ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བར་ངེས་པར་དུ་རང་ངོས་གསར་བརྗེའི་སྙིང་སྟོབས་ཆེན་པོ་ཡོད་དགོས་ལ་གནད་དོན་ལ་གཏུག་ཕོད་པ་དང་ནོར་འཁྲུལ་ཡོ་བསྲང་བྱེད་ཕོད་པའི་སྒོ་ནས་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་ཕན་ཐོགས་མེད་པའི་རིགས་མཐའ་གཅིག་ཏུ་ཡོ་བསྲང་དང་། ཡོ་བསྲང་མཐར་ཕྱིན་པ། འཐུས་ཤོར་གཏན་ནས་མི་གཏོང་བར་ཡོ་བསྲང་བཅས་བྱེད་དགོས།
འདི་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བའི་ལོ་ཞིག་ཡིན་ལ་རང་རེའི་ཏང་གིས་རྒྱལ་ཡོངས་སུ་སྲིད་བསྐྱངས་ནས་ལོ་70འཁོར་བའི་ལོ་ཞིག་ཀྱང་ཡིན། དུས་ཡུན་རིང་པོའི་སྲིད་སྐྱོང་ཆ་རྐྱེན་འོག་ཐོག་མའི་བསམ་འདུན་དང་འགན་འཁྲི་ལས་རྒྱབ་འགལ་དུ་སོང་བ་དང་ཏང་གི་རྨང་གཞིར་གཡོ་འགུལ་གཏོང་བའི་ཉེན་ཁ་གང་སར་གནས་ཡོད་པས་གལ་ཏེ་སྔོན་འགོག་ནན་པོ་དང་དུས་ཐོག་ཏུ་དག་ཐེར་མ་བྱས་ཚེ་དུས་ཡུན་རིང་པོ་སོང་མཚམས་ངན་ལོབས་སུ་སོང་ནས་སྒྱུར་བཅོས་བྱེད་དཀའ་བར་འགྱུར་ངེས་ཡིན་རྐྱེན་གནད་དོན་ཆུང་ངུ་གནད་དོན་ཆེན་པོར་འགྱུར་བ་དང་བུག་རྡོལ་ཆུང་ངུས་གས་པ་ཆེན་པོ་རྡིབ་པར་འགྱུར་སྲིད། ཏང་ཡོངས་སུ“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ནས་གནད་དོན་ལ་ཞིབ་བཤེར་བྱེད་རྒྱུ་འགག་རྩར་བརྩི་བ་དང་དག་ཐེར་དོན་འཁྱོལ་དམིགས་ཡུལ་དུ་བཟུང་བར་མཐར་ཕྱིན་པའི་རང་ངོས་གསར་བརྗེའི་སྙིང་སྟོབས་ལ་བརྟེན་ནས་ཏང་གི་རྨང་གཞིར་གཡོ་འགུལ་གཏོང་བ་དང་ཏང་གི་བྱ་གཞག་ལ་འགོག་རྐྱེན་བཟོ་བའི་གནད་དོན་དག་བསལ་ཏེ་རིགས་པའི་གཞུང་ལུགས་ཀྱི་སློབ་སྦྱོང་ལ་གྲུབ་འབྲས་ཐོབ་པ་དང་། བསམ་བློ་ཆབ་སྲིད་ལ་བཞུན་བརྡར་ཐེབས་པ། ལས་སྒྲུབ་ལས་གཏོད་དང་འགན་འཁུར་ཕོད་པ། དམངས་ལ་ཞབས་འདེགས་ཞུས་ནས་དཀའ་གནད་སེལ་བ། སྤྱོད་གཙང་གཞུང་དྲང་གིས་མིག་དཔེ་འདོན་པ་བཅས་ཀྱི་དམིགས་ཚད་འགྲུབ་པར་བྱས་ཐོག་ཏང་ཡོངས་ཀྱིས་དེ་བས་རང་རྟོགས་ངང་དུས་རབས་གསར་པའི་ཏང་གི་ལོ་རྒྱུས་འགན་འཁྲིའི་ཆེད་དུ་འབད་འཐབ་བྱེད་རྒྱུར་སྐུལ་འདེད་གཏོང་དགོས།
བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུལ་གང་འདྲ་ཡོད་མེད་མཐར་གཏུག་ན་ཕན་འབྲས་ལ་ལྟ་དགོས། ཀྲུང་དབྱང་གིས“དག་ཐེར་དོན་འཁྱོལ་ཐད་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་བཅས་ལག་བསྟར་དོན་འཁྱོལ་བྱེད་པར་དམིགས་ཏེ་དང་ཐོག་ནས་དག་ཐེར་བྱེད་དགོས་པ་དང་།དག་ཐེར་བྱེད་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་པ་དང་། དངོས་འབྲེལ་དག་ཐེར་དང་འགག་སྒྲོལ་དཀའ་སེལ་བྱེད་དགོས”ཞེས་བླང་བྱ་ཁ་གསལ་བཏོན་ཡོད། ཕན་འབྲས་དངོས་ལ་སྣང་ཆེན་དང་གནད་དོན་དངོས་ཐག་གཅོད་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས། དག་ཐེར་བྱེད་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་པ་དང་། འཕྲལ་བཤེར་འཕྲལ་བཅོས་དང་ཤེས་འཕྲལ་དག་ཐེར་བྱེད་པ། མིག་སྔར་དག་ཐེར་བྱེད་ཐུབ་པའི་རིགས་ལ་དུས་ཚད་དང་བླང་བྱ་ཁ་གསལ་བཟོས་ཏེ། དུས་བཀག་ལྟར་དག་ཐེར་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་པ་དང་། དུས་སྐབས་ཤིག་རིང་ཐག་གཅོད་བྱེད་མ་ཐུབ་པའི་རིགས་ལ་ལྡིར་ནས་ལྷོད་གཡེང་མི་གཏོང་བ་དང་། རྒྱུན་ཆད་མེད་པར་ངོས་འཛིན་ཟབ་གཏོང་དང་རང་རྟོགས་ཆེར་གཏོང་བྱས་ཏེ། དུས་མཚམས་ཀྱི་དམིགས་ཚད་ཁ་གསལ་བཟོ་བ་དང་རྒྱུན་མཐུད་དག་ཐེར་བཅས་བྱས་ཚེ། གཞི་ནས་སྤྱོད་ཚུལ་ཡག་པོའི་ཐོག་ནས་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཐུབ་རྒྱུ་མ་ཟད། དངོས་དངོས་རྗེན་རྗེན་གྱི་འགྱུར་ལྡོག་ལ་བརྟེན་ནས་མང་ཚོགས་དང་མི་སེམས་འགུག་ཐུབ།
དག་ཐེར་དོན་འཁྱོལ་དངོས་འབྲེལ་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་ན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ལ་ཤུགས་སྣོན་རྒྱག་དགོས། ས་ཁུལ་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས་ཆབ་སྲིད་ཀྱི་ཚུགས་གནས་མཐོར་གཏོང་གིས་བརྗོད་དོན་གཙོ་བོའི་སློབ་གསོའི་གཙོ་རྐང་ལ་སྟངས་འཛིན་ནན་པོ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་བཅས་ལག་བསྟར་དོན་འཁྱོལ་གནས་ཚུལ་ལ་རིམ་པ་བཞིན་གསེད་བཀྲོལ་དང་ལས་ཀའི་རྩིས་ཁྲ་བཟོས་ནས་དོན་འཁྱོལ་ལ་དམ་འཛིན་ནན་ཏན་བྱེད་དགོས། ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་དོན་ལ་དམ་པོར་དམིགས་ནས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ཀྱི་དཀའ་གནད་སེལ་བ་དང་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ་སོགས་ཐད་ཀྱི་དག་ཐེར་དོན་འཁྱོལ་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་བྱེད་དགོས།
དག་ཐེར་དོན་འཁྱོལ་དངོས་འབྲེལ་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་ན། གནད་དོན་དག་ཐེར་ལ་དམ་འཛིན་འབུར་ཐོན་བྱེད་དགོས། རྫོང་དང་ཁྲུའུ་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པ་དང་འགོ་ཁྲིད་ཚན་ཁག་གིས་ཞིབ་བཤེར་དང་དབྱེ་ཞིབ་བྱས་པའི་གནད་དོན་ཁྲོད་ནས། ས་ཁུལ་ཁག་དང་སྡེ་ཚན་ཁག་དང་དེ་བཞིན་ཚན་པ་ཁག་བཅས་ཀྱིས་ཆེད་དོན་བཅོས་སྒྲིག་ལས་དོན་དང་ཟུང་འབྲེལ་བྱེད་པ་དང་། མང་ཚོགས་ཀྱིས་བསམ་འཆར་མང་བའི་གནད་དོན་གྱི་ཁྲོད་ནས་ཆེས་མངོན་གསལ་དོད་པ་དང་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རིང་ཐག་གཅོད་ཐུབ་པའི་གནད་དོན་ཁ་ཤས་ལོགས་སུ་བཏོན་ནས། དག་ཐེར་ཐག་གཅོད་ལ་དམ་འཛིན་བྱེད་པ་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཆེ་རུ་ཏན་ཏིག་གཏོང་དགོས། བཙལ་འཚོལ་བྱུང་བའི་གནད་དོན་གཞན་དག་ལ་གནད་དོན་གྱི་གསལ་ཐོ་བཀོད་ནས་རིམ་གྱིས་དག་ཐེར་དོན་འཁྱོལ་བྱེད་དགོས། མགོ་ཡོད་མཇུག་མེད་དང་ཡུན་འགྱང་ལུས་པ་གཏན་འགོག་དང་། ཕྱི་ཚུལ་དག་ཐེར་དང་དག་ཐེར་ཟོལ་བཅོས་གཏན་འགོག གཞི་རིམ་ལས་བྱེད་པར་འགན་འཁྲི་རྩད་གཅོད་ཐབས་ཆག་བྱས་ནས་དག་ཐེར་འགན་འཁྲི་དོན་འཁྱོལ་གྱི་ཚབ་བྱེད་པ་གཏན་འགོག དག་ཐེར་ལ་ཁ་གཡར་ནས་རིམ་པ་བཞིན་རེའུ་མིག་བརྒྱངས་ནས་སྙན་སེང་ཞུས་ཏེ་གཞི་རིམ་གྱི་ཁུར་པོ་ལྕི་རུ་གཏོང་བ་གཏན་འགོག་བཅས་བྱེད་དགོས།
དག་ཐེར་དོན་འཁྱོལ་དངོས་འབྲེལ་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་ན། འགོ་ཁྲིད་ལས་ཁུངས་ཀྱིས་སྣེ་ཁྲིད་ནས་དག་ཐེར་བྱེད་དགོས། བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བའི་ཐད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“འགོ་ཁྲིད་ལས་ཁུངས་དང་འགོ་ཁྲིད་ལས་བྱེད་པས་སྔོན་ལ་སྦྱོང་བ་དང་། ཟབ་ཙམ་སྦྱོང་བ། སྔོན་ལ་དག་ཐེར་དང་། དག་ཐེར་ཏན་ཏིག་བཅས་བྱེད་དགོས”ཞེས་ནན་བཤད་གནང་ཡོད། འགོ་ཁྲིད་ལས་ཁུངས་དང་འགོ་ཁྲིད་ལས་བྱེད་པས་རང་ངོས་ཀྱི་གནད་དོན་དག་ཐེར་ལ་དམ་འཛིན་ཏན་ཏིག་བྱེད་དགོས། འོག་རིམ་ལ་དམ་འཛིན་བྱེད་པ་ལས་རང་ངོས་ལ་དམ་འཛིན་མི་བྱེད་པ་གཏན་འགོག་བྱེད་དགོས། ས་ཁུལ་རང་དང་སྡེ་ཚན་རང་དེ་བཞིན་ཚན་པ་རང་ལ་གནས་པའི་གནད་དོན་ཐད། རང་འགུལ་ངང་རྩིས་ཐོ་ངོས་ལེན་དང་འགན་འཁྲི་འཁུར་བ་དང་། ཞིབ་ཕྲ་དང་ཙག་ཙིག་དོན་འཁྱོལ། དག་ཐེར་དོན་འཁྱོལ་བཅས་བྱས་ནས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་གནད་དོན་དག་ཐེར་ཐད་མིག་དཔེ་བཟང་པོ་འདོན་དགོས།