དབུ་ཤོག>གསར་འགྱུར།
  • བརྩེ་སེམས་ཟབ་མོས་རོགས་སྐྱོར་བྱས། གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-06-25

    635157_yis_1561263706063.jpg

    འདི་ནི་ཉེ་ཆར་པར་བླངས་པའི་གཉའ་ལམ་རྫོང་གྲོང་གི་ཡུལ་ལྗོངས་ཧྲིལ་པོ་ཡིན་པ།

    ལོ་གསུམ་རིང་། ཡན་ཐའེ་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བརྒྱད་པའི་ལས་བྱེད་པ་40ཡིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་དོན་འཁྱོལ་བྱས་ནས་ཁྱོན་རྣམ་གྲངས་ཁག་50ལྷག་ཙམ་ལག་ལེན་བསྟར་བར་འཆར་གཞིའི་ནང་ཁོངས་ཀྱི་མ་དངུལ་སྒོར་དུང་ཕྱུར་1.72བཏང་བ་དང་། འཆར་གཞི་ཕུད་པའི་མ་དངུལ་སྒོར་ཁྲི་700ལྷག་ཙམ་རེ་ཞུ་བྱས་ནས་ས་གནས་དེ་གའི་གེགས་སེལ་ནུས་པ་ཆེ་རུ་གཏོང་བ་དང་ཐོན་ལས་གོང་འཕེལ་བཏང་ནས་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་ཁྲིད་བྱེད་རྒྱུ་གཙོ་གནད་དུ་བཟུང་སྟེ་གཉའ་ལམ་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་རྒྱུར་སྤྱི་ཡོངས་ནས་སྐུལ་ཁྲིད་བྱས་ཡོད་པ་རེད།

    2018ལོར། གཉའ་ལམ་རྫོང་གིས་དབུལ་ཞྭ་འཕུད་ཐུབ་པ་བྱས་ཡོད་ལ། 2019ལོར་གེགས་རྗེས་བསྐྱར་སྐྲུན་ཕྱོགས་ཡོངས་ནས་ལེགས་སྒྲུབ་ཀྱང་བྱས་ཡོད་པ་རེད།

    ལས་བྱེད་པ་དང་མང་ཚོགས་ཀྱི་སེམས་ལྷོད་དུ་འབབ་པར་བྱས་པ།

    མང་ཚོགས་ནད་ལྟ་དཀའ་བ་དང་སྨན་པ་བསྟེན་དཀའ་བའི་དམངས་འཚོའི་གནད་དོན་ཆེ་ཤོས་དེར་ཕྱོགས་ནས་ཡན་ཐའེ་གྲོང་ཁྱེར་གྱིས་ཚོགས་སྒྲིག་རྣམ་པའི་སྨན་བཅོས་བོད་སྐྱོར་ལོ་འཁོར་གྱི་བོད་སྐྱོར་ལས་དོན་གྱི་གཙོ་གནད་ལས་འགན་ལ་བརྩིས་ཡོད་པ་རེད། སྔ་རྗེས་སུ་བོད་སྐྱོར་མ་དངུལ་སྒོར་ཁྲི་4000ལྷག་ཙམ་བཏང་བ་དང་སྦྲགས་རྒྱལ་ཁབ་ཀྱི་གེགས་རྗེས་བསྐྱར་སྐྲུན་མ་དངུལ་མཉམ་དུ་སྤྱད་དེ་ས་ཆ་བོགས་མར་བླངས་ནས་གནས་སྐབས་གཤགས་བཅོས་ཁང་བཙུགས་པ་དང་རྒྱང་ཁྲིད་གླེང་ཕྱོགས་མ་ལག་བསྐྲུན་པ་རེད། དེ་དང་ཆབས་ཅིག་སྐོར་སྐྱོད་གཤགས་བཅོས་རླངས་འཁོར་གཅིག་དང་སྐོར་སྐྱོད་ནད་བརྟག་རླངས་འཁོར་གཉིས་ཉོས་པ་དང་ཐག་རིང་ལུང་ཁུག་གི་ཤང་གཉིས་ལ་འཕྲོད་བསྟེན་ཁང་བསྐྲུན་ནས་རྫོང་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་གྱི་སྒྲིག་ཆས་གང་མགྱོགས་སླར་གསོ་ཐུབ་པར་བྱས་ཡོད་པ་རེད།

