དབུ་ཤོག>གསར་འགྱུར།
  • ཧྲན་ཏུང་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པས་བོད་དུ་ཁ་གཏད་རོགས་སྐྱོར་ལས་དོན་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-06-24

    ཟླ་6ཚེས་20ནས་ཚེས་22ཉིན་བར་ཧྲན་ཏུང་ཞིང་ཨུད་ཀྱི་ཧྲུའུ་ཅི་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ལིའུ་ཅ་དབྱིས་ཧྲན་ཏུང་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པའི་སྣེ་འཁྲིད་ནས་བོད་དུ་ཕེབས་ཏེ་ས་ཡུལ་དངོས་སུ་ཁ་གཏད་རོགས་སྐྱོར་ལས་དོན་ལ་བརྟག་ཞིབ་དང་མཛུབ་ཁྲིད་གནང་བ་དང་། བོད་སྐྱོར་ལས་བྱེད་པའི་ཤེས་ལྡན་མི་སྣར་གཟིགས་པ་དང་འབྲེལ་ཧྲན་ཏུང་དང་བོད་ཀྱི་ཁ་གཏད་རོགས་སྐྱོར་བཞུགས་མོལ་ཚོགས་འདུ་འཚོགས་ཏེ་ཞིང་ལྗོངས་གཉིས་ཀྱི་མཉམ་ལས་འཕེལ་རྒྱས་ཀྱི་ཇུས་ཆེན་ལ་མཉམ་དུ་གྲོས་བསྡུར་གནང་བ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་བརྟག་ཞིབ་གནང་སྐབས་ཕེབས་རོགས་ཞུས་པའམ་ཡང་ན་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད།

    ཧྲན་ཏུང་ཞིང་ཨུད་ཀྱི་རྒྱུན་ཨུ་རྒྱུན་ལས་ཧྲེང་ཀྲང་གཞོན་པ་ཝང་ཧྲུའུ་ཅན་དང་ཧྲན་ཏུང་ཞིང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་སུན་ལི་ཁྲེང་གིས་མཉམ་དུ་བརྟག་ཞིབ་གནང་ཞིང་།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲུང་ཆེ་ལིའུ་ཅང་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་གཞིས་རྩེ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཡན་ཆིང་གིས་ཕེབས་རོགས་ཞུས་པ་རེད།

    ཚེས་20ཉིན་གྱི་ཕྱི་དྲོ། ཧྲན་ཏུང་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པ་དང་བཅས་པ་གཞིས་རྩེ་གྲོང་ཁྱེར་དུ་འབྱོར་བ་དང་། ལིའུ་ཅ་དབྱིས་ཧྲན་ཏུང་གི་བོད་སྐྱོར་ལས་བྱེད་པར་བྱམས་བརྩེའི་ངང་འཚམས་འདྲི་གནང་བ་མ་ཟད། འགྲེམས་པང་ལ་གཟིགས་པ་དང་སྙན་སེང་གསན་ནས་ཧྲན་ཏུང་ཞིང་ཆེན་གྱི་ཁག་བརྒྱད་པའི་བོད་སྐྱོར་རྣམ་གྲངས་འཛུགས་སྐྲུན་དང་བོད་སྐྱོར་ལས་བྱེད་པའི་ལས་ཀའི་གནས་ཚུལ་ཤེས་རྟོགས་ཀྱང་གནང་བ་རེད། ལིའུ་ཅ་དབྱིས་ཧྲན་ཏུང་ཞིང་ཆེན་གྱི་ཁག་བརྒྱད་པའི་བོད་སྐྱོར་ལས་བྱེད་པའི་ཤེས་ལྡན་མི་སྣ་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་སེམས་ནུས་ཡོད་རྒུས་གཞོགས་འདེགས་དང་། ལེགས་སྐྱེས་འབུལ་ཕོད་པ། མཐུན་སྒྲིལ་དང་འགན་འཁྲི་འཁུར་བ་བཅས་བྱས་ཏེ་ལྷག་བསམ་རྣམ་དག་གིས་འགན་འཁྲི་དང་འོས་འགན་བསྒྲུབས་ཡོད། ཚང་མའི་འབད་བརྩོན་རེ་རེ་དང་ཕུལ་བའི་ལེགས་སྐྱེས་རེ་རེ་ཚང་མ་ཕ་ཡུལ་གྱིས་མི་དམངས་ཚོས་བརྗེད་མི་སྲིད། བོད་ནི་བོད་སྐྱོར་ལས་བྱེད་པའི་ཤེས་ལྡན་མི་སྣ་ཚང་མའི་ཁྱིམ་ཚང་རེད། ཚང་མས་བོད་ཀྱི་སྙིང་སྟོབས་ཡག་པོ་དང་། ཉམས་མྱོང་ཡག་པོ། བྱེད་ཐབས་ཡག་པོ་བཅས་ཕ་ཡུལ་དུ་འཁྱེར་བ་དང་ཆབས་ཅིག རྩིས་སྤྲོད་རྩིས་ལེན་ལས་དོན་ཡག་པོ་བསྒྲུབས་ནས་བོད་སྐྱོར་ལས་དོན་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་ཆེད་སྐུལ་འདེད་གཏོང་དགོས་ཞེས་བླང་བྱ་བཏོན་པ་རེད།

