དབུ་ཤོག>གསར་འགྱུར།
  • རྒྱལ་ཁབ་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་ལག་རྩལ་བོད་སྐྱོར་བྱེད་འགོ་བརྩམས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-07-04

    ཉེ་ཆར་ལྷ་སར་རྒྱལ་ཁབ་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས“ལག་རྩལ་བོད་སྐྱོར”གྱི་འགོ་ཚུགས་མཛད་སྒོ་གཉེར་བ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ཐེངས་འདིའི་ལག་རྩལ་བོད་སྐྱོར་གྱི་ལས་དོན་ནི། རྒྱལ་ཁབ་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་བཙུགས་ཚུན་སྤེལ་བའི་ཆེད་ལས་མང་ལ་གཞི་ཁྱོན་ཆེ་བའི་ཡུལ་དངོས་ལག་རྩལ་རོཌ་སྐྱོར་གྱི་བོད་སྐྱོར་བྱེད་སྒོ་ཐེངས་དང་པོ་ཡིན་ཞིང་། རྒྱལ་ནང་གི་ལས་རིགས་ལག་རྩལ་རྩེར་སོན་པ་དང་སྤྱོད་ཚུལ་ཕུལ་དུ་བྱུང་བའི་རིགས་གཅིག་མཁས་ཅན་27གདན་དྲངས་ཏེ། ཐོན་ཟོག་གི་སྤུས་ཚད་དང་། ཚད་འཇལ། ཚད་ལྡན་ཅན་དང་དམིགས་བསལ་སྒྲིག་ཆས་སོཌ་ཆེད་ལས་ལག་རྩལ་ཁྱབ་ཁོངས་ལ་དམིགས་ནས་གསོ་སྦྱོང་རྣམ་གྲངས་30སྤེལ་བ་མ་ཟད། རིགས་པའི་གཞུང་ལུགས་ཀྱི་གསོ་སྦྱོང་དང་། ཡུལ་དངོས་ཀྱི་སློབ་ཁྲིད། དངོས་སྤྱོད་གསོ་སྦྱོང་སོགས་སློབ་ཁྲིད་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས། ལྷ་ས་གྲོང་ཁྱེར་དང་གཞིས་རྩེ་གྲོང་ཁྱེར། ཉིང་ཁྲི་གྲོང་ཁྱེར་སོགས་ལ་བསྐྱོད་ནས་ལག་རྩལ་བོད་སྐྱོར་བྱས་པ་རེད།

    འགོ་ཚུགས་ཚོགས་འདུའི་ཐོག་བསྟན་དོན། ཐེངས་འདིའི་ལག་རྩལ་བོད་སྐྱོར་ལས་དོན་ནི་ཞིབ་ཕྲའི་གནད་དོན་ཐག་གཅོད་པ་དང་ཞན་ཆ་གསབ་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ཁར། དཔུང་ཁག་སྦྱོང་བརྡར་དང་བྱང་ཚད་ལེགས་གཏོང་གི་གོ་སྐབས་གལ་ཆེན་ཞིག་ཀྱང་ཡིན་པས། བོད་སྐྱོར་གྱི་དོན་སྙིང་གལ་ཆེན་ལ་ཚད་མཐོའི་མཐོང་ཆེན་དང་ངོས་འཛིན་གང་ལེགས་བྱེད་དགོས་པ་མ་ཟད། སྐུལ་སྤེལ་ཏན་ཏིག་དང་ཞན་ཆར་དམིགས་ཏེ་ལག་རྩལ་རོགས་སྐྱོར་བྱས་ནས། རོགས་སྐྱོར་གྱི་ཕུགས་ཕན་ལམ་སྲོལ་བཙུགས་པ་བརྒྱུད། ད་རེས་ཀྱི་ལག་རྩལ་བོད་སྐྱོར་ལས་དོན་ལེགས་འགྲུབ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།