དབུ་ཤོག>གསར་འགྱུར།
  • པེ་ཅིང་ཞེ་ཧོ་སྨན་ཁང་གི“རང་བརྟེན་རྣམ་པའི”སྨན་བཅོས་རོགས་སྐྱོར་གྱིས་བོད་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་ལ་རོགས་སྐྱོར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-07-20

    ཉིན་ཤས་གོང་། པེ་ཅིང་ཞེ་ཧོ་སྨན་ཁང་གིས་སྨན་ཁང་དེའི་ནད་ལྕི་གསོ་རིག་ཚན་ཁག་གི་སྨན་པ་དཀའ་བཅུ་པ་ཝང་ཞའོ་ཐིང་ཚུད་པའི་ལས་སྒོའི་རྐང་འཛིན་པ་10ལས་གྲུབ་པའི་བོད་སྐྱོར་སྨན་བཅོས་རུ་ཁག་གི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སྨན་བཅོས་རུ་ཁག་ཁག་ལྔ་པ་བོད་དུ་མངགས་གཏོང་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2015ལོར་ཀྲུང་དབྱང་རྩ་འཛུགས་པུའུ་དང་དེ་སྔའི་རྒྱལ་ཁབ་འཕྲོད་བསྟེན་འཆར་ལྡན་བུ་བཙའ་ཨུ་ལྷན་གྱིས་སྨན་བཅོས་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་སྤེལ་བ་དང་། བོད་སྐྱོར་སྨན་བཅོས་རུ་ཁག་གིས“སློབ་རོགས་ཁྲིད”གསུམ་བྱས་ནས“ས་གནས་དེ་གའི་རྐང་འཛིན་པར་གསོ་སྦྱོང”བྱས་པ་བརྒྱུད་འབྲེལ་ཡོད་རོགས་སྐྱོར་ཐོབ་པའི་སྨན་ཁང་གི་ཕྱོགས་གང་ས་ཅི་ཐད་ལ་ཡར་རྒྱས་མངོན་གསལ་དོད་པོ་བྱུང་ནས་བོད་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་མྱུར་པོ་བྱུང་ཡོད། བོད་སྐྱོར་ལས་འགན་འདི་པེ་ཅིང་ཞེ་ཧོ་སྨན་ཁང་གིས་སྣེ་ཁྲིད་དེ་བསྒྲུབས་པ་དང་ལོ་བཞིའི་རིང་ཁག་ཐེངས་བཞིའི་ལས་སྒོའི་རྐང་འཛིན་པ་ཁྱོན་38མངགས་ནས་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་ལ“རང་བརྟེན་རྣམ་པའི”སྨན་བཅོས་རོགས་སྐྱོར་བྱས་པ་རེད།

    པེ་ཅིང་ཞེ་ཧོ་སྨན་ཁང་གི་འབྲེལ་ཡོད་འགན་འཁུར་བས“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སྨན་བཅོས་རུ་ཁག་གིས་སྒྲིག་འཛུགས་ལྡན་པའི་དྲ་བའི་གསོ་སྦྱོང་མ་ལག་ཅིག་འཆར་འགོད་དང་ཇུས་འགོད་བྱས་ཡོད། མ་ལག་དེས་ས་གནས་ས་ཐོག་ཏུ་སློབ་ཁྲིད་དང་གཅིག་གྱུར་སློབ་ཁྲིད་བྱས་ཏེ་བཀོལ་སྤྱོད་ཚད་ལྡན་དུ་གཏོང་བ་དང་ཞན་ཆ་གསབ་པ་དང་། རྒྱང་ཁྲིད་སློབ་ཁྲིད་བརྒྱུད་ཚད་གཞི་མཐོ་རུ་གཏོང་བ་དང་མཐོང་རྒྱ་ཆེ་རུ་བཏང་བ། ཕྱིར་གཏོང་གསོ་སྦྱོང་གོ་སྐབས་མང་དུ་གཏོང་བ་དང་ཡུན་རིང་ཟབ་སྦྱོང་བྱས་ཏེ་ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་བ་དང་དུས་ཐུང་ཆེད་དོན་གསོ་སྦྱོང་བྱས་ཏེ་རྩལ་ནུས་ཆེ་རུ་བཏང་བ། རིག་ཚན་གྱི་རྐང་འཛིན་པ་གསོ་སྦྱོང་ལ་དམིགས་ཏེ་གཅིག་གཏད་གཅིག་གི་ཐབས་ལམ་སྤྱད་ནས“དགེ་རྒན་གྱིས་དགེ་ཕྲུག་ཁྲིད་པའི”བྱ་ཐབས་བརྒྱུད་ཆ་སྒྲིག་རོགས་སྐྱོར་བྱས་ཡོད་ཅེས་བརྗོད།

    པེ་ཅིང་ཞེ་ཧོ་སྨན་ཁང་གི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སྨན་བཅོས་རུ་ཁག་ཁག་ལྔ་པ་ཟླ་7ཚེས་29ཉིན་ལྷ་སར་འབྱོར་ནས་དུས་ཡུན་ལོ་གཅིག་གི་བོད་སྐྱོར་ལས་དོན་སྤེལ་རྒྱུ་དང་། པེ་ཅིང་ཞེ་ཧོ་སྨན་ཁང་གི་ཡོན་ཀྲང་གཞོན་པ་དབྱང་ཏུན་ཀན་གྱིས་རུ་དཔོན་གྱི་འགན་འཁུར་རྒྱུ་ཡིན་ཞིང་། སྨན་བཅོས་རུ་ཁག་གི་རུ་མི་ཚོས་ཞེ་ཧོ་སྨན་ཁང་གི་བོད་སྐྱོར་སྲོལ་རྒྱུན་རྒྱུན་འཛིན་བྱས་ཏེ་སྨན་བཅོས་ལག་རྩལ་གསར་ཤོས་དང་སྨན་བཅོས་དོ་དམ་གྱི་འདུ་ཤེས་ཡག་ཤོས་མུ་མཐུད་བོད་དུ་ཁྱབ་གདལ་བཏང་ནས་བོད་ཀྱི་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་གསར་པ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།