དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་མཛད་ཕྱོགས་སྲིད་ཇུས་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་ཀྲུང་དབྱང་གི་མི་རིཌ་ལས་དོན་ཚོཌ་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། མངའ་རིས་ས་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ས་ཁུལ་གཏོད་པའི་ལས་དོན་ལ་སྔར་བས་སྐུལ་འདེད་གཏོང་ཆེད། ཉེ་ཆར་མངའ་རིས་ས་ཁུལ་གྱིས“མི་རིགས་སྲིད་ཇུས་ཀྱི་བཅའ་ཁྲིམས་སྦྱངས་ནས་མཐུན་སྒྲིལ་གྱི་སྣེ་ཁྲིད་མཁན་བྱེད་པའི”མི་རིཌ་མཐུན་སྒྲིལ་གྱི་ཤེས་བྱའི་འགྲན་བསྡུར་བྱེད་སྒོ་སྤེལ་བ་རེད།
ད་ཐེངས་ཀྱི་ཤེས་བྱའི་འགྲན་བསྡུར་ནང་མངའ་རིས་ས་ཁུལ་གྱི་རྫོང་7གྱི་འཐུས་མི་རུ་ཁག་དང་མངའ་རིས་ས་ཁུལ་གྱི་མི་རིགས་མཐུན་སྒྲིལ་གཏོད་པའི་བྱེད་སྒོའི“སྐྱོད་པ་བརྒྱད”ཀྱི་སྣེ་ཁྲིད་ཚན་པ་སོགས་ཁྱོན་རུ་ཁག་14ཞུགས་ཡོད་པ་རེད། འགྲན་བསྡུར་ཛ་དྲག་སྤེལ་བ་བརྒྱུད། མཐར་སྤུ་ཧྲེང་རྫོང་གི་འཐུས་མི་རུ་ཁག་ལ་བྱ་དགའ་རིམ་པ་དང་པོ་ཐོབ་པ་དང་། “ལས་ཁུངས་སུ་སྐྱོད་པའི”འཐུས་མི་རུ་ཁག་ས་ཁུལ་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་ལ་བྱ་དགའ་རིམ་པ་གཉིས་པ་ཐོབ་པ། “དམག་སྒར་དུ་སྐྱོད་པའི”འཐུས་མི་རུ་ཁག་མངའ་རིས་ཡན་ལག་དམག་ཁུལ་ཁང་ལ་བྱ་དགའ་རིམ་པ་གསུམ་པ་བཅས་ཐོབ་པ་རེད།