དབུ་ཤོག
  • ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ཞིང་གསུམ”ཞབས་ཞུའི་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-07-18

    “ཞིང་གསུམ”ཞབས་ཞུའི་ལས་དོན་ཁག་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། བོད་ལྗོངས་ཀྱི་ཡུལ་བབ་དང་མཐུན་པའི་དངུལ་རྩའི་ཞབས་ཞུའི་བྱ་ཐབས་འཚོལ་ཞིབ་ཡང་དག ཞིང་འབྲོག་མང་ཚོགས་ལ་མཁོ་ཤོས་ཀྱི་དངུལ་རྩའི་ཐོན་རྫས་གསར་གཏོད་གང་ལེགས་བཅས་བྱས་པས་བོད་ལྗོངས་སུ་དངུལ་རྩས་དབུལ་སྐྱོར་དང་“ཞིང་གསུམ”ལ་ཞབས་ཞུའི་ལས་དོན་སྒྲུབ་མཁན་གྱི“གཙོ་ཤུགས”དངུལ་ཁང་ཞིག་ཏུ་གྱུར་ཡོད།

    དངུལ་ཁང་གོང་འོག་ཚང་མས་ཕྱོགས་ཡོངས་ནས་དངུལ་རྩའི་དབུལ་སྐྱོར་ལས་དོན་གྱི་བླང་བྱ་ཁག་དང་ཀྲུང་དབྱང་གིས་བོད་ལ་གནང་བའི་དམིགས་བསལ་གྱི་དངུལ་རྩའི་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་རང་ངོས་ཀྱི་ཁྱད་ལྡན་ཐོན་རྫས་“གསེར་དངུལ་ཟངས་བྱང་དང་ཕ་ལམ་བྱང་བུ”བཅས་བྱང་བུ་བཞི་དང་གནད་སྨིན་དབུལ་སྐྱོར་དངུལ་བུན་ལག་ཁྱེར་ཐོན་རྫས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་དང་། “ཐོན་ལས་དང་རྣམ་གྲངས་ཀྱི་སྐུལ་ཁྲིད”ལག་བསྟར་ཤུགས་ཆེན། “ཡིག་ཚགས་དང་གཱ་བཟོས་པའི་དབུལ་སྐྱོར་དངུལ་བུན”ཐོན་རྫས་གསར་གཏོད། དབུལ་སྐྱོར་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་དང་མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་འཛུགས་སྐྲུན་བྱ་རྒྱུར་རྒྱབ་སྐྱོར་ཧུར་ཐག་བཅས་བྱས་ཡོད། 

    ད་ལོའི་ཟླ་5པའི་ཟླ་མཇུག་བར་དངུལ་ཁང་དེས་རིམ་རྩིས་དབུལ་སྐྱོར་དངུལ་བུན་སྒོར་དུང་ཕྱུར་8.88བཏང་བ་དང་། ཞིང་འབྲོག་ཁུལ་དུ་དངུལ་རྩའི་ཞབས་ཞུའི་ས་ཚིགས་5615བཙུགས་ཡོད་པ་དེ་ལྗོངས་ཡོངས་ཀྱི་ཤང་དང་གྲོང་རྡལ་ཀུན་ལ་ཁྱབ་པ་དང་སྲིད་འཛིན་གྲོང་ཚོར་ཁྱབ་ཚད་92.28%ཟིན་གྱི་ཡོད། རིམ་རྩིས་བྱས་ན“ཞིང་ཕན་གཱ”ཁྲི་48.24སྤྲད་པས་ལོ་མང་རིང་ལྗོངས་ཡོངས་ཀྱི་དངུལ་རྩའི་སྒྲིག་གཞིའི་ཁྲོད་ཞིང་འབྲོག་དུད་ཚང་ལ་དངུལ་བུན་གཏོང་རྒྱ་ཆེ་ཤོས་དང་། ཆ་སྙོམས་དུད་ཚང་རེར་དངུལ་བུན་གཏོང་གྲངས་མང་ཤོས་ཀྱི་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།