དབུ་ཤོག>གསར་འགྱུར།
  • ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་བསྐྱར་དར་གྱི་ལམ་བུའི་ཐོག་ཞུམ་མེད་མདུན་སྐྱོད་བྱེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-07-02

    ཀྲུང་གོ་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བར་བྱེད་རྒྱུ་ནི་ཀྲུང་གོ་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིན་ལ། མི་རབས་ནས་མི་རབས་བར་གྱི་ཀྲུང་གོ་གུང་ཁྲན་ཏང་མིས་སྔོན་འགྱེལ་རྗེས་མཐུད་དང་དཔའ་ངར་ཆེན་པོས་འབད་འཐབ་བྱེད་པའི་རྩ་བའི་སྒུལ་ཤུགས་ཤིག་ཀྱང་ཡིན། ཟླ་7ཚེས་1ཉིན། ང་ཚོས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་98འཁོར་བའི་ཉིན་མོ་བསུས་ཡོད། “ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་ཧྭ་མི་རིགས་ཀྱི་ནམ་གནས་ཀྱི་བྱ་གཞག་རླབས་པོ་ཆེའི་དོན་དུ་འབད་བརྩོན་བྱས་པའི་ལོ་བརྒྱ་ནི་ཏག་ཏག་བསམ་རྒྱ་ཆེ་ཞིང་བློ་རིག་རྒྱས་པའི་དུས་ཤིག་རེད”ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་མི་རིགས་བསྐྱར་དར་གྱི་ཕྱོགས་སུ་སྐྱོད་པའི་དུས་སུ། ནམ་གནས་ཀྱི་བྱ་གཞག་རླབས་པོ་ཆེས་གུང་ཁྲན་ཏང་ཡོན་མི་རེ་ངོ་རེས་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་བཅངས་ཏེ་དུས་རབས་གསར་པའི་གཟི་དཔལ་གསར་པ་རྩོམ་དགོས་པའི་རེ་འབོད་བྱེད་ཀྱི་ཡོད།

    ལོ་98རིང་། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ལ་དམ་པོར་བརྟེན་ནས་དཀའ་གནས་མང་པོ་ཞིག་ལས་སྒྲོལ་བས་རྒྱལ་ཁ་ཡང་ནས་ཡང་དུ་ཐོབ་ནས་མིའི་རིགས་ཀྱི་འཕེལ་རྒྱས་ལོ་རྒྱུས་ཐོག་གནམ་ས་གཡོ་བའི་བྱས་རྗེས་ངོ་མཚར་ཅན་བཏོད་དེ་དེང་རབས་ཅན་གྱི་འཕེལ་རིམ་ནང་ཀྲུང་ཧྭའི་ཤེས་དཔལ་ལ་སྐྱེ་སྟོབས་གསར་པ་འབར་བ་དང་། དུས་རབས་21པར་ཚན་རིག་སྤྱི་ཚོགས་རིང་ལུགས་ལ་སྐྱེ་སྟོབས་ཀྱི་དཔལ་གསར་པ་རྒྱས་པ། ཀྲུང་ཧྭ་མི་རིགས་ལ་སྐྱེ་སྟོབས་ཀྱི་དཔལ་གསར་པ་འབར་བ་བཅས་བྱུང་ཡོད།

    འདི་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བའི་ལོ་ཞིག་ཡིན་ལ། རང་རེའི་ཏང་གིས་རྒྱལ་ཡོངས་སུ་སྲིད་བསྐྱངས་ནས་ལོ་70འཁོར་བའི་ལོ་ཞིག་ཀྱང་ཡིན། ལོ་70ཡི་རིང་དཀའ་ངལ་གཙང་སེལ་དང་ལོ་70ཡི་རིང་འབད་འབུངས་ཡར་བརྩོན་བྱས་པ་བརྒྱུད། རང་རེའི་ཏང་གིས་ཀྲུང་གོ་གུང་ཁྲན་ཏང་གིས“སྒྲུབ་ཐུབ་དོན”དང་། མར་ཁེ་སི་རིང་ལུགས“སྤྱོད་ཐུབ་དོན”ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས“ཡག་པོ་ཡོད་དོན”བཅས་ཀྱི་དྲིས་ལན་ཀྲུང་གོའི་ས་གཞི་ཆེ་མོའི་འགྱུར་ལྡོག་ཧ་ཅང་ཆེན་པོའི་ཁྲོད་གསལ་པོ་བཏབ་ཡོད་ལ། མི་དམངས་དུང་ཕྱུར་མང་པོའི་མཛེས་སྡུག་ལྡན་པའི་འཚོ་བའི་ཁྲོད་ལན་གསལ་པོ་བཏབ་ཡོད།

    ལྷག་དོན་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དཀའ་བར་མི་འཛེམས་པར་མདུན་སྐྱོད་དང་གསར་འབྱེད་ཡར་བརྩོན་བྱས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་འཕེལ་གྱི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་འཕོ་འགྱུར་ལ་བརྟེན་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་རྒྱུར་སྐུལ་འདེད་བཏང་བས། ཀྲུང་ཧྭ་མི་རིགས་ཡར་ལངས་པ་དང་ཕྱུག་པོ་ཆགས་པ་ནས་སྟོབས་ཆེན་ཆགས་པའི་བར་གྱི་མཆོང་སྐྱོད་རླབས་པོ་ཆེ་བྱུང་སྟེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བའི་འོད་སྟོང་འཕྲོ་བའི་མདུན་ལམ་བཏོད་ཡོད། ད་ཆ། ལོ་རྒྱུས་ཡུན་རིང་ལྡན་པའི་དེང་རབས་ཅན་གྱི་ཤར་ཕྱོགས་རྒྱལ་ཁབ་ཆེན་པོ་འདིར་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་བ་དང་དགེ་མཚན་ཁྲི་སྟོང་མང་པོ་ཐོན་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དང་། རིགས་པའི་གཞུང་ལུགས། ལམ་ལུགས། རིག་གནས་བཅས་ལ་སྐྱེ་སྟོབས་དང་གསོན་ཤུགས་ཧ་ཅང་ཆེན་པོ་རྒྱས་པས། ཀྲུང་ཧྭའི་ས་གཞི་ཆེ་མོར་ངོ་མཚར་ཆེ་བའི་བྱས་རྗེས་རྒྱུན་ཆད་མེད་པར་ཐོན་པ་རེད།

    སྔར་སོང་གི་ལོ་ཟླར་ཕྱིར་དྲན་བྱེད་སྐབས། འདི་ནི་འོད་སྟོང་རབ་ཏུ་འབར་བའི་གྲུབ་འབྲས་ཤིག་མ་རེད་དམ། འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས། འདི་ནི་བརྗིད་ཆགས་མཛེས་སྡུག་ལྡན་པའི་རྒྱང་སྐྱོད་ཀྱི་ལམ་བུ་ཞིག་མ་རེད་དམ། ཀྲུང་གོ་གུང་ཁྲན་ཏང་ཁོ་ནས་མ་གཏོགས་ཀྲུང་གོ་སྐྱོབ་མི་ཐུབ་པ་དང་། ཀྲུང་གོ་གུང་ཁྲན་ཏང་ཁོ་ནས་མ་གཏོགས་ཀྲུང་གོ་འཕེལ་རྒྱས་གཏོང་མི་ཐུབ་ལ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་སྣེ་ཁྲིད་བྱེད་མི་ཐུབ་པ་ལོ་རྒྱུས་ལས་ར་འཕྲོད་གང་ལེགས་ཐུབ་ཡོད།

    ད་ཆ། ང་ཚོ་ཉེ་རབས་ཚུན་གྱི་འཕེལ་རྒྱས་ཀྱི་དུས་སྐབས་ཡག་ཤོས་སུ་གནས་ཡོད་ལ། ལོ་བརྒྱ་ལྷག་རིང་འཛམ་གླིང་ལ་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོའང་འཕྲད་བཞིན་ཡོད། ང་ཚོས་དཀའ་ངལ་སྣ་ཚོགས་ཁྱད་བསད་བྱས་མོད། འོན་ཀྱང་སྔར་བཞིན་དཀའ་ངལ་མང་པོ་ཞིག་ཁྱད་བསད་བྱེད་དགོས་པས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མདུན་དུ་གནས་པའི་འགན་འཁྲི་དེ་བས་གཟི་བརྗིད་ལྡན་པ་དང་། ལས་འགན་དེ་བས་དཀའ་ཚེགས་ཆེ་བ། འགྲན་སློང་དེ་བས་ཛ་དྲག་པ། ལས་དོན་དེ་བས་རླབས་ཆེ་བ་བཅས་ཡོད། འདི་འདྲའི་དུས་སྐབས་སུ། ང་ཚོས་དེ་བས་ཐོག་མའི་བསམ་འདུན་མ་བརྗེད་པར་འབད་འབུངས་མདུན་སྐྱོད་བྱེད་པའི་སྙིང་སྟོབས་དང་། འགན་འཁྲིར་བརྟེན་ནས་འབད་འཐབ་ལ་སྐུལ་ལྕག་གཏོང་བའི་བློ་སྟོབས། ནམ་ཡང་ལྷོད་མེད་ཀྱི་བསམ་པའི་ཉམས་འགྱུར། ཞུམ་མེད་མདུན་སྐྱོད་ཀྱི་རྣམ་འགྱུར་བཅས་ལ་བརྟེན་ནས་དཀའ་ངལ་དང་། ཉེན་ཁ་དང་། འགྲན་སློང་སྣ་ཚོགས་ལས་རྒྱལ་ཐུབ་པར་བྱས་ཏེ་རྒྱལ་ཁ་ནས་རྒྱལ་ཁ་གསར་པའི་ཕྱོགས་སུ་རྒྱུན་ཆད་མེད་པར་སྐྱོད་དགོས། ཏང་ཡོངས་སུ་སྤེལ་བཞིན་པའི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོའི་རྩ་བའི་ལས་འགན་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་གཏིང་ཟབ་བྱས་ཏེ་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་ཁུར་བ་བཅས་ཀྱི་ཆབ་སྲིད་ཀྱི་ཀུན་སྤྱོད་ལ་ཞུན་བརྡར་སྤྲས་ནས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་རླབས་ཆེན་གྱི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་ཐུན་མོང་ཐོག་འབད་འཐབ་བྱེད་རྒྱུ་དེ་རེད།

    “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་ནི་དེང་རབས་ཀྱི་ཀྲུང་གོ་གུང་ཁྲན་ཏང་མིའི་ཆེས་གལ་འགངས་ཆེ་བ་དང་ཆེས་དངོས་ཡོད་ཀྱི་ལས་འགན་དང་འགན་འཁྲི་ཞིག་རེད། ད་ཆ། ང་ཚོ“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་འབྲེལ་མཚམས་དུས་སྐབས་སུ་གནས་ཡོད་ཅིང་། ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་དགོས་ལ། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཀྱི་འགོ་རྩོམ་དགོས། བསམ་བློར་བརྟེན་ནས་ཏང་འཛུགས་སྐྱོང་དང་རིགས་པའི་གཞུང་ལུགས་ལ་བརྟེན་ནས་ཏང་སྟོབས་ཆེར་གཏོང་བ་མཐའ་འཁྱོངས་བྱས་ཏེ་བསམ་བློའི་ཐད་ཕན་འབྲས་ཐོན་པ་དང་སྙིང་སྟོབས་ཐད་ཞུན་བརྡར་ཐེབས་པར་བྱས་ཚེ། ང་ཚོས་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་དེ་བས་བརྟན་པོར་ངེས་ནས་བསྐྱར་དར་གྱི་རྒྱང་སྐྱོད་ལམ་བུའི་ཐོག་དཔའ་ངར་ཆེར་སྐྱེད་ཀྱིས་མདུན་སྐྱོད་བྱེད་ཐུབ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲས་ཏེ་དད་སེམས་ཀྱི་རྨང་གཞི་བརྟན་དུ་གཏོང་བ་དང་། བསམ་བློའི་ཀའེ་ཡག་པོ་གསབ་པ། བསམ་བློའི་ཁ་ཕྱོགས་ཡང་དག་འཛིན་པ་བཅས་བྱེད་དགོས། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་ལག་བསྟར་ནན་ཏན་བྱས་ཏེ་རང་རེའི་ཏང་འདི་ཉིད་དེ་བས་འགྱུར་མེད་སྟོབས་ལྡན་ཞིག་ཏུ་འཛུགས་སྐྱོང་བྱེད་དགོས། ཏང་གི་རྩ་བའི་དམིགས་ཡུལ་རང་རྟོགས་ངང་ལག་ལེན་བསྟར་ནས་ཡུན་རིང་སྲིད་སྐྱོང་གི་བློས་འཁེལ་ཤོས་ཀྱི་གྲལ་རིམ་གྱི་རྨང་གཞི་དང་མང་ཚོགས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས། གསར་བརྗེའི་སྲོལ་རྒྱུན་དང་ཕུལ་བྱུང་སྤྱོད་ཚུལ་དར་སྤེལ་བཏང་ནས་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་བཀོད་པའི་བརྗིད་ཆེའི་འཆར་གཞི་རིམ་བཞིན་མཛེས་སྡུག་ལྡན་པའི་དོན་དངོས་སུ་འགྱུར་བར་བྱེད་དགོས། ང་ཚོས་རླབས་ཆེན་གྱི་སྤྱི་ཚོགས་གསར་བརྗེའི་རྣམ་པ་གསར་པ་གཏོད་པ་དང་རླབས་ཆེན་གྱི་རང་ངོས་གསར་བརྗེའི་ནུས་པ་ཆེ་རུ་བཏང་ནས་རང་རྟོགས་ངང་མི་དམངས་དང་བསམ་བློ་གཅིག་ཏུ་གཏོང་བ་དང་མཉམ་དུ་ལས་ཀ་བྱས་ཚེ། སུ་ཞིག་གིས་ཀྱང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་ཕུགས་འདུན་འགྲུབ་པའི་གོམ་སྟབས་འགོག་མི་ཐུབ།

    མུ་མཐའ་མེད་པའི་མཁའ་དབྱིངས་སུ་ཁྱུང་ཆེན་གྱིས་གཤོག་རྩལ་ངོམ་བཞིན་མཆིས། རྒྱང་སྐྱོད་ལམ་བུ་གསར་པས་ཐོག་མའི་བསམ་འདུན་འགྲུབ་རྒྱུར་སྐུལ་ལྕག་བྱེད། ལོ་98ཀྱི་འཕེལ་རྒྱས་བརྒྱུད། ད་ཆ་ང་ཚོ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་སྐྱོད་བཞིན་ཡོད་པས། ཏང་ཐོག་མར་འཛུགས་པའི་སྐབས་ཀྱི་ཀྲུང་གོ་གུང་ཁྲན་ཏང་མིའི་འབད་འཐབ་ཀྱི་སྙིང་སྟོབས་དང་མི་དམངས་ལ་བཅངས་པའི་ལྷད་མེད་སེམས་དཀར་ནམ་ཡང་རྒྱུན་འཁྱོངས་བྱེད་དགོས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། ནུས་ཤུགས་ཡོད་རྒུ་འདོན་པ། ཁ་ཕྱོགས་ཡང་དག་འཛིན་པ། ངར་ཤུགས་འཕེལ་བ་བཅས་བྱས་ཏེ་ཀྲུང་གོ་མི་དམངས་དུང་ཕྱུར་14ཙམ་གྱི་རླབས་ཆེན་ཕུགས་འདུན་འདུས་པའི་ཀྲུང་ཧྭའི་གྲུ་གཟིངས་ཆེན་པོ་རླུང་རྟེན་རླབས་གཤགས་དང་གྲུ་གཡོར་བཏེགས་ནས་རྒྱང་སྐྱོད་ཀྱིས་རྒྱལ་ཁའི་ངང་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་བསྐྱོད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།