    ལོ་གཉིས་རིང་། གཉའ་ལམ་རྫོང་གི་སྒོ་བསྟེན་སྨན་བཅོས་ནད་པ་96%འཕར་བ་དང་། ནད་ཁང་དུ་སྡོད་མཁན་ནད་པ་92%འཕར་ནས“ནད་ཆུང་རྫོང་དུ་བཅོས་ཐུབ་པའི”དམིགས་ཚད་མངོན་འགྱུར་ཐུབ་ཡོད་པ་རེད། 2018ལོར། གཉའ་ལམ་རྫོང་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ལ“ཀ་པ་རིམ་པ་དང་པོའི”ཞིབ་དཔྱད་ཐོབ་ཡོད་པ་རེད།

    སློབ་གསོའི་སྒྲིག་ཆས་ལེགས་སུ་ཤུགས་ཆེན་བཏང་བ།

    ཤེས་རྟོགས་བྱུང་བར་གཞིགས་ན། གང་ཞིག་མ་འདང་ན་དེ་གསབ་པའི་རྩ་དོན་གཞིར་བཟུང་། ལོ་གསུམ་རིང་ཡན་ཐའེ་གྲོང་ཁྱེར་གྱིས་ཁྱོན་མ་དངུལ་སྒོར་ཁྲི་3600བཏང་ནས་ལས་གྲྭ་རབ་དང་རིམ་པའི་རྣམ་གྲངས་ལག་ལེན་བསྟར་ཏེ་རྫོང་ཡོངས་ཀྱི་སློབ་གསོའི་སྒྲིག་ཆས་སླར་གསོ་དང་ལེགས་སུ་ཤུགས་ཆེན་བཏང་ཡོད་པ་རེད། འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། གཉའ་ལམ་རྫོང་སློབ་གསོའི་ཁོངས་གཏོགས་ཀྱི་མཁྲེགས་ཆས་ཆ་རྐྱེན་རྒྱལ་ཁབ་ཀྱི་དོ་སྙོམས་ཞིབ་བཤེར་རྩིས་ལེན་གྱི་ཚད་གཞིར་སླེབས་པ་དང་དགེ་རྒན་དང་ལས་བཟོའི་བསམ་པའི་ཉམས་འགྱུར་ལེགས་སུ་ཕྱིན་ནས་སློབ་གྲྭ་འབྲིང་ཆུང་གི་སློབ་གསོའི་སྤུས་ཚད་མཐོ་རུ་ཤུགས་ཆེན་ཕྱིན་ཡོད་པ་རེད།

    2018ལོར། རྫོང་ཡོངས་སུ་སློབ་ཆུང་སློབ་མ་7ནང་སའི་བོད་ལྗོངས་འཛིན་གྲྭར་ཡིག་རྒྱུགས་ལོན་ནས་ཟིན་ཐོ་བཏོད་ཡོད་པ་དང་འབྲེལ། དམའ་འབྲིང་ནས་མཐོ་འབྲིང་དུ་འཕར་བའི་འཆར་གཞིའི་སློབ་མའི་ཁ་གྲངས་ཚད་གཞི་ལས་བརྒལ་ཡོད་པ་རེད། གཏམ་བཟང་དེ་གཉིས་རྫོང་ཡོངས་སུ་སྐད་གྲགས་ཆོད་ཡོད་པ་རེད། རྫོང་ཨུད་དང་རྫོང་སྲིད་གཞུང་གི་རྒྱབ་སྐྱོར་འོག་སྤོ་རོང་ཤང་སློབ་ཆུང་གི་ལོ་རིམ་མཐོ་པོ་གཉིས་ཀྱི་སློབ་མ་རྫོང་གྲོང་དུ་བསུས་ནས་ས་བབ་མཐོ་བའི་སློབ་ཆུང་གི་ལོ་རིམ་མཐོ་བའི་སློབ་མ་རྫོང་གྲོང་དུ་གཅིག་སྡུད་སློབ་ཚན་འཁྲིད་རྒྱུ་ཚོད་ལྟ་བྱས་ཡོད་པ་རེད། ཡན་ཐའེ་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བརྒྱད་པའི་བོད་སྐྱོར་ལས་བྱེད་པ་དང་། གཉའ་ལམ་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རྒྱུན་ལས་རྫོང་ཨུད་གཞོན་པ་བཅས་ཡིན་པའི་ལི་ཅེས“རྫོང་གྲོང་དུ་སློབ་གྲྭར་འགྲོ་བཞིན་པའི་ཕྲུ་གུ་ཚོའི་གཟུགས་པོ་བདེ་ཐང་དང་སློབ་སྦྱོང་ཡག་པོ་ཡོད་པ་ཁྱིམ་བདག་ཚོས་ཤེས་པ་བྱེད་རྒྱུ་ཡིན”ཞེས་བརྗོད།

