དབུ་ཤོག>གསར་འགྱུར།
  • ཧྲང་ཧའེ་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པའི་འཐུས་མི་ལྷ་རྩེ་རྫོང་དུ་བསྐྱོད་ནས“བསྐྱར་དུ་བོད་སྐྱོར་ལམ་བུར་བསྐྱོད་པའི”འཚམས་ལན་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-06-26

    ཉེ་ཆར། ལྷ་རྩེ་རྫོང་གི་ཁག་དང་པོ་ནས་ཁག་བདུན་པ་བར་གྱི་ཧྲང་ཧའེ་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པའི་འཐུས་མི་ལྷ་རྩེ་རྫོང་དུ་བསྐྱོད་ནས་བསྐྱར་དུ“བོད་སྐྱོར་ལམ་བུར་བསྐྱོད--བོད་སྐྱོར་བརྩེ་སེམས་མཚོན་པ་དང་བོད་སྐྱོར་འཚམས་ལན་བྱེད་སྒོ”སྤེལ་བ་རེད། བོད་སྐྱོར་འཚམས་ལན་ཚོགས་ཆུང་གིས་ས་གནས་ས་ཐོག་ཏུ་ལྷག་རྒོད་བོད་བྱ་གསོ་སྤེལ་རྒྱུད་སྲུང་རྟེན་གཞི་དང་། གཞིས་ཆེན་ཤང་བོད་བྱ་གསོ་སྤེལ་མཉམ་ལས་ཡན་ལག་ཁང་། བཀྲ་ཤིས་འཛོམས་ཤང་དམངས་ཕན་མི་རིགས་ལག་ཤེས་ལས་རིགས་ལས་སྣོན་ཁང་སོགས་བོད་སྐྱོར་རྣམ་གྲངས་མང་པོར་བཅར་འདྲི་བྱས་ཏེ་ཧྲང་ཧའེ་ཡིས་བོད་སྐྱོར་བྱས་པའི་གྲོང་ཁྱེར་འཛུགས་སྐྲུན་འགྲོ་ལམ་མང་པོར་བསྐྱར་དུ་བསྐྱོད་པ་དང་འབྲེལ་ལྷ་རྩེའི་ཧྲང་ཧའེ་ཐང་ཆེན་དུ་ལྷ་རྩེའི་ལས་བྱེད་པ་དང་མང་ཚོགས་མཉམ་ཏུ་སྒོར་གཞས་འཁྲབས་ཏེ་ལྷ་རྩེའི་འཕེལ་རྒྱས་ཀྱི་ལོ་རྒྱུས་ལམ་ཚད་བསྐྱར་དྲན་དང་ཧྲང་ཧའེ་ཡི་བོད་སྐྱོར་བརྩེ་སེམས་མཚོན་པར་བྱས་ཡོད།

    མིག་སྔར་ཧྲང་ཧའེ་ཡིས་རོགས་སྐྲུན་བྱས་པའི་རྣམ་གྲངས་དེ་ལྷ་རྩེ་རྫོང་དབུལ་སྒྲོལ་འགག་སྒྲོལ་གྱི་ཐོན་ལས་རྣམ་གྲངས་གལ་ཆེན་ཞིག་ཏུ་གྱུར་ཡོད། གཞིས་ཆེན་ཤང་བོད་བྱ་གསོ་སྤེལ་མཉམ་ལས་ཡན་ལག་ཁང་ལ་བོད་བྱ་1500ལྷག་ཙམ་ཡོད་པ་དང་། ལོར་ཆ་སྙོམས་སྒོ་ང་ཁྲི་7ལྷག་ཙམ་ཐོན་ནས་ལོ་རེའི་ཡོང་འབབ་སྒོར་ཁྲི་20ཙམ་ཟིན་པ་དང་། ལོའི་ཡོང་འབབ་ཁེ་གཙང་སྒོར་ཁྲི་10ཙམ་ཟིན་པ། ལོ་ཧྲིལ་པོར་དུད་ཚང་དབུལ་པོ་24ལ་ཁེ་སྤོགས་སྒོར་ཁྲི་3སྤྲོད་པ། ཆ་སྙོམས་དུད་ཚང་རེར་ཁེ་སྤོགས་སྒོར་1250བགོ་བ་བཅས་རེད། བཀྲ་ཤིས་འཛོམས་ཤང་དམངས་ཕན་མི་རིགས་ལག་ཤེས་ལས་རིགས་ལས་སྣོན་མཉམ་ལས་ཁང་ལ་ལོར་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་52ལྷག་ཙམ་ཟིན་པ་དང་ཡོང་འབབ་ཁེ་གཙང་སྒོར་ཁྲི་25ལྷག་ཙམ་ཟིན་པ། ལོར་ཐད་ཀར་དང་བར་བརྒྱུད་བྱས་པའི་ལས་ཞུགས་མི་གྲངས་70ལྷག་ཙམ་ཟིན་པ། གླ་ཆ་དང་ཁེ་སྤོགས་མ་དངུལ་སྒོར་ཁྲི་27ལྷག་ཙམ་སྤྲོད་པ་བཅས་རེད། 

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།