ཀྱི་གོམས་སྲོལ། འདུམ་འགྲིག་བྱེད་ཐབས་བཅས་སློབ་སྦྱོང་བྱེད་པའི“སློབ་སྦྱོང་བཞིའི”བྱེད་སྒོ་སྤེལ་ནས། འགལ་བ་འདུམ་འགྲིག་བྱེད་མཁས་པོ་མང་དག་ཅིག་གསོ་སྐྱོང་བྱས་ཡོད་པ་རེད།

    འབྲི་ཆུ་དང་རྒྱལ་མོ་རྔུལ་ཆུ་ཡུལ་ཤུལ་བརྒྱུད་དེ་བཞུར་གྱི་ཡོད་པས། དེ་གར་རྩྭ་ཆུ་བཟང་ལ་གང་སར་རྟ་ནོར་ལུག་གསུམ་གྱིས་ཁེངས་ཡོད་པ་རེད།

    ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70སོང་རིང་། རྩྭ་ཐང་དང་ཕྱུགས་རིགས་དུད་ཚང་སོ་སོར་འགན་གཙང་སྤྲད་པ་ནས་རྒྱལ་ཁབ་ཀྱིས་ཞིང་འབྲོག་ལས་ཀྱི་དཔྱ་ཁྲལ་གཅོག་པ་དང་། དེ་ནས་གཙང་གསུམ་ཆུ་འགོའི་འབྲོག་པར་རྩྭ་ཐང་གི་བྱ་དགའི་ཁ་གསབ་དངུལ་སྤྲད་པའི་བར། ཡུལ་ཤུལ་བོད་རིགས་ས་ཁུལ་གྱི་མང་ཚོགས་ཚོས་མཆོང་སྐྱོད་གཅིག་གིས་ལོ་ངོ་སྟོང་གི་མཆོང་སྐྱོད་ཀྱི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་ཁས་ལེན་དང་བསྔགས་བརྗོད་བྱེད་ཀྱི་ཡོད། ནང་ཆེན་རྫོང་སྡོམ་པ་ཤང་རྒོ་གཞུང་གྲོང་ཚོའི་ལོ་74ལ་སླེབས་པའི་གྲོང་མི་ཐུབ་བསྟན་གྱིས“ད་ལྟ་ནི་དུས་རབས་བཟང་པོ་ཞིག་རེད། ཏང་གི་སྲིད་ཇུས་ཤེས་རྟོགས་ཇི་ཙམ་བྱུང་ན། དེ་ཙམ་གྱིས་ཕྲེང་བ་ལྟར་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་ཏང་གི་བཀའ་ལ་ཉན་ཞིང་ཏང་གི་རྗེས་སུ་འབྲང་དགོས་སྙམ་གྱི་འདུག”ཅེས་བརྗོད་པ་རེད།

    འབྱོར་ལྡན་མཐར་ཕྱིན་ཁྱིམ་གྱི་མི་རབས་བཞིས་གསར་བརྗེའི་སེམས་པ་རྒྱུན་འཛིན་བྱས་ནས་ལྷག་བསམ་རྣམ་དག་དང་བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲངས་ཏེ། རྩྭ་ཐང་དུ་དཔེ་སྟོན་ནུས་པ་སྔར་བས་ཡག་པ་བཏོན་ནས། མི་སྔར་བས་མང་བར་ཤུགས་རྐྱེན་བཟང་པོ་འཇོག་བཞིན་ཡོད་པ་རེད།

    645690_yis_1564029619901.jpg

    ནུབ་རྒྱུད་དམག་འཐབ་ཁུལ་སྐམ་དམག་ལུའེ་ཞིག་གི་ཡུལ་ཤུལ་རང་ཚུགས་རྟ་དམག་ལེན་གྱི་ལེན་ཀྲང་འབྱོར་ལྡན་མཐར་ཕྱིན་གྱིས་དམག་མིའི་སྣེ་ཁྲིད་ནས་དམག་སྦྱོང་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།