    ལོ་གཉིས་ནང་གྲོ་མ་ཚོད་འདེབས་བྱས་པ།

    གཉའ་ལམ་རྫོང་ལ་བོད་སྨན་ཐོན་སྐྱེད་ཁེ་ལས་ཤིག་ཡོད་པར་བོད་སྐྱོར་ལས་བྱེད་པས་མ་དངུལ་བཏང་སྟེ་ཁེ་ལས་ཀྱི་སྒྲིག་ཆས་ལེགས་བཅོས་རིམ་སྤོར་ལ་རོགས་རམ་བྱེད་པ་དང་གཞི་ཁྱོན་ཆེ་རུ་བཏང་བས་མང་ཚོགས་ཁག་གཅིག་གི་ལས་ཞུགས་གནད་དོན་ཐག་གཅོད་ཐུབ་ཡོད་པ་རེད།

    བརྟག་དཔྱད་གཏིང་ཟབ་བྱས་པ་བརྒྱུད་མཐར་གཡུར་ཟའི་གྲུབ་འབྲས་ཐོབ་ཅིང་། ནས་ལུང་ཤང་གི་ཞིང་ལས་ཐོན་རྫས་ཆེད་ལས་མཉམ་ལས་ཁང་ཞིག་གིས་ལོ་རེར་རི་སྐྱེས་གྲོ་མ་སྐམ་པོ་རྒྱ་མ་1500བཏུས་པར་ལོ་རེར་ཡོང་འབབ་སྒོར་ཁྲི་10རག་ཡོད་པ་རེད།

    2017ལོར། ཧྲན་ཏུང་ཞིང་ཆེན་ཚན་རིག་ཞིབ་འཇུག་སྒྲིག་གཞི་དང་འབྲེལ་ཡོད་ཁེ་ལས་ཀྱིས་ནས་ལུང་ཤང་ནས་རི་སྐྱེས་གྲོ་མ་རྐང་3000ཁྱེར་ནས་གསོ་སྤེལ་ཞིབ་འཇུག་བྱས་པ་དང་།

    2018ལོར། ནང་སར་གསོ་སྤེལ་ཚོད་འདེབས་བྱས་པའི་གྲོ་མ་རྣམས་ནས་ལུང་གྲོ་མ་ཚོད་འདེབས་རྟེན་གཞིར་རྩ་སྤོས་བརྒྱབ་པ།

    2019ལོར། གྲོ་མ་མུའུ་400ནས་ལུང་གྲོང་ཚོར་དགུན་སྒྲོལ་བདེ་བླག་ཐུབ་ནས་འཚར་སྐྱེས་ཡག་པོ་བྱུང་ཡོད་པ་རེད།

    2019ལོའི་ཟླ་5ཚེས་29ཉིན། འགྲམ་འགག་སྒོ་ཚོད་ལྟ་གཉེར་སྐྱོང་བྱེད་འགོ་ཚུགས་ནས་དངོས་ཟོག་སྐྱེལ་འདྲེན་གྱི་ནུས་པ་སླར་གསོ་ཐུབ་ཡོད། ས་ཡོམ་བརྒྱབ་རྗེས་ཀྱི་ལོ་བཞི་པར་གེགས་རྗེས་བཅོས་སྐྱོང་གི་དཀའ་གནད་ཁྱད་དུ་བསད་དེ་ལེགས་གྲུབ་དཀའ་བའི་ལས་གྲྭ་ལེགས་གྲུབ་བྱས་པས་འགྲམ་འགག་སྒོ་ནས་མཐར་དངོས་ཟོག་སྐྱེལ་འདྲེན་སླར་གསོ་ཐུབ་ཡོད། དེ་དག་ཚང་མས་གཉའ་ལམ་རྫོང་གིས་གོམ་སྟབས་རྗེས་མའི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལེགས་པར་སྒྲུབ་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།