    ཝུའུ་དབྱིང་ཅེས་འདས་ཟིན་པའི་ལོ་གསུམ་རིང་། ཧྲན་ཏུང་ཞིང་ཆེན་གྱི་ཁག་བརྒྱད་པའི་བོད་སྐྱོར་ལས་བྱེད་པ་ཚོས་ཆབ་སྲིད་ལ་སྣང་ཆེན་དང་། སྤྱི་ཡོངས་ལ་ལྟ་རྟོག ལེགས་སྐྱེས་ལ་སྣང་ཆེན་བཅས་བྱས་ནས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང་“ལམ་གཉིས་ཀྱི་སྙིང་སྟོབས”ལག་ལེན་ཧུར་ཐག་བསྟར་པ་དང་འབྲེལ། རང་འགན་གཙང་སྒྲུབ་དང་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་ཏེ་བོད་འདི་ཉིད་ཕ་ཡུལ་གཉིས་པར་བརྩིས་ནས་ཧྲན་ཏུང་བུ་ཕྲུག་གི་བརྩེ་སེམས་ཟབ་མོ་མྱང་ཆུ་གཙང་འགྲམ་དང་གངས་ལྗོངས་ས་མཐོར་བཞག་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཁྱེད་ཚོ་ནམ་ཡང་བརྗེད་མི་སྲིད། ཁྱེད་ཚོ་ཧྲན་ཏུང་དུ་ཕྱིར་ལོག་བྱས་རྗེས་མུ་མཐུད་བོད་ལྗོངས་ལ་ཐུགས་ཁུར་དང་བོད་ལྗོངས་དྲིལ་བསྒྲགས་བྱས་ནས་བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་བྱ་གཞག་ཁག་ལ་ཐབས་དང་ཇུས་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    ཚེས་22ཉིན་གྱི་སྔ་དྲོ། ཧྲན་ཏུང་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་ཀྱི་ཁ་གཏད་རོགས་སྐྱོར་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་པ་རེད། ཀྲོང་ཡན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཝང་ཧྲུའུ་ཅན་གྱིས་ཧྲན་ཏུང་ཞིང་ཆེན་ཁ་གཏད་རོགས་སྐྱོར་ལས་དོན་གྱི་གནས་ཚུལ་ངོ་སྤྲོད་གནང་བ་དང་། ཀྲང་ཡན་ཆིང་གིས་བོད་ཀྱི་འཕེལ་རྒྱས་བརྟན་ལྷིང་དང་རོགས་སྐྱོར་ལས་དོན་གྱི་གནས་ཚུལ་ངོ་སྤྲོད་གནང་བ་རེད།

    ཝང་ཧྲུའུ་ཅན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དུས་ཡུན་རིང་པོའི་ནང་ཧྲན་ཏུང་གི་བོད་སྐྱོར་ལས་དོན་དང་བོད་སྐྱོར་ལས་བྱེད་པར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཞུས་ཤིང་། ཁོང་གིས་ང་ཚོས་ངེས་པར་དུ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས་ཁ་གཏད་བོད་སྐྱོར་གྱི་ཆབ་སྲིད་ཀྱི་འགན་འཁྲི་ཆེན་པོ་འཁུར་རྒྱུ་མ་ཟད། སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ལག་བསྟར་དོན་འཁྱོལ་བྱས་ནས་བོད་སྐྱོར་ལས་དོན་དེ་རང་འཁྲིའི་བྱ་བ་དང་འཁུར་འོས་པའི་འགན་འཁྲིར་བརྩིས་ནས་བོད་ཀྱི་འཛུགས་སྐྲུན་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་ཆེད་འབད་བརྩོན་ལྡབ་བརྒྱ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

    ཀྲོང་ཡན་གྱིས་ཧྲན་ཏུང་ནི་ཁ་གཏད་བོད་སྐྱོར་ལས་དོན་གྱི་མིག་དཔེ་དང་དཔེ་མཚོན་ཞིག་རེད། སྤྱི་ཕན་སྒྲིག་བཀོད་རྣམ་གྲངས་དང་། ཁྱད་ལྡན་ལེགས་ཆའི་ཐོན་ལས། སྣོད་བཅུད་ཁོར་ཡུག་རྣམ་གྲངས་བཅས་འབོར་ཆེན་བསྐྲུན་པ་དང་། ཆེད་ལས་ལག་རྩལ་གྱི་ཤེས་ལྡན་མི་སྣ་འབོར་ཆེན་ནང་འདྲེན་བྱས་པར་བརྟེན། བོད་སྐྱོར་ལས་དོན་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། ཧྲན་ཏུང་ཞིང་ཆེན་གྱིས་བོད་ཀྱི་འཕེལ་རྒྱས་ལ་སྔ་ཕྱི་བར་གསུམ་དུ་ཐུགས་ཁུར་རྒྱབ་སྐྱོར་གནང་རྒྱུ་དང་འབྲེལ། གཞིས་རྩེ་གྲོང་ཁྱེར་ལ་ཁ་གཏད་བོད་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་། ལྷག་པར་དུ་དབུལ་སྒྲོལ་འགག་སྒྲོལ་དང་། མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན། སློབ་གསོ་སྨན་བཅོས་བྱ་གཞག གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག ཁྱད་ལྡན་ལེགས་ཆའི་ཐོན་ལས་དང་ཞིང་འབྲོག་ལས་ཀྱི་ཆེད་ལས་མཉམ་ལས་རྩ་འཛུགས་སོགས་ལ་ནུས་ཤུགས་ཡོད་རྒུས་མཛུབ་ཁྲིད་དང་རྒྱབ་སྐྱོར་ཤུགས་ཆེན་བྱ་རྒྱུའི་རེ་བ་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་རང་ཉིད་ཀྱི་ལས་བྱེད་པར་ཐུགས་ཁུར་བྱེད་པ་བཞིན་ཧྲན་ཏུང་གི་བོད་སྐྱོར་ལས་བྱེད་པར་ཐུགས་ཁུར་བྱས་ཏེ་ཆབ་སྲིད་ཐད་ཡིད་ཆེས་གང་ལེགས་དང་། ལས་དོན་ཐད་རྒྱབ་སྐྱོར་ཤུགས་ཆེན། དོ་དམ་ཐད་བླང་བྱ་ནན་པོ་འདོན་པ། འཚོ་བའི་ཐད་སེམས་རྩ་འཁོལ་པོས་ཐུགས་ཁུར་བཅས་བྱས་ཏེ་ཁོང་ཚོར་ལས་དོན་དང་འཚོ་བའི་ཆ་རྐྱེན་བཟང་པོ་མུ་མཐུད་བསྐྲུན་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།