མངའ་རིས་ས་ཁུལ་གྱིས“སློབ་གྲྭར་མི་རིགས་མཐུན་སྒྲིལ”གྱི་བྱེད་སྒོ་སྤེལ་ཚུན། རྩྭ་མདའ་རྫོང་ལོ་དགུའི་རྒྱུན་གཏན་ལམ་ལུགས་སློབ་གྲྭས་ཚད་མཐོའི་མཐོང་ཆེན་བྱས་ཏེ་མི་རིགས་མཐུན་སྒྲིལ་སློབ་གསོ་དེ་སློབ་གྲྭའི་ཀུན་སྤྱོད་སློབ་ཚན་ནང་བཅུག་ནས་དཔེ་ཁྲིད་མི་སྐྱོང་གི་གོ་རིམ་ནང་འདྲེས་པར་བྱས་ཡོད། མིག་སྔར། སློབ་གྲྭ་དེའི་མི་རིགས་ཁག་གི་སློབ་མ་ཚོའི་སློབ་སྦྱོང་དང་འཚོ་བ་འཚམ་མཐུན་བྱུང་ནས་བརྩེ་བའི་རོགས་ཟླ་ཡག་པོར་གྱུར་ཡོད་ཅིང་། འདི་ནི་སློབ་གྲྭ་དེ་གའི་བོད་རིགས་དང་། ཧུད་རིགས། ཡུ་གུར་རིགས་ཀྱི་སློབ་མ་ཚོས་དགེ་རྒན་གྱི་མཛུབ་ཁྲིད་འོག་ལག་ཤེས་སྦྱོང་བཞིན་